སྡེབ་སྦྱོར་གྱི་སྐོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 23 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཐོན་མི་གླིང་།» དཔེ་མཛོད་ཁང་། »སྡེབ་སྦྱོར་གྱི་སྐོར།
སྡེབ་སྦྱོར་གྱི་སྐོར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2015-07-13ལྟ་ཀློག (13298)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་།


སྒྲ་སྒྱུར་གཙུག་ལག་གླིང་གི་ངོ་སྤྲོད་མདོར་བསྡུས།

སྤྱིའི་དཔེ་མཛོད་ཁང་གི་ངོ་བོ་དང་རང་རེའི་དཔེ་མཛོད་ཁང་གི་གནས་ཚུལ་མདོར་བསྡུས་ཤིག་ཞུ།

དཔེ་མཛོད་ཁང་ནི་ཆེད་དུ་ཡིག་ཆ་སྣ་ཚོགས་བསྡུ་གསོག་དང་ལེགས་བསྒྲིགས། ཉར་ཚགས་བྱས་སྟེ་ཚད་ལྡན་ཡིག་ཆ་འགྲེམ་སྤེལ་བྱེད་པར་མཁོ་སྤྲོད་དང་བེད་སྤྱོད་བྱེད་པའི་ཚན་རིག་དང་རིག་གནས། སློབ་གསོ་དང་ཚན་རིག་ཞིབ་དཔྱོད་བཅས་ཀྱི་སྡེ་ཚན་ཞིག་ཡིན། ཚད་ལྡན་ཡིག་ཆ་ནི་དཔེ་མཛོད་ཁང་གི་ལས་གཞི་ཡོད་ཚད་ཀྱི་དངོས་པོའི་རྨང་གཞི་རེད། དཔེ་མཛོད་ཁང་གི་ཕན་པའམ་ཡང་ན་དཔེ་མཛོད་ཁང་གི་སྤྱི་ཚོགས་ལས་ནུས་ཡང་ཟེར་། དེ་ནི་སྤྱིའི་ལོ་༡༩༧༥་ལོ་རྒྱལ་སྤྱི་དཔེ་མཛོད་མཉམ་འབྲེལ་གྱིས་ཧྥ་རན་སིའི་ལེ་ཨང་ནས་ཚོགས་པའི་དཔེ་མཛོད་ཁང་གི་སྤྱི་ཚོགས་ལས་ནུས་སྐོར་གྱི་ཚན་རིག་བགྲོ་གླེང་གི་སྟེང་ཚང་མས་གཙོ་བོ་ལྔར་དངོས་འཛིན་བྱས་ཡོད་པ།

༡༽   མིའི་རིགས་ཀྱི་རིག་གནས་ཤུལ་བཞག་ཉར་ཚགས་བྱེད་པའི་སྐོར།

༢༽  སྤྱི་ཚོགས་སློབ་གསོ་དར་སྤེལ་དུ་གཏོང་བའི་སྐོར།

༣༽   ཚན་རིག་གནས་ཚུལ་བརྒྱུད་སྤྲོད་བྱེད་པའི་སྐོར།

༤༽།  རིག་པའི་ཐོན་ཁུངས་གསར་གཏོད་ཀྱི་སྐོར།

༥༽ རིག་གནས་རོལ་རྩེད་མཁོ་སྤྲོད་ཀྱི་སྐོར།

བཅས་དོན་ཚན་འདི་དག་སྤྱིའི་དཔེ་མཛོད་ཁང་ཡོངས་ཀྱིས་རྨང་གཞིར་བཟུང་ཡོད། རང་རེའི་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་སྒྲ་སྒྱུར་གཙུག་ལག་གླིང་གི་ལས་ཀའང་རྨང་གཞི་འདི་དག་གཞི་བཟུང་སྟེ་བོད་ཀྱི་སློབ་གསོ་བ་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གིས་ཐུགས་བསྐྱེད་དང་དཀའ་ལས་ལ་བསྟེན་ནས་བཙུགས་ཤིང་ཁ་ཕྱོགས་གཉིས་གཙོ་བོར་བཟུང་ཡོད། དང་བོ་རང་རེའི་དཔེ་མཛོད་འདི་སློབ་གྲྭའི་དགེ་སློབ་སྟོང་ཕྲག་ལྷག་ལ་དམིགས་པ་ཙམ་མ་ཡིན་པར་ཡུལ་ཕྱོགས་འདིའི་སྒར་གྲོང་སྤྱི་ལ་དམིགས་ཏེ།རང་རྒྱུད་ཀྱི་རིག་གནས་ཡོན་ཏན་གོང་འཕེལ་དུ་གཏོང་རྒྱུ། གཉིས་པ་དཔེ་དེབ་གང་མང་སྡུར་གསོག་བྱས་ཏེ་རིག་གཞུང་ཞིབ་འཇུག་ལ་ཕན་པའི་ཚད་ལྡན་ཡིག་ཆ་མཁོ་སྤྲོད་ཐུབ་པའི་གསགས་མཛོད་ཁང་ལྟ་བུ་ཞིག་སྒྲུབ་རྒྱུ་དེ་ཡིན། དཔེ་མཛོད་ཁང་འདིའི་སྟེང་དཔལ་འབྱོར་གྱི་རོགས་རམས་ཐད་ལ། སྤྲུལ་སྐུ་ཨ་ལགས་རྒྱ་མཚོ་སོགས་ཀྱི་ཐེབས་རྩ་ཚོགས་པ་འགས་སྒོར་ཁྲི་བརྒྱ་དང་དགུ་ཅུ་ལྷག་དཔེ་མཛོད་གསར་སྐྲུན་བྱེད་པར་རོགས་རམ་གནང་བར་བསྟེན་ནས། གླིང་སྟོད་མཁས་པའི་འབྱུང་གནས་ཀྱི་དཀྱིལ་སྙིང་དུ་མཐོ་ཤིང་བརྗིད་པའི་ཐོག་བརྩེགས་གཉིས་ཅན་གྱི་དཔེ་མཛོད་ཁང་འདི་བཞེངས། དཔེ་མཛོད་འདིའི་འོག་མའི་རྒྱ་ཁྱོན་ལ་རྨིའུ་གྲུ་བཞི་མ༦༡༦དང་སྟེང་ལ་༢༡༣་༩༦ཡོད། དཀྱིལ་དུ་སློབ་མའི་དཔེ་བཀློག་བྱེད་ས་རྨིའུ་གྲུ་བཞི་མ་༡༩༦་༤༦་བཅས་ཡོད།   ཐོག་ཁང་དུ་དབུ་བཞུགས་ལྷན་ཚོགས་ཀྱི་གཞུང་ལས་ཁང་དང་དེ་མིན་གཞན་གཞུང་ལས་ཁང་གཅིག      དགེ་རྒན་དག་གིས་དཔེ་བཀློག་གནང་ཡུལ་དང་། བརྙན་འཕྲིན་དང་དཔེ་གཟིགས་གནང་ས།   སློབ་མས་གློག་རྡུལ་དཔེ་དེབ་དང་བརྙན་འཕྲིན་དཔེ་དེབ་ལ་གཟིགས་ས། བོད་རང་གི་གོམ་སྲོལ་ལྟར་དཀྱིལ་གྲུང་ངང་བཞུགས་ཏེ་དཔེ་དེབ་ཀློག་ས་བཅས་བཀོད་བསྒྲིགས་བྱས་ཡོད། འོག་ཏུ་དེབ་ཀློག་མཁན་ཚོར་སྟབས་བདེ་ཕྱིར་བཏུང་བྱའི་རིགས་འཚོང་སའི་སྟེགས་བུ་ཆུང་ངུ་ཞིག་དང་དཔེ་མཛོད་ཁང་གི་གཞུང་ལས་ཁང་།   མཛོད་ཁང་ཆེ་ཆུང་གཉིས་བཅས་ཡོད།   དཔེ་དེབ་ལ་ཡིག་རིགས་ཀྱི་སྒོ་ནས་དབྱེ་ན་བོད་རྒྱ་དབྱིན་གསུམ་གཙོ་བོས་ཡིག་རིགས་མ་འདྲ་བ་བཅུ་ཙམ་བཞུགས། བོད་ཡིག་གི་དེབ་གྲངས་༨༣༦༡ལྷག་བཞུགས་ཡོད།  དེའི་ཁྲོད་དུ་སྣ་རིང་དཔེ་དེབ་བོད་༧༣༠་ཡོད།རྒྱ་ཡིག་དང་དབྱིན་ཡིག་དེབ་གྲངས་༡༢༡༧༦་ཡོད་ལ་དེ་ཁྲོད་དུ་དུས་དེབ་ཀྱི་གྲངས་ཀ་བཞག་མེད། དཔེ་དེབ་བགོད་སྟེངས་ནི་རྒྱ་ཡིག་རྒྱལ་ཡོངས་གཅིག་གྱུར་གྱི་བགོད་སྟངས་དེ་ཡིན་ལ་གཙོ་ཆེས་ཉེར་གཉིས་སུ་དབྱེ་ཡོད། དེ་ལའང་ནང་གསེས་གང་མང་ཡོད། གསལ་བོ་ཤེས་འདོད་ན་དཔེ་མཛོད་དོ་དམ་དང་དཔེ་དེབ་དབྱེ་སྟེངས་སོགས་ཀྱི་དེབ་ལ་གཟིགས་པར་འཚལ། དབྱིན་ཡིག་གི་ཁོངས་སུ་བོད་རྒྱ་ཡིག་གཉིས་མ་ཡིན་པ་ཚང་མ་དེར་འདུས་ཡོད། བོད་ཡིག་དབྱེ་སྟངས་ནི་བོད་རང་གི་མཐུན་མིན་གྱི་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་ངང་བསྒྲིགས་ཡོད།དཔེ་དེབ་བཞུགས་སྟངས་ནི་ཐོག་ཁང་ཏུ་བོད་ཡིག་གཙོ་བོ་བསྒྲིགས་ཡོད་ལ། འོག་ཏུ་རྒྱ་ཡིག་དང་སྐད་ཡིག་གཞན་དག་གཙོ་བོ་བྱས་ནས་བསྒྲིགས་ཡོད།  དེ་བཞིན་དཔེ་མཛོད་ཁང་འདི་ལ་ཐུགས་ཁུར་དང་རྒྱབ་སྐྱོར་རོགས་རམས་གནང་མཁན་ཡང་གང་མང་ཡོད་པའི་རེ་རེ་བཀློག་མི་དགོས་པར་དཔེ་མཚོན་ཙམ་བཀོད་ན།  ༢༠༡༥ལོའི་ཟླ་༧པའི་ནང་པེ་ཅེན་གྱི་ལྕམ་ཀྲོའོ་ཙེའུ་ཅེན་ལགས(赵梓君女士)་ཀྱིས་སྦྱིན་བདག་གནང་ནས་ནང་གི་དཔེ་སྒྲོམ་ཆེ་ཆུང་བསྡོམས་པའི་བརྒྱ་དང་བཅོ་བརྒྱད་(༡༡༨)་གྱིས་རོགས་རམ་གནང་།  ༢༠༡༥ལོའི་སྤྱི་ཟླ་༡༢པའི་ཚེས་ཉི་ཤུ་ཉིན། མགོ་ལོག་ཁུལ་དཔེ་མཛོད་ཁང་གི་དཔེ་མཛོད་དང་སློབ་གྲྭ་མཉམ་འཛུགས་ཞེས་པའི་བྱ་འགུལ་གྱི་ཁྲོད་སྐོར་བསྐྱོད་དཔེ་ཁང་གི་སྒོ་བྱང་བཀལ་ཏེ་བརྙན་འཕྲིན་འཁོར་སྐར་དཔེ་ཁང་སྡུད་ལེན་འཕྲུལ་ཆས་ཆ་ཚང་གཉིས་དང་དཔེ་དེབ་༤༢༠རོགས་བྱས། ལོ་རེ་བཞིན་ཡར་རྒྱས་གཏོང་བའི་ལས་གཞི་སྤེལ།  པེ་ཅིང་བེ་ལན་ཐེབས་རྩ་ཚོགས་པ་ནས་མ་རྩ་སྒོར་༤༤༠༩༢༤ལྷག་གི་དཔེ་དེབ་སྟེགས་སྒྲོན་༣༠༠ཞལ་འདེབས་གནང་།  པེ་ཅིང་མི་རིགས་དཔེ་སྐྲུན་ཁང་རྒྱ་བོད་ཀྱི་དཔེ་དེབ་རྩ་ཆེན་༢༠༠༠ལྷག་ཞལ་འདེབས་དང་། རྔ་བ་ཁུལ་རྩོམ་སྒྱུར་ཁང་བོད་ཡིག་དཔེ་དེབ་༦༢༠ལྷག་ཞལ་འདེབས་སུ་གནང་། དཔེ་དེབ་ཞལ་འདེབས་མིང་རེ་རེར་བརྗོད་ན་མང་དྲག་པས་རེ་རེར་འབྲི་མ་དགོས་པར་བྱས།  སློབ་གྲྭའི་དབུ་འཛིན་མཆོག་གིས་ཐུགས་དགོང་ལྟར་དཔེ་མཛོད་སྒྲིག་གཞི་དང་ལས་བྱེད་མི་སྣ། དུས་ཚོད་རེའུ་མིག་སོགས་གཏན་འབེབས་བྱས་ཏེ་འཐུས་སྒོ་ཇེ་ཚང་དུ་བཏང་ཏེ་དཔེ་བཀློག་བྱ་མཁན་སུ་ཡིན་ཡང་དུས་ཚོད་གཏན་འཁེལ་ལྟར་ཡོང་ཕེབས་ཆོག་པ་དང་དཔེ་མཛོད་ཁང་གི་འགྲོ་བཏང་དང་རྒྱུན་ཤེས་ངེས་པའི་ཕྱིར་ཉིན་རེར་སློབ་མ་བཞི་ནས་ལྔ་དཔེ་མཛོད་ཁང་ལས་རེས་སུ་བཀོད་བསྒྲིགས་བྱས་ཡོད།  དཔེ་མཛོད་སྒོ་ཕྱེ་ནས་དུས་ཡུན་ཐུང་ཐུང་ནང་དཔེ་བཀློག་དང་དཔེ་བཀློག་གི་ཚོར་སྣང་སོགས་ཀྱི་བྱ་འགུལ་སྤེལ་ཏེ་དགེ་སློབ་ཡོངས་དཔེ་བཀློག་ལ་དོ་སྣང་དང་སྤྲོ་སྣང་ཆེ་རུ་ཕྱིན་པ་མ་ཟད་གཟའ་ཉི་མའི་ཉིན་སློབ་མ་རྣམས་སྲང་ལ་འཁྱམས་མྱུལ་བྱེད་པའི་གོམས་གཤིས་ངན་པ་དེ་ཡང་ཉུང་དུ་སོང་ནས་བཟང་ཕྱོགས་སུ་བསྒྱུར་ཡོད།  རྗེས་སུ་ཡར་རྒྱས་གཏོང་ཕྱོགས་དང་ཉམས་མྱོང་སྡུད་ལེན་བྱས་ཏེ་ཕྱོགས་གང་འཐད་ནས་ཡར་རྒྱས་གཏོང་རྒྱུའི་རེ་བ་བཅིངས་ཡོད།   མཐར་དཔེ་མཛོད་ཁང་འདི་ལ་རོགས་རམ་དང་རྒྱབ་སྐྱོར། ཞལ་འདེབས་གནང་མཁན་ཚང་མ་ལ་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་ཆབས་ཅིག་མུ་མཐུད་དུ་རོགས་རམ་དང་རྒྱབ་སྐྱོར་གནང་བར་རེ་བ་ཡང་ཡང་ཞུ། བཀྲ་ཤིས་བདེ་ལེགས།སྒྲ་སྒྱུར་གཙུག་ལག་གླིང་ནས།   ༢༠༡༦ལོའི་སྤྱིའི་ཟླ་༩པའི་ཚེས་༡༥ཉིན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། vsky བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23521730
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།