རྨ་རྒྱལ་ཚོང་སྡེ་འཚམས་སྦྱོར་མདོར་བསྡུས།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 12 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» ཡན་ལག་སློབ་གྲྭ་དང་ཚོགས་པ། »རྨ་རྒྱལ་ཚོང་སྡེ་འཚམས་སྦྱོར་མདོར་བསྡུས།
རྨ་རྒྱལ་ཚོང་སྡེ་འཚམས་སྦྱོར་མདོར་བསྡུས།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-07-11ལྟ་ཀློག (4662)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


རྨ་རྒྱལ་ཚོང་སྡེ་འཚམས་སྦྱོར་མདོར་བསྡུས།

     རྨ་རྒྱལ་འབྲོག་ཡུལ་དངོས་རྫས་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེ་ནི་༢༠༡༠ལོའི་ཟླ་༢པར་འབྲེལ་ཡོད་ལས་ཁུངས་ཀྱིས་ཆོག་མཆན་ཐོབ་པ་བརྒྱུད་ནས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་དུ་གསར་དུ་བཙུགས་ཤིང་།   ཚོང་སྡེ་འདིས་ཡང་དག་པའི་མཉམ་སྒྲུབ་ཚོང་སྡེའི་ལམ་ལུགས་གཞིར་བཟུང་ནས་མང་ཚོགས་ཀྱི་དཔལ་འབྱོར་གོང་འཕེལ་དང་ས་གནས་ཀྱི་ཐུན་མོང་མ་ཡིན་པའི་ཐོན་རྫས་ཚོང་ར་ཅན་དུ་བསྒྱུར་བར་འབད་བརྩོན་བྱེད་བཞིན་ཡོད། 

    ཚོང་སྡེའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ཡོངས་ལ་སྨི་གྲུ་བཞི་མ་༢༠༠༩ཡོད་ཅིང་།  ལས་འཛིན་ཚོགས་པ་མི་༧དང་ལྟ་སྐུལ་ཚོགས་པ་མི་༣།  ལས་བཟོ་བ་མི་༨བཅས་ཡོད།

    ༢༠༡༠ལོར་ཚོང་སྡེའི་མ་རྐང་ཚོགས་པར་ཞུགས་པའི་ཁྱིམ་ཚང་༢༤༣ཡོད་ལ། སྤྱིའི་ མ་དངུལ་སྒོར་༢༥༨༤༧༥༢ལ་ཟིན།  

    ཚོང་སྡེའི་ལས་གཞི་གཙོ་བོ་ནི་འབྲོག་ཡུལ་དངོས་རྫས་ཉོ་བསྡུ་དང་ལས་སྣོན།  ཕྱིར་འཚོང་། ཉར་ཚགས།  ད་དུང་མི་རིགས་རང་གི་སྲོལ་རྒྱུན་ལག་རྩལ་ལས་ཐོན་རྫས་སྣ་ཚོགས་ལས་སྣོན་བྱེད་པ་སོགས་ཡིན། 

    ༢༠༡༢་ལོའི་ཟླ༤པར<རྨ་རྒྱལ་གངས་རི>ཞེས་པའི་ཚོང་འགྲེམས་དཔང་ཡིག་ཐོབ།   ༢༠༡༣ལོའི་སྤྱིའི་ཡོང་འབབས་སྒོར་ཁྲི༣༦༠༦༤༤༦ལོན་པ་ལས་སྒོར་ཁྲི་ ༣༦༠༦༨༨མ་རྐང་ཚོགས་པར་བགོ་བཤའ་བྱས་ཤིང་།   ལོ་དེར་སྤྱིའི་རྒྱ་ཁྱོན་ལ་རྨི་༡༣༣༤ཡོད་པའི་ཁང་བརྩེགས་བཞི་ཅན་གྱི་ཚོང་སྡེའི་ཐོག་ཁང་ཆེན་མོ་ཞིག་ཀྱང་ལེགས་འགྲུབ་བྱུང་ཐ།

    ༢༠༡༤ལོར་ཚོང་སྡེར་མ་དངུལ་འཇོག་མཁན་གྱི་ཁྱིམ་ཚང་༢༨༦ལ་སླེབས་པས་སྤྱིའི་མ་དངུལ་ཁྱོན་སྒོར་ཁྲི༥༠༠༠༠༡༧འཛོམས།  ༡༢༡༤ལོའི་ཟླ་༧ནས་བཟུང་རང་ས་གནས་ཀྱི་ཐོན་རྫས་དབྱར་རྩྭ་དགུན་འབུ་དང་གྲོ་མ།   སྙི་བ་སོགས་དག་གཙང་གི་སྐྱེ་དངོས་ཐོན་རྫས་དང་གཞན་ཕྱུགས་ཐོན་དངོས་རྫས་སོགས་ལས་སྣོན་དང་ཐུམ་སྦྱོར་བྱས་ནས་ཚོང་རར་བཀྲམ་པས་རྒྱ་ཆེའི་ཉོ་མཁན་རྣམས་ཀྱིས་དགའ་བསུ་བྱེད་བཞིན་ཡོད།   ངེད་མཉམ་སྒྲུབ་ཚོང་སྡེས་ད་བར་དུ་ལས་གཞི་སོ་སོའི་བྱ་བ་ནན་ཏན་དང་།   དོ་དམ་སྒྲིག་འཛུགས་ལེགས་བཅོས་སོགས་བྱས་ཏེ་དཔལ་འབྱོར་གྱི་ཁེ་ཕན་དང་བྱ་བའི་གྲུབ་འབྲས་སོགས་སྔར་ལས་འཕེལ་རྒྱས་ཆེན་པོ་ཐོན་ཡོད་པས་སྤྱི་ཚོགས་དང་མི་སྒེར་སོ་སོས་བསྟོད་བསྔགས་བྱེད་བཞིན་ཡོད་དོ། །


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། yvn2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5914132
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号