མི་གཤིས་གསོ་སྦྱོང་འཛིན་གྲྭ་ངོ་སྤྲོད་རགས་བསྡུས།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 23 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྤྱི་ཚོགས་དང་སློབ་གླིང་། »མི་གཤིས་གསོ་སྦྱོང་འཛིན་གྲྭ་ངོ་སྤྲོད་རགས་བསྡུས།
མི་གཤིས་གསོ་སྦྱོང་འཛིན་གྲྭ་ངོ་སྤྲོད་རགས་བསྡུས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2015-07-13ལྟ་ཀློག (9223)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མི་གཤིས་གསོ་སྦྱོང་འཛིན་གྲྭ་ངོ་སྤྲོད་རགས་བསྡུས།

       མི་གཤིས་གསོ་སྦྱོང་འཛིན་གྲྭ་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་དྲུག་པའི་མཐར་ཕྱིན་སློབ་མ་འབུམ་རྩེ་ཡག་དང་སྐབས་བརྒྱད་པའི་མཐར་ཕྱིན་སློབ་མ་འབྲུག་ལྷ་རྒྱལ་གཉིས་ཀྱིས་༢༠༠༩ལོར་ཕ་ཡུལ་གྱི་སློབ་ཆེན་སློབ་མ་སྐོར་ཞིག་དང་གྲོས་མོལ་བྱས་པ་བརྒྱུད་ནས་གསར་དུ་བཙུགས་པ་ཡིན་ལ།  གཙོ་བོ་ད་ལྟའི་དུས་རབས་འདིའི་ཕ་ཡུལ་གྱི་ན་གཞོན་རྣམས་ཀྱི་བསམ་བློ་དང་མི་གཤིས་ཀྱི་ཕྱོགས་ནས་ལེགས་བཅོས་བྱ་རྒྱུ་དེ་ཡིན། རང་ཅག་གི་དགེ་བའི་བཤེས་གཉེན་རིན་པོ་ཆེ་དགེན་ཚུལ་ཁྲིམས་ལགས་ཀྱི་ཞལ་སྔ་ནས་མཛེས་སྡུག་གི་ཡང་རྩེ་ནི་ནང་སེམས་རྒྱུད་ཀྱི་མཛེས་པ་ཡིན་ཞེས་པ་འཛིན་གྲྭ་འདི་བསྒྲུབ་པའི་དགོངས་དོན་ཉག་གཅིག་ཏུ་བཟུང་ཡོད།  འཛིན་གྲྭ་འདི་ལོ་རེ་རེའི་ལོ་མཇུག་ཏུ་འཚོགས་པ་ཡིན་ལ། འདས་པའི་ལོ་ཤས་རིང་མང་རྫོང་ས་ཁུལ་གྱི་སློབ་གསོ་བ་དང་དགེ་རྒན་སོགས་གདན་དྲངས་ནས་མི་གཤིས་བཟང་བོ་མཁོ་ཚུལ་གྱི་འཆད་ཁྲིད་རབས་དང་རིམ་པ་བསྡུས་ཤིང་། ༢༠༡༣ལོ་ནས་ཚོ་བ་རེ་ནས་མི་བཅུ་རེ་བདམས་ཏེ་ཚོ་བ་སོ་སོར་འགྲན་བསྡུར་བྱེད་དུ་བཅུག ལོ་གཅིག་ལ་ན་གཞོན་༡༢༠ལྷག་འགྲན་བསྡུར་ལ་ཞུགས་ཤིང་།  འགྲན་བསྡུར་གྱི་ནང་དོན་ནི། སྐྱེས་པ་ལ།   སྐྱབས་འགྲོ། མདོ་གདུགས་སྒྲོལ་གསུམ། བསང་མཆོད། མག་སྐག ཕ་སྐད་རྒྱུད་འཛིན་བཅས་དང་།   སྐྱེས་མ་ལ།  སྐྱབས་འགྲོ། བཟང་སྤྱོད། སྒྲོལ་མ། བག་རེས། ཕ་སྐད་རྒྱུད་འཛིན་བཅས་ཀྱི་ནང་དོན་བློ་རྒྱུགས་བླངས་ཏེ་བྱ་དགའ་བྱིན་པ་ཡིན།

བློ་གསར་ཟབ་སྦྱོང་འཛིན་གྲྭ་ངོ་སྤྲོད་རགས་བསྡུས།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་དྲུག་པའི་མཐར་ཕྱིན་སློབ་མ་འབུམ་རྩེ་ཡག་གིས་༢༠༡༠ལོར་གསར་དུ་བསྒྲུབས་ཤིང་། 
    
མང་རྫོང་སུམ་མདོ་ས་ཁུལ་གྱི་འབྲོག་སྡེའི་བྱིས་པ་རྣམས་ཀྱིས་དབྱར་དགུན་གནང་གི་དུས་ཚོད་མང་བོ་འཕྲོ་བརླག་ཏུ་གཏོང་བཞིན་པ་དང་།  ཁྱིམ་བདག་གི་སློབ་གསོའི་འདུ་ཤེས་ཞན་པ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་ཕ་ཡུལ་མི་དམངས་ལ་ཞབས་འདེགས་ཀྱི་ཚུལ་དུ་ལོ་རེ་རེའི་དབྱར་དགུན་གནང་གི་སྐབས་སུ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་མ་སྐོར་ཞིག་གདན་འདྲེན་བྱས་ཏེ་ལོ་རིམ་དང་བོ་ནས་དམའ་གསུམ་བར་གྱི་སློབ་མར་བོད་རྒྱ་དབྱིན་གསུམ་གཙོ་བྱས་ནས་ཟབ་ཁྲིད་བྱེད་བཞིན་ཡོད། དེའི་ཞོར་ནས་ཟབ་སྦྱོང་ལ་ཞུགས་པའི་སློབ་མར་ཕ་སྐད་རྒྱུད་འཛིན་གྱི་བསམ་བློའི་འདུ་ཤེས་མཐོར་འདེགས་གཏོང་བ་དང་།  སློབ་གྲྭའི་སྒྲིག་ལམ་དང་སློབ་མའི་ཀུན་སྤྱོད་སོགས་མ་ཡུམ་སློབ་གླིང་གི་སྲོལ་བཟང་དང་བསྟུན་ཅི་ཐུབ་བྱེད་ཀྱིན་ཡོད།  སློབ་མར་དཔེ་རིན་མ་གཏོགས་སློབ་ཡོན་སོགས་ཅི་ཡང་མི་དགོས་ལ།  འཛིན་གྲྭ
འི་འགྲོ་སོང་ནི་གཞན་ལ་སློང་མོ་དང་མང་ཚོགས་ཀྱི་རོགས་རམ་ལ་བརྟེན་ནས་ཡོང་བ་ཡིན།  ཉེ་བའི་ལོ་འདི་འགའི་རིང་ལ་ཕ་ཡུལ་མི་དམངས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པར་མ་ཟད།   སྔ་གཞུག་ཏུ་སློབ་མ་༥༤༠ལྷག་འཛིན་གྲྭ་འདིས་བསྐྱེད་བསྲིང་བྱས།

 

བློ་གསར་ཟབ་སྦྱོང་སློབ་གྲྭ་དང་མི་གཤིས་གསོ་སྦྱོང་འཛིན་གྲྭ་གཙོ་སྒྲུབ་གནང་མཁན་བན་ཤུལ་འབུམ་རྩེ་ཡག


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། qnft བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5794274
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号