འོད་འབར་རྨོངས་སེལ་ཚོགས་པ།
གངས་ལྗོངས་འོད་འབར་རྨོངས་སེལ་ཚོགས་པའམ་དམངས་ཁྲོད་རིག་གནས་ཀུན་ཕན་ཞབས་ཞུ་ཚོགས་པ་ནི་སྤྱི་ལོ་༢༠༠༥-༥-༡༥ཉིན་དངོས་སུ་བཙུགས་པའི་ཚོགས་པ་ཞིག་ཡིན་ལ། ཚོགས་པ་འདི་ལ་འོད་འབར་རིག་རྩལ་ཚན་ཆུང་དང་། འོད་འབར་ཁོར་ཡུག་དོ་དམ་ཚན་ཆུང་། འོད་འབར་རྩོམ་སྒྲིག་ཁང་བཅས་གསུམ་དུ་བགོས་ཡོད་ཅིང་། ཚོགས་པ་འདིའི་བསྒྲུབ་བྱ་གཙོ་བོ་ནི་འདས་པའི་ལོ་འདི་དག་གི་རིང་ལ་ཚོགས་མི་དག་གིས་ཟླ་ཕོགས་སྐར་གང་མེད་པར་ཞིང་འབྲོག་ཡིག་རྨོངས་པ་༣༡༡༣ལ་རྨོངས་སེལ་བྱས་པ་དང་། ས་གནས་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་ཇེ་མཐོར་གཏོང་ཆེད་། སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་གཙོས་བོད་ཀྱི་སློབ་གསོ་བ་མང་པོ་གདན་འདྲེན་ཞུས་ཏེ་སློབ་གསོའི་བགྲོ་གླེང་ཐེངས་དགུ་ལ་བསྡུས་པ་དང་བོད་ཀྱི་དམངས་ཁྲོད་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་གཏོང་ཕྱིར་ས་གནས་ལོ་གསར་སྤྲོ་ཚོགས་ཐེངས་དགུ་ལ་བསྡུས།
ལྷག་པར་དུ་མཚོ་སྔོན་རླུང་འཕྲིན་ལས་ཁུངས་དང་མཉམ་འབྲེལ་སྒོས་བསྒྲུབས་པའི་གནའ་གཞས་ཐོས་པ་ཀུན་དགའི་འགྲན་ཚོགས་ལ་རྒྱ་ཆེའི་ཉན་མཁན་དང་ལྟ་མཁན་མང་པོས་དགའ་བསུ་ཆེན་པོ་ཐོབ། དེ་བས་གནའ་གཞས་ཐོས་པ་ཀུན་དགའ་ཞེས་པའི་སྤྲོ་ཚོགས་ཤིག་ལོ་རེར་ཆད་མེད་དུ་བསྡུ་བཞིན་ཡོད། ད་དུང་བོད་ཀྱི་རྩོམ་རིག་ལ་ཞིང་ས་གཤིན་པོ་ཞིག་བསྐྲུན་ཆེད། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གདན་ཞུས་རྩོམ་སྒྲིག་པ་གནང་སྟེ། འོད་འབར་དུས་དེབ་ལོ་རེར་ཆད་མེད་དུ་པར་སྐྲུན་བྱེད་བཞིན་ཡོད། ཁོར་ཡུག་གཙང་སྤྲ་དང་དབུལ་སྐྱོར་ཁྱིམ་ཚང་ད་དུང་དབུལ་སྐྱོར་སློབ་མ་སོགས་ལ་རོགས་རམ་གྱི་བྱ་འགུལ་མང་པོ་སྤེལ་དང་སྤེལ་བཞིན་ཡོད།
ཆེད་མཁས་སྨན་པ་དང་བླངས་པ་མང་པོ་གདན་དྲངས་ནས་ཨེ་ཛི་ནད་རིགས་སྔོན་འགོག་དྲིལ་བསྒྲགས་ཀྱི་བྱ་འགུལ་ས་གནས་སོ་སོ་ནས་ཐེངས་གང་མང་བསྡུས། མདོར་ན་མི་ལོ་འདི་དག་གི་རིང་ལ་ཚོགས་མི་སུམ་ཅུ་ལྷག་གི་དཀའ་སྡུག་གི་འབད་འབུངས་ལ་བརྟེན་ནས་ཚོགས་པ་འདི་ལ་གོང་རིམ་སྡེ་ཁག་གིས་ཚད་ལྡན་གྱི་དཔང་ཡིག་སྤྲད་པ་དང་། གཞུང་ལས་ཁང་མཁོ་ཆས་དང་བཅས་པ་ལེགས་འགྲུབ་བྱུང་སྟེ་ད་ལྟ་སྔོན་ཐོན་རང་བཞིན་གྱི་ལས་ཁུངས་ཤིག་ཏུ་གྲུབ་ཡོད་ལ། ཞབས་ཞུ་རང་བཞིན་གྱི་བྱ་བཞག་འདི་མུ་མཐུད་དུ་གཉེར་བཞིན་ཡོད། མཐར་གངས་ལྗོངས་འོད་འབར་རྨོངས་སེལ་ཚོགས་པའམ་དམངས་ཁྲོད་རིག་གནས་ཀུན་ཕན་ཞབས་ཞུ་ཚོགས་པའི་མ་འོངས་པའི་མདུན་ལམ་སྔར་ལས་ཡངས་ཤིང་འཕེལ་རྒྱས་འབྱུང་བ་དང་རི་ཁ་བ་ཅན་གྱི་སྐྱེ་འགྲོ་ཀུན་གྱི་བསམ་པ་ཆོས་བཞིན་འགྲུབ་པའི་སྨོན་འདུན་ཞུ། བཀྲ་ཤིས་བདེ་ལེགས།
ས་གནས་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་ཇེ་མཐོར་གཏོང་ཆེད་། སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་གཙོས་བོད་ཀྱི་སློབ་གསོ་བ་མང་པོ་གདན་འདྲེན་ཞུས་ཏེ་སློབ་གསོའི་བགྲོ་གླེང་ཚོགས་འདུ་བསྡུས་པ།
|