ཐོན་མིའི་སློབ་ཚོགས་དབུ་བརྙེས་པའི་ཚུལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» མཐར་ཕྱིན་འོས་སྦྱོར། »ཐོན་མིའི་སློབ་ཚོགས་དབུ་བརྙེས་པའི་ཚུལ།
ཐོན་མིའི་སློབ་ཚོགས་དབུ་བརྙེས་པའི་ཚུལ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2015-07-11ལྟ་ཀློག (23493)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་དབུ་བརྙེས་པའི་ཚུལ་ངོ་སྤྲོད་མདོར་བསྡུས།  

         གངས་ལྗོངས་ཐོན་མིའི་སློབ་གསོའི་སློབ་གྲོགས་མཐུན་འབྲེལ་ཚོགས་པའམ་ཐོན་མིའི་སློབ་ཚོགས་ཞེས་པ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་རྐྱང་རྐྱང་གིས་གྲུབ་པའི་སློབ་གྲོགས་ཚོགས་པ་ཞིག་ཡིན།ཚོགས་པ་འདི་བཙུགས་པའི་དམིགས་ཡུལ་ནི་འཛམ་གླིང་གི་ཁ་ཕྱོགས་དང་རྒྱལ་ཁབ་གྱི་ཁྲིམས་ལུགས་དང་མཐུན་པའི་སྒོ་ནས་སློབ་གླིང་རང་གི་བྱ་དངོས་ཆེ་ཕྲ་ཀུན་ལ་བདག་དམ་ནན་མོ་དང་དཔལ་འབྱོར་བསྡུ་གཏོང་བྱ་རྒྱུ།   དགེ་རྒན་དང་ལས་བཟོ་བའི་ཟླ་ཕོག་དང་འཚོ་བར་རམ་འདེགས་བྱེད་རྒྱུ།  སློབ་མའི་འཚོ་བ་དང་སློབ་སྦྱོང་གི་མཁོ་ཆས།  བདེ་སྲུང་བ་དང་སློབ་མའི་ཚོགས་པ་བཅས་ལ་རོགས་སྒྲུབ་མཐུན་རྐྱེན་སྦྱོར་རྒྱུ།   སློབ་གྲྭའི་དཔལ་འབྱོར་འཚོལ་སྒྲུབ་དང་དྲྭ་ཚིགས་གཙོ་གཉེར་སོགས་ཀྱིས་མཚོན་པའི་སློབ་གྲྭའི་སྤྱི་ཡོངས་ཀྱི་བྱ་བ་མང་བོ་ཞིག་ཐོན་མིའི་སློབ་ཚོགས་ཀྱིས་འགན་ལ་བླངས་ནས་དོན་འཁྱོལ་གནང་རྒྱུ་དེ་ཡིན། མདོར་ན་སློབ་གླིང་རང་གི་མཐར་ཕྱིན་སློབ་མ་ཡོད་དོ་ཅོག་གིས་དཔུང་བ་མཉམ་གཤིབ་དང་ནུས་པ་གཅིག་བསྡུས་ཀྱི་སྒོ་ནས་རང་གི་མ་ཡུམ་སློབ་གྲྭ་ལ་ནུས་ཚོད་ཀྱིས་སྲི་ཞུ་བསྒྲུབ་རྒྱུ་དེ་ཡིན།

       སྤྱི་ལོ༢༠༡༤ལོའི་ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དབུ་བརྙེས་ནས་བགྲང་བྱ་ཉི་ཤུ་འཁོར་བའི་འཁྲུངས་སྟོན་དང་འབྲེལ་ཐོན་མིའི་སློབ་གསོའི་བགྲོ་གླེང་ཚོགས་འདུ་བསྡུས་ཤིང་། ཚོགས་ཐོག་ཏུ་སློབ་གླིང་འདིའི་བྱེད་པོ་བོད་ཀྱི་སློབ་གསོ་བ་ཆེན་མོ་རྒན་དམ་པ་འཇིགས་མེད་རྒྱལ་མཚན་མཆོག་སྐུ་དངོས་བཞུགས་ཀྱིས་དབུ་ཁྲིད་དེ་དགེ་བཤེས་ལྷ་རམས་པ་འཇམ་དཔལ་བློ་ཤེས་དང་།ལྷ་རམས་པ་བསྟན་འཛིན་ཡོན་ཏན། ལྷ་རམས་པ་བློ་བཟང་ཡར་རྒྱས། མཁས་པའི་དབང་བོ་བཙན་ལྷ་ངག་དབང་ཚུལ་ཁྲིམས། ས་ཡུལ་ཁྲོ་བོ་རྒྱལ་མཚན། དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ། དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ།  དགེ་རྒན་ཆེན་མོ་ཁ་སྒང་བཀྲ་བྷོ། དགེ་བཤེས་དཔྱི་ས་ཡོན་ཏན། སྤྲུལ་སྐུ་རྒྱ་མཚོ་སོགས།  རྔ་བ་ཀིརྟི་དགོན་ཆེན་དང་། རྔ་བ་སྒོ་མང་དགོན་ཆེན། སྐུ་འབུམ། བྱ་ཁྱུང་།  བླ་བྲང་། རྭརྒྱ་དགོན། རོང་བོ་དགོན་ཆེན། སེར་ཤུལ་དགོན།  ཆུ་བཟང་དགོན། ཀླུ་ཚང་དགོན། གཙང་དགོན་པ་སོགས་ནས་ཕེབས་པའི་དགེ་བཤེས་སྦྲུལ་སྐུ་སོགས་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་དང་། མཚོ་སྔོན་མི་རིགས་སློབ་ཆེན།  ནུབ་བྱང་མི་རིགས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། བོད་ལྗོངས་སློབ་གྲྭ་ཆེན་མོ།  ཀན་སུའུ་ནང་བསྟན་སློབ་གྲྭ་སོགས་ནས་ཕེབས་པའི་དགེ་རྒན་ཆེན་མོ་སོགས་བོད་མདོ་དབུས་ཁམས་གསུམ་གྱི་མཁས་དབང་བརྒྱད་ཅུ་ལྷག་དང་སློབ་གླིང་རང་གི་དགེ་རྒན་ཆེན་མོ་བཛྲ་ཚུལ་ཁྲིམས་ཚང་དང་།ལྡོང་ཡོན་ཏན་རྒྱ་མཚོ།  དགེ་རྒན་རྒྱ་གྲོལ་ཚང་སོགས་ཚོགས་ཞུགས་ཀྱིས་ཐོན་མིའི་སློབ་གསོའི་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་བསྡུས།


     ཚོགས་ཐོག་ཏུ་མཁས་པ་རྣམས་ཚན་ཁག་སོ་སོར་བགོས་ཏེ་ཐོན་མིའི་སློབ་གསོའི་ཁ་ཕྱོགས་དང་།   ཐོན་མིའི་སློབ་གསོའི་དམིགས་ཚད། ཐོན་མིའི་སློབ་གསོའི་ངོ་བོ།   ཐོན་མིའི་སློབ་གསོའི་བྱེད་ནུས།   ཐོན་མིའི་སློབ་གསོའི་ཚད་གཞི།   ཐོན་མིའི་སློབ་གསོའི་མཚོན་རྟགས་སོགས་ལ་མཁས་པ་མང་བོས་རང་རང་གི་རྣམ་དཔྱོད་ཀྱི་ཟུར་མི་འདྲ་བ་རེ་རེ་རྩལ་དུ་བཏོན་ཏེ་ཕྱོགས་ཡོངས་ནས་དཔྱད་བསྡུར་གནང་བ་བརྒྱུད་བསམ་ཚུལ་གཅིག་གྱུར་གནང་བ།


བོད་མདོ་དབུས་ཁམས་གསུམ་གྱི་མཁས་དབང་བརྒྱད་བཅུ་ལྷག་ཐོན་མིའི་སློབ་གསོའི་བགྲོ་གླེང་ཚོགས་འདུའི་སྟེང་ཞུགས་ཏེ་སློབ་གྲྭའི་དུས་གསུམ་གྱི་བྱ་བཞག་ཀུན་ལ་རྣམ་དཔྱོད་རྩལ་དུ་བཏོན་ནས་བསམ་ཚུལ་ལྷུག་བརྗོད་གནང་རྗེས་སུ་མཁས་དབང་རྣམས་ལྷན་བཞུགས་ཀྱིས་དྲན་རྟེན་འདྲ་པར་བསྐྱོན་པ།

       ཚེས་བཅུ་གསུམ་ཉིན་སློབ་གླིང་རང་གི་སྐབས་བཅུ་དྲུག་གི་མཐར་ཕྱིན་འཛིན་གྲྭ་བཅོ་བརྒྱད་ཀྱི་སློབ་མ་རྣམས་ལྷན་འཛོམས་བྱུང་ཞིང་།    སྔ་དྲོར་གླིང་སྨད་ཀྱི་ཚོགས་ཁང་ཆེན་མོ་རུ་ཚོགས་འདུ་འཚོགས་ཏེ་དགེ་རྒན་རྣམ་པས་བཀའ་སློབ་ཡིད་འཁུལ་བ་བསྩལ་ཅིང་།  དམིགས་བསལ་སློབ་གཙོ་འཇིགས་མེད་རྒྱལ་མཚན་མཆོག་གིས་སྔོན་ནས་ད་བར་དུ་སློབ་གྲྭ་བསྒྲུབས་པའི་ཀྱག་ཀྱོག་གི་བརྒྱུད་རིམ་དང་།  བསྟོད་སྨད་ཀྱི་ས་མཚམས། དབུལ་ཕོངས་ཀྱི་དཀའ་རྙོག དཀའ་སྡུག་གི་གནས་བབ།  མ་འོངས་པའི་རེ་བ་སོགས་ཀྱི་ཐད་ནས་གསུང་བཤད་གལ་ཆེན་གནང་བས་དགེ་སློབ་ཡོངས་ལ་སེམས་འགུལ་ཆེན་པོ་ཐེབས། མཐར་ཕྱིན་འཛིན་གྲྭ་སོ་སོའི་འཐུས་ཚབ་མི་སྣས་གཙོ་བོ་སློབ་གླིང་རང་གི་མ་འདང་ས་དང་ཁ་གསབ་བྱེད་དགོས་ས་སྟེ་ཞན་ཆ་དམིགས་སུ་བཟུང་ནས་བསམ་ཚུལ་ལྷུག་པོར་བཏོན་པ་དང་།  སྒོས་སུ་སློབ་གླིང་རང་གི་མཐར་ཕྱིན་སློབ་མ་རྣམས་སྤྱི་ཚོགས་སུ་ཞུགས་པའི་ཉམས་མྱོང་ཕྱོགས་བསྡོམས་དང་སློབ་གླིང་རང་གིས་མ་འཁྱོངས་ས་དག་རྩལ་འདོན་བྱས་ཏེ་སློབ་གྲྭའི་འབྱུང་འགྱུར་ལ་ཕུགས་རྒྱང་རིང་བའི་བསམ་བློ་ཞིབ་ཏུ་བཏང་ནས་ཨ་རིའི་ཧྭ་ཧྥོ་སློབ་ཆེན་སོགས་ཀྱི་སློབ་མས་རང་གི་མ་ཡུམ་སློབ་གྲྭར་སྲི་ཞུ་སྒྲུབ་པའི་སྔོན་ཐོན་གྱི་སློབ་གསོའི་ཐབས་ཤེས་བེད་སྤྱད་དེ་སློབ་གླིང་རང་གི་དགེ་རྒན་རྣམ་པ་དབུ་བཞུགས་ཐོག་མཐར་ཕྱིན་སློབ་མ་རྣམས་མཉམ་རུབ་ཀྱིས་མ་ཡུམ་སློབ་གྲྭ་ལ་སྲི་ཞུ་བསྒྲུབ་དགོས་པའི་སྐོར་གྱི་གསུང་བཤད་གལ་ཆེན་གནང་བ།

      མཐར་ཕྱིན་སློབ་མ་ཡོངས་སྐབས་དེའི་ཚོགས་འདུར་ཞུགས་ཤིང་དགེ་རྒན་རྣམས་ཀྱི་བཏོན་པའི་རེ་བ་དང་སློབ་གྲྭའི་འབྱུང་འགྱུར་གྱི་ལམ་ཁ་ཇི་ལྟར་བརྒྱུད་དགོས་མིན་སྐོར་གྱི་གསུང་བཤད་ལ་ཉན་བཞིན་མི་སེམས་འགུལ་པའི་སྤོབས་པ་རྙེད།

       མཁས་དབང་དག་གི་མཛུབ་སྟོན་དང་དམ་པ་ཁོང་གི་ཐུགས་བཞེད་ལྟར་མ་འོངས་པར་ཤེས་རིག་ནོར་བུའི་སློབ་གླིང་རྒྱུད་འཛིན་བྱེད་མཁན་གྱི་མཐར་ཕྱིན་སློབ་མ་སྐྱེད་སྲིང་བྱ་དགོས་པའི་དོན་ཆེན་སྐོར་ལ་དམིགས་རྒྱང་རིང་བོས་ཐབས་ཇུས་འཐེན་པ་དང་།  མཐར་ཕྱིན་སློབ་མ་གཙོས་པའི་དགེ་སློབ་སྟོང་ཕྲག་ལྷག་གདན་འཛོམས་པའི་དབུས་སུ་ཐོན་མིའི་སློབ་ཚོགས་ཞེས་པ་གསར་འཛུགས་གནང་རྒྱུའི་ཕྱོགས་ལ་འཆར་བཀོད་གྲོས་མཐུན་བྱུང་བ།

      དགེ་སློབ་ཡོངས་གྲོས་ཀ་གཅིག་མཐུན་དུ་བྱུང་བར་བསྟེན་མཐར་ཕྱིན་སློབ་མ་ཆིག་སྟོང་ལྷག་གི་ཁྲོད་འཐུས་ཚབ་མི་སྣ་སུམ་བཅུ་སོ་བརྒྱད་ལྷག་བདམས་ཏེ་ཐོན་མིའི་སློབ་ཚོགས་ཇི་ལྟར་ལམ་དུ་ཆོས་དགོས་མིན་སྐོར་གྱི་ཚོགས་འདུ་མ་ཡུམ་སློབ་གླིང་དུ་བསྡུས་ཤིང་།  དེ་དག་གི་ཁྲོད་དུ་སླར་ཡང་མི་སྣ་འཇོན་ནུས་ཅན་བཅུ་དགུ་འདེབས་ཤོག་འཕངས་པ་བརྒྱུད་གསར་དུ་བསྐོ་བཞག་བྱས་ཏེ་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་མི་སྣ་རྩ་འཛུགས་བྱས་པ།

         དེ་ཡང་དགེ་རྒན་རིན་པོ་ཆེ་འཇིགས་མེད་རྒྱལ་མཚན་མཆོག་དབུ་བཞུགས་ཀྱིས་གནའ་མཁར་ཟི་ལིང་དུ་རྒྱུན་ལས་མི་སྣ་དང་ལས་བཟོ་བ་ཡོངས་མཉམ་འདུས་ཀྱིས་ཚོགས་འདུ་ཞིག་ཆེད་དུ་བསྡུས་ཤིང་།ཚོགས་ཐོག་ཏུ་དགེ་རྒན་རིན་པོ་ཆེས་ཚོགས་པའི་ཐད་ལ་གནང་བའི་དགོངས་འཆར་གཙོས་རྒྱུན་ལས་མི་སྣ་དང་ལས་བཟོ་བ་སོ་སོ་ནས་རང་རང་གི་ལྟ་ཚུལ་དང་དྲན་ཕྱོགས་ལྷུག་བརྗོད་གནང་བར་མ་ཟད།སྐབས་དེའི་ཚོགས་འདུའི་སྟེང་ནས་ཐོན་མིའི་སློབ་ཚོགས་ཀྱི་དམིགས་ཡུལ་དང་ལས་ཀ་གཙོ་བོ་གཏན་འཁེལ་གྱིས་ཚོགས་པ་འདིར་སྣེ་འཁྲིད་གནང་མཁན་གྱི་རྒྱུན་ལས་ལས་འཛིན་མི་ལྔ་དམངས་གཙོའི་ལམ་དུ་བསྐོ་བཞག་བྱས་པ་སོགས་བརྒྱུད་ཐོན་མིའི་སློབ་ཚོགས་དངོས་སུ་དབུ་བརྙེས་སོ། །

                རྒྱུན་ལས་ལས་འཛིན་པ་རྣམས་དགེ་རྒན་རིན་པོ་ཆེ་ལྡོང་ཡོན་ཏན་རྒྱ་མཚོ་དང་མཇལ་ནས་སློབ་ཚོགས་ཀྱི་ལས་དོན་ཇི་ལྟར་སྒྲུབ་དགོས་སྐོར་གྱི་སྙན་ཞུ་དང་འབྲེལ་ཕྱིར་མ་ཡུམ་སློབ་གླིང་དུ་ལས་ཀར་དངོས་སུ་ཞུགས་པའི་འཆར་གཞི་བཟོས་པ།

སློབ་གྲྭའི་དྲྭ་ཚིགས་གསར་བ་ཇུས་འགོད་དང་རྩོམ་སྒྲིག་བྱེད་སྟངས་ཐད་བསམ་ཚུལ་བཏོན་དེ་གྲོས་གཞི་འདོན་པ། བཟོ་ནས་དབུ་བརྩམས་ཏེ་མ་ཡུམ་སློབ་གླིང་ལ་ཞབས་འདེགས་ཞུ་བར་སྟ་གོན་བྱེད་བཞིན་པ།

གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་དྲྭ་ཚིགས་གསར་བའི་གར་སྟེགས་སྟེང་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།

      ད་ལྟའི་བར་ཁྱོན་བསྡོམས་མཐར་ཕྱིན་འཛིན་གྲྭ་བཅུ་དགུ་ཡོད་པ་ལ་དེ་དག་ལས་མཐར་ཕྱིན་ཟིན་པའི་སློབ་མ་ཆིག་སྟོང་ཆིག་བརྒྱ་ལྷག་ཡོད།  དེ་ལས་འཐུས་ཚབ་མི་སྣ་སོ་བརྒྱད་དང་རྒྱུན་ལས་མི་སྣ་བཅུ་དགུ། 
རྒྱུན་ལས་ལས་འཛིན་མི་སྣ་ལྔ་བཅས་བདམས་ཐོན་བྱུང་ཡོད་པ་མ་ཟད། ད་དུང་མ་འོངས་པར་མཐར་ཕྱིན་འགྱུར་གྱི་སློབ་མ་ཡོད་ཚད་ཀྱང་ཚོགས་པ་འདིའི་ཚོགས་མི་ཡིན་པ་དང་། དེ་དག་ལས་ཀྱང་འཐུས་ཚབ་དང་རྒྱུན་ལས་མི་སྣ་དག་རིམ་པ་བཞིན་དུ་གདམ་དགོས་པ་ཡིན།  མདོར་ན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་ཐམས་ཅད་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་མི་ཡིན་ལ་ད་ནས་བཟུང་སློབ་གྲྭའི་སྐྱིད་སྡུག་ཡོད་ཚད་ཀྱང་ཚོགས་པ་འདིས་འགན་དུ་ལེན་དགོས་པ་བཅས་སོ། །  

༢༠༡༥་ལོའི་སྤྱི་ཟླ་༧ཚེས་༡༡་ཉིན་ཐོན་མིའི་སློབ་ཚོགས་ཀྱིས།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 1xp4 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23531389
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།