པདྨ་དཀར་བོའི་བྱ་དགའ་ཚོགས་པ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 18 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» ཡན་ལག་སློབ་གྲྭ་དང་ཚོགས་པ། »པདྨ་དཀར་བོའི་བྱ་དགའ་ཚོགས་པ།
པདྨ་དཀར་བོའི་བྱ་དགའ་ཚོགས་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-07-11ལྟ་ཀློག (6922)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།གངས་ལྗོངས་པད་དཀར་བྱ་དགའ་ཚོགས་པ་ངོ་སྤྲོད་མདོར་བསྡུས།

    ༡ ཚོགས་པ་ངོ་སྤྲོད།  ཚོགས་པ་འདི་ནི་སྤྱི་ལོ་ཉིས་སྟོང་གསུམ་ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་བན་ཤུལ་འཇམས་དབྱངས་ཀྱིས་རྩ་འཛུགས་བྱས་ཤིང་ཉིས་སྟོང་ལྔ་ལོར་ས་གནས་ཡུལ་ཚོ་སྲིད་གཞུང་དང་རྫོང་མི་དམངས་སྲིད་གཞུང་སོགས་འབྲེལ་ཡོད་ལས་ཁུངས་དག་གིས་ཡིད་འཐད་ཆོག་མཆན་ཐོབ་པའི་དམངས་ཁྲོད་ཀྱི་སྒེར་གཉེར་ཚོགས་པ་ཞིག་ཡིན།

   ༢ ཚོགས་པའི་དམིགས་ཡུལ།     འཛམ་གླིང་ཞི་བདེ་དང་སྤྱི་ཚོགས་འཕེལ་རྒྱས།   ཡ་རབས་སྤྱོད་བཟང་གི་མི་གཤིས་བཟང་བོ་གསོ་སྐྱོང་།  རླབས་ཆེན་ཤེས་ལྡན་གྱི་མི་སྣ་སྐྱེད་བསྲིངས་བྱ་རྒྱུ་བཅས་ལ་དམིགས་ཏེ་ཆེད་དུ་རང་འཐད་ངང་རྩ་འཛུགས་བྱས་པ་ཡིན།  ཚོགས་པ་འདིའང་མི་ཁ་ཤས་ཀྱིས་གང་དྲན་དྲན་དུ་རྩ་འཛུགས་བྱས་པ་མ་ཡིན་པར།  རང་རེའི་མི་རིགས་ལ་ཁ་ཞེ་གཉིས་མེད་ཀྱིས་ལྷག་བསམ་དཀར་ཞིང་མཛད་རྗེས་མཐོ་བའི་མཁས་དབང་དམ་པ་ཨ་ལགས་དོར་ཞི་ཚང་དང་།   རྭ་རྒྱ་འཇིགས་མེད་རྒྱལ་མཚན། བཛ་ཚུལ་ཁྲིམས་རྒྱ་མཚོ།     ལྡོང་ཡོན་ཏན་རྒྱ་མཚོ།      རྒན་གཅོད་པ་ཚེ་རིང་སོགས་དང་མདོ་སྨད་ཀླུ་ཚང་དགོན་ཆེན་གྱི་༧རྙེ་མཆོག་སྤྲུལ་རིན་པོ་ཆེ་ཚང་དང་ཨ་ལགས་ཀླུ་རྩེ་ཚང་།  རྒན་རྒྱ་གྲོལ་ཚང་སོགས་རླབས་ཆེན་གྱི་ཤེས་ལྡན་མི་སྣ་ཁག་དང་།  རང་སྡེ་བན་ཤུལ་དགོན་པའི་བླ་གྲྭ་ཡོངས།   བན་ཤུལ་སྡེ་བའི་སྡེ་གཙོ་ཐུགས་རྗེ་རྒྱལ།  སྡེ་དཔོན་ཨོ་རྒྱལ་སོགས་ཀྱི་མཛུབ་སྟོན་འོག་རྩ་འཛུགས་བྱས་པ་ཞིག་ཡིན།

 ༣ ཚོགས་པའི་བྱ་འགུལ་ངོ་སྤྲོད། ཚོགས་པ་འདི་ཉིས་སྟོང་གསུམ་ལོར་རྩ་འཛུགས་བྱས་པ་ནས་ད་ལྟའི་བར་དགོན་སྡེ་དང་།  སློབ་གྲྭ་ཆུང་འབྲིང་། གཞི་རིམ་མང་ཚོགས་ཀྱི་ཁྲོད་དུ་སོང་ནས་བྱ་འགུལ་རབས་དང་རིམ་པ་མང་བོ་སྤེལ་ཏེ་སྤྱི་ཚོགས་ཁྲོད་མི་བཟང་དོན་བཟང་གི་ལས་དོན་སྒྲུབ་མཁན་གྱི་དགེ་རྒན་དང་སློབ་མ།    ལས་བྱེད་གྲྭ་བཙུན་སོགས་ལ་བྱ་དགའ་གནང་སྟེ་འཆམ་མཐུན་སྤྱི་ཚོགས་དང་མི་རིགས་མཐུན་སྒྲིལ།  སློབ་གསོའི་ནུས་པ་གོང་འཕེལ་བཅས་ཀྱི་ཕྱོགས་སུ་སྐུལ་འདེད་བྱས་པ་ཡིན།

 ༤ བྱ་དགའ་གནང་ཡུལ་གྱི་ས་གནས།  ཉིས་སྟོང་གསུམ་ལོ་ནས་བཟུང་ད་ལྟའི་བར་མཚོ་ལྷོ་ཁུལ་མངའ་ཁོངས་ཀྱི་བན་ཤུལ་དགོན།  བན་ཤུལ་སློབ་གྲྭ  བན་ཤུལ་སྡེ་བ །   ཁ་རྒྱ་སྡེ་བ་དང་སློབ་གྲྭ   ཁ་རྒྱ་དགོན་པ།   མང་རྫོང་སུམ་མདོ་སློབ་གྲྭ   མང་རྫོང་མགོ་མང་སློབ་གྲྭ   སྨྲ་ཁམས་དགོན་པ།   མང་རྫོང་མི་རིགས་སློབ་འབྲིང་།    གུང་ཧོ་རྫོང་ཐར་ཤུལ་སྡེ་བ། འབའ་རྫོང་ཞོལ་མ་ཡུལ་ཚོ།  རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རོང་བོ་སྡེ་བ།     རྨ་ལྷོ་རྫོང་མི་རིགས་སློབ་འབྲིང་།    མཚོ་ཤར་ཁུལ་བ་ཡན་རྫོང་མུན་སེལ་སྣང་བྱིན་སློབ་གྲྭ་དང་བིས་མདོ་བོད་ཡིག་སློབ་འབྲིང་སོགས་ས་གནས་འདྲ་མིན་དུ་མར་སྔ་ཕྱིར་བྱ་འགུལ་ཐེངས་བརྒྱད་ཅུ་ལྷག་སྤེལ་མྱོང་བ་མ་ཟད་དམངས་སྒོར་བཞི་ཁྲི་བདུན་སྟོང་དྲུག་བརྒྱ་ལྷག་བཏང་སྟེ་མི་གྲངས་ཆིག་སྟོང་ཉིས་བརྒྱ་ལྔ་བཅུ་ལྷག་ལ་བྱ་དགའ་གནང་སྟེ་སྐུལ་འདེད་བྱས་མྱོང་།

 ༥ གནང་སྤྱིན་དང་རོགས་སྐྱོར།  ཉིས་སྟོང་གསུམ་ལོ་ནས་ད་ལྟའི་བར་མཚོ་ལྷོ་ཁུལ་དང་རྨ་ལྷོ་ཁུལ།  མཚོ་ཤར་ཁུལ་སོགས་ས་གནས་དུ་མར་དཀའ་ཁག་ཅན་གྱི་སློབ་ཆེན་སློབ་མ་བདུན་དང་།  དྭ་ཕྲུག་སློབ་མ་དྲུག    ནད་པ་ཉམ་ཐག་གཉིས།     དབུལ་ཕོངས་ཁྱིམ་ཚང་བཅུ་གཉིས་བཅས་ལ་སྔ་ཕྱིར་དམངས་སྒོར་༤༠༢༠༠ལྷག་གིས་རོགས་སྐྱོར་ཞལ་འདེབས་ཕུལ།

༦ ཚེ་སྲོག་སྲུང་སྐྱོབ་དང་དགེ་སྒྲུབ་སྐོར།  ཉིས་སྟོང་ལྔ་ལོ་ནས་བཟུང་ད་ལྟའི་བར་ལོ་རེར་ཟླ་བཞི་བའི་ཚེས་བཅོ་ལྔའི་ཉིན་གྱིས་མཚོན་པའི་ཚེ་སྲོག་སྲུང་སྐྱོབ་གྱི་བྱ་འགུལ་ཐེངས་བཅུ་གསུམ་ལྷག་སྤེལ་བ་དང་།   དམངས་སྒོར་ཁྲི་བདུན་ལྷག་བཏང་སྟེ་སྲོག་ཉེན་ལ་ཐུག་པའི་རྟ་ནོར་ལུག་གསུམ་གྱི་རིགས་བདུན་བརྒྱ་ལྷག་དང་།  ཆུར་གནས་སྲོག་ཆགས་དང་བྱ་རིགས་འབུམ་ཕྲག་ཁ་ཤས་ཚེ་ཐར་དུ་བཏང་།

 ༧ ཚོགས་པའི་དམིགས་འདུན།  ཚོགས་པ་འདི་བཙུགས་ནས་ད་ལྟའི་བར་ཚོགས་མི་བརྒྱ་ཕྲག་ལྷག་གིས་རང་ཉིད་ཀྱི་རྩ་བའི་ཁེ་ཕན་དང་དམིགས་ཡུལ་ངན་པ་ཞིག་གི་ཆེད་རྩ་བ་ནས་མིན་པར།   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་སྤྱི་དམངས་རེ་རེས་སྤྱི་ཚོགས་འཆམ་མཐུན་དང་།   མི་རིགས་སློབ་གསོའི་ནུས་པ་གོང་འཕེལ་དུ་གཏོང་བའི་འོས་འགན་ཡོད་ཅེས་པའི་འགན་འཁྲི་དང་ལེན་བྱས་པ་དང་ཕ་ཡུལ་མི་དམངས་ལ་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུས་པ་ཡིན།     མ་འོངས་པར་རྒྱུན་མཐུད་ངང་ལས་དོན་འདི་བསྒྲུབ་རྒྱུའི་རེ་བ་དང་ཡིད་ཆེས་ཆེན་པོ་བཅིངས་ཡོད་སྟབས།  ཚོགས་པའི་སྤུས་ཚད་མཐོར་འདེགས་བཏང་སྟེ་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པའི་སྒོ་ནས་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ལ་རོགས་སྐྱོར་དང་སློབ་གསོའི་ནུས་པ་གོང་འཕེལ་དུ་གཏོང་ཅི་ཐུབ་བྱ་རྒྱུ་ཡིན་པར་མ་ཟད།  ད་དུང་ཡང་མུ་མཐུད་དུ་འཛམ་གླིང་ཞི་བདེ་དང་སྤྱི་ཚོགས་བདེ་འཇགས་བཅས་ཀྱི་ལམ་དུ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་འཆར་ཡོད་པ་བཅས་སོ །།

 ༨ ལས་འཛིན་ཚོགས་མི།   ལས་འཛིན་ཚོགས་གཙོ།  བན་ཤུལ་འཇམ་དབྱངས།  ལས་འཛིན་ཚོགས་གཞོན།  རིག་ལྡན་བཀྲ་ཤིས།   དྲུང་ཡིག་པ།   ལྷུན་འགྲུབ་རྒྱ་མཚོ་བཅས་ཚོགས་མི་བརྒྱ་ལྷག་གིས་གྲུབ་པ་ཞིག་ཡིན་ནོ།།   

གངས་ལྗོངས་པད་དཀར་བྱ་དགའ་ཚོགས་པས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་རྫོང་མི་རིགས་སློབ་འབྲིང་དུ་ཡིག་གཟུགས་འགྲན་བསྡུར་གྱི་བྱ་འགུལ་སྤེལ་ཏེ་ཕུལ་བྱུང་སློབ་མར་བྱ་དགའ་གནང་སྟེ་སྐུལ་འདེད་བྱས་པ།
བོད་ཀྱི་སློབ་གསོ་བ་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་མཚོ་ཤར་ཁུལ་ཞོན་ཧྭ་བུས་མདོ་བོད་ཡིག་སློབ་འབྲིང་གི་སྔོན་ཐོན་དགེ་རྒན་དང་ལས་བཟོ་བར་པདྨ་དཀར་བོའི་བྱ་དགའ་གནང་སྟེ་སྐུལ་འདེད་བྱེད་བཞིན་པ།

མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་ལགས་ཀྱིས་མཚོ་ཤར་ཁུལ་ཞོན་ཧྭ་བུས་མདོ་བོད་ཡིག་སློབ་འབྲིང་དུ་སྔོན་ཐོན་སློབ་མར་པད་དཀར་བྱ་དགའ་གནང་སྟེ་སྐུལ་འདེད་བྱས་པ།

མཚོ་སྔོན་ཞིང་ཆེན་མཚོ་ཤར་ཁུལ་བ་ཡན་རྫོང་བ་ཤིས་མུན་སེལ་སྣང་བྱིན་སློབ་གྲྭ་སོགས་སུ་པད་དཀར་བྱ་དགའ་གནང་སྟེ་སྐུལ་འདེད་བྱས་པ།


མཚོ་ལྷོ་ཁུལ་མང་རྫོང་ས་ཁུལ་དུ་སྒེར་གཉེར་དུས་དེབ་རྩོམ་སྒྲིག་པའི་དཔྱད་གླེང་ཚོགས་འདུ་བསྡུས་ཤིང་ཚོགས་ཐོག་ཏུ་ཕུལ་བྱུང་རྩོམ་སྒྲིག་པར་པདྨ་དཀར་བོའི་རྩོམ་སྒྲིག་བྱ་དགའ་གནང་སྟེ་སྐུལ་འདེད་བྱས་པ།

ཉིས་སྟོང་བཅུ་ལོར་ཡུལ་ཤུལ་དུ་ས་ཡོམ་གོད་ཆག་ཆེན་མོ་བྱུང་བའི་སྐབས་སུ་པད་དཀར་བྱ་དགའ་ཚོགས་པས་སྐྱིད་སྡུག་མཉམ་མྱོང་བྱས་ཏེ་རོགས་སྐྱོར་གནང་སྦྱིན་བྱས་པ།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 2yq5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5782314
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号