ཕས་བུ་ལ་བཞག་པའི་དྲན་ཐོ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 18 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» ལྷུག་རྩོམ། »ཕས་བུ་ལ་བཞག་པའི་དྲན་ཐོ།
ཕས་བུ་ལ་བཞག་པའི་དྲན་ཐོ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2015-07-10ལྟ་ཀློག (4666)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཕས་བུ་ལ་བཞག་པའི་དྲན་ཐོ།

ཁ་སྒང་གཡང་འབུམ་ཚེ་རིང་གིས་བསྒྱུར།

    གཅེས་ཕྲུག

    དྲན་ཐོ་འདི་འཇོག་པ་ལ་རྒྱུ་རྐྱེན་གསུམ་ཡོད།

གཅིག མིའི་བདེ་སྐྱིད་དང་ཆག་སྒོ་ལ་ངེས་པ་མེད་པས། སུས་ཀྱང་རང་ཉིད་ཇི་ཙམ་དུ་འཚོ་ཐུབ་མིན་མི་ཤེས། དེར་བརྟེན། དོན་དག་ལ་ལ་ཞིག་སྔོན་ཚུན་ནས་བཤད་ན་བཟང༌།

གཉིས། ང་ཁྱེད་ཀྱི་ཨ་ཕ་རེད། ངས་ཁྱེད་ལ་མ་བཤད་ན་མི་གཞན་གྱིས་ཁྱེད་ལ་བཤད་མི་སྲིད།

གསུམ། དྲན་ཐོ་འདིར་བཀོད་པ་ནི་ང་ཡིད་སྐྱོ་བའི་ཕམ་ཁ་མང་བོ་བརྒྱུད་པའི་ཉམས་མྱོང་ཡིན། འདིས་ཁྱེད་ཀྱི་ནར་སོན་གྱི་ལོ་ཟླའི་ནང་ལམ་དཀྱོགས་སུ་མི་འགྲོ་བར་སྔོན་འགོག་དང་དུས་ཚོད་ལ་སྲི་ཚགས་བྱེད་ཐུབ་པར་སེམས།

 གཤམ་དུ་ཡོད་པ་ནི་ཁྱེད་ཀྱི་མི་ཚེའི་ནང་ཡིད་ལ་དམ་པོར་འཛིན་དགོས་པའི་དོན་གནད་དག་ཡིན།

      ༡༽ རང་ཉིད་དང་མི་མཐུན་པའི་མི་དེར་ཁྱེད་ཀྱིས་དེ་ཙམ་འབྲེལ་བ་འཛིན་དགོས་དོན་མེད། ཁྱེད་ཀྱི་མི་ཚེའི་ནང་དུ་ང་དང་ཁྱེད་ཀྱི་ཨ་མ་གཉིས་ལས་གཞན་ཁྱེད་ལ་ཡག་པོ་བྱ་རྒྱུ་དེ་འོས་འགན་དུ་གྱུར་བའི་མི་ཞིག་མེད། ཁྱེད་ལ་ཡག་པོ་བྱེད་མཁན་ཞིག་ཡིན་ནའང་དེ་ལ་གཅེས་སྤྲས་དང་དྲིན་ལན་འཇལ་བ་ལས་གཞན་དེ་ལ་ཉེན་ཟོན་ཡང་མང་ཙམ་བྱ་དགོས། རྒྱུ་མཚན་ནི། མི་སུ་ཡིན་ཡང་དོན་དག་ཅིག་བྱ་བར་རྒྱུ་རྐྱེན་གང་རུང་ཞིག་ཡོད་ངེས།་ གལ་ཏེ་ཁོང་ཁྱེད་ལ་ཡག་པོ་ཡོད་ན་ཡང་ཁྱེད་ལ་དངོས་གནས་དགའ་དགོས་པའི་ངེས་པ་མེད། ཁྱེད་ཀྱིས་ངེས་པར་དུ་དེ་གསལ་བོར་ཤེས་དགོས་པ་ལས་ལམ་སང་ཁོང་ནི་ཁྱེད་ཀྱི་གྲོགས་པོ་ངོ་མར་བསྟེན་མི་ཉན།

       ༢༽ ཚབ་བྱེད་མི་ཐུབ་པའི་མི་ཞིག་མེད་ལ། ངེས་པར་དུ་ལྡན་དགོས་པའི་དངོས་པོ་ཞིག་ཀྱང་མེད། དབྱེ་མཚམས་འདི་གསལ་བོར་ཤེས་པ་ཡིན་ན། མ་འོངས་པར་ཁྱེད་ཀྱི་འཁྲིས་ཀྱི་མི་ལ་ཁྱེད་མི་དགོས་པ་དང༌། ཡང་ན་རང་ཉིད་ཆེས་དགའ་བའི་ཡོད་ཚད་ཐོབ་ཤོར་དུ་གྱུར་ན་ཡང༌། དེ་ནི་ཧ་ལས་དགོས་པའི་དོན་དག་ཅིག་མིན་པ་ངོས་ཟིན་ངེས།

       ༣༽ མི་ཚེ་ནི་ཧ་ཅང་ཐུང་ཐུང་རེད། དེ་རིང་ད་དུང་མི་ཚེ་འཕྲོ་བརླག་ཏུ་གཏོང་བཞིན་པ་དང༌། སང་ཉིན་ཚོར་སྣང་སྐྱེན་པོ་ཞིག་གིས་ཚེ་སྲོག་རང་ཉིད་དང་རྒྱང་དུ་གྱེས་ཟིན་པར་ཚོར་ངེས། དེར་བརྟེན་སྔོན་ཚུན་ནས་ཚེ་སྲོག་ལ་གཅེས་སྤྲས་དང་ཚེ་སྲོག་གི་རིན་ཐང་ལ་འཇུག་པའི་ཉི་མ་དེ་བས་ཀྱང་མང་དུ་གཏོང་དགོས། ཚེ་རིང་བོར་འདུག་པར་རེ་ལྟོས་ཆེ་ན་ཡང་དེ་སྔོན་ཚུན་ནས་ཚེ་སྲོག་གི་རིན་ཐང་ལ་འཇུག་པ་དང་བསྡུར་ཐབས་མེད།

       ༤༽ འཇིག་རྟེན་འདིའི་ཐོག་ཏུ་ཆེས་དགའ་བ་ཞེས་པའི་དོན་དག་ཅིག་མེད། བརྩེ་དུང་ནི་སྐད་ཅིག་མའི་ཚོར་བ་ཙམ་མོ།། ཚོར་བ་དེ་ནི་དུས་དང་ཉིན་བྱས་ཏེ་སེམས་ཁམས་དང་བསྟུན་ནས་འགྱུར་བ་འགྲོ་བཞིན་ཡོད། གལ་ཏེ་ཁྱེད་ཀྱི་ཆེས་དགའ་བའི་མི་ཁྱེད་དང་བྲལ་བ་ཡིན་ན། ཁྱེད་ཀྱིས་བཟོད་བསྲན་ཆེན་པོས་སྒུག་དགོས། དུས་ཚོད་དང་ཉི་མ་ག་ལེར་གཙང་སེལ་བྱས་རྗེས། སེམས་ཁམས་ག་ལེར་སྙིགས་དགོས། དེ་ལྟར་བྱས་ན་སྡུག་བསྔལ་རིམ་གྱིས་ཡལ་འགྲོ། ཡིད་སྨོན་ཤོར་བའི་བརྩེ་དུང་ཡང་མཛེས་སྡུག་ལས་བརྒལ་མི་རུང༌། བརྩེ་དུང་ལ་ཕམ་ཉེས་ཤོར་བའི་སྡུག་བསྔལ་དེ་ཚད་ལས་བརྒལ་བའི་ཆེན་པོར་བཟོ་མི་དགོས།

       ༥༽ དོན་དངོས་ཐོག རྒྱལ་ཁ་ཐོབ་པའི་འཐབ་མོ་བ་ཞིག་ལ་མཚོན་ན་ཤེས་ཡོན་སློབ་གསོ་ཐོབ་མེད། འོན་ཀྱང༌། བརྩོན་པ་མེད་པར་དཔེ་ཀློག་བྱེད་མཁན་ཞིག་དང་བསྡུར་ཐབས་མེད་དེ། ཁོང་གིས་ངེས་པར་ལེགས་འགྲུབ་འབྱུང་ངེས། གང་ལྟར། ཁྱེད་ཀྱིས་སྦྱངས་ཟིན་པའི་ཤེས་ཡོན་དེ་ཁྱེད་ཀྱི་ལག་ཆ་རེད། མཆན་སྟོང་ལག་སྟོང་གིས་ཁྱིམ་གཞི་བཙུགས་ཆོག་ཀྱང༌། མཚོན་ཆ་ཅི་ཡང་མེད་པར་གཡུལ་ལ་ཞུགས་ན་མི་འགྲིག གནད་འགག་འདི་ཡིད་ལ་དམ་པོར་ཟུངས།

     ༦༽ ཁྱེད་ཀྱིས་ངའི་ཚེ་མཇུག་ལ་ཅི་ཞིག་འབུལ་དགོས་པར་ངས་ཁྱེད་ལ་རེ་བ་བྱས་མེད་ལ། ངས་ཀྱང་ཁྱེད་ཀྱི་ཚེ་མཇུག་ལ་ཅི་ཞིག་འབུལ་བའི་འཆར་གཞི་མེད། ཁྱེད་ཉིད་ནར་སོན་ནས་རང་མགོ་ཐོན་པ་ཡིན་ན་ངའི་འགན་འཁྲི་དེ་དེ་ནས་རྫོགས་སོང་བ་རེད། རྗེས་མ་ཁྱེད་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ནས་འགྲོ་དང་སྦག་སྦག་ལ་ཞོན་ནས་འགྲོ། ཉའི་གཤོག་པ་ཟ་བའམ་ཡང་ན་ཕིང་ཕྲ་མོ་ཟ་མིན་ཡོད་ཚད་ཁྱོད་རང་ཉིད་ཀྱིས་ཐག་གཅོད་བྱ་དགོས།

     ༧༽ གཞན་ལ་གང་ཐུབ་ཀྱིས་ཕན་པ་བསྒྲུབ་དགོས། འོན་ཀྱང་གཞན་གྱིས་རང་ཉིད་ལ་ཕན་པ་བྱ་བར་རེ་བ་མ་བྱེད། ཁྱེད་ཀྱིས་གཞན་ལ་ཕན་ཐོགས་ཇི་ཙམ་བྱས་པ་དེ་ཙམ་གྱིས་གཞན་གྱིས་ཀྱང་ཁྱེད་ལ་ཕན་ཐོགས་བྱ་དགོས་པའི་ངེས་པ་མེད། གལ་སྲིད་གནད་འགག་དེ་ཙམ་ཡང་མ་ཤེས་པ་ཡིན་ན། དོན་མེད་ཀྱི་སྡུག་ཡུས་མང་པོ་མྱང་དགོས།

     ༨༽ ངས་ལོ་བཅུ་ཉི་ཤུ་ཞིག་ལ་རྒྱན་དཀྲུག་རྩེས་ན་ཡང་ད་དུང་ལག་སྟོང་མཆན་སྟོང་རེད། ཐ་ན་ཨང་རིམ་གསུམ་པ་ཡང་ཐོབ་མྱོང་མེད། འདིས་ཅི་ཞིག་མཚོན་ཞེ་ན། མིས་རྩོལ་བ་བྱ་དགོས་པ་དང༌། ད་དུང་ཧུར་ཐག་གིས་ལས་ཀ་བྱས་ན་འགྲིག་པར་བདེན་དཔང་བྱེད་བཞིན་ཡོད། ཡང་གཅིག་བཤད་ན། འཛམ་གླིང་སྟེང་ན་རིན་མེད་ཀྱི་ཁ་ཟས་ཤིག་མེད་པའི་ཕྱིར།

     ༩༽ མཛའ་གྲོགས་ལ་ལས་འཕྲོ་ཐེངས་གཅིག་ལས་མེད། མི་ཚེ་འདིར་ངེད་གཉིས་འགྲོགས་ཡུན་ཇི་ཙམ་རིང་ན་ཡང༌། ཁྱེད་ཀྱིས་མཉམ་འཛོམ་གྱི་དུས་ཚོད་ལ་གཅེས་སྤྲས་བྱ་དགོས། ཚེ་རྗེས་མར་དགའ་ན་མ་དགའ་ན་བསྐྱར་ དུ་མཇལ་མི་སྲིད།   ཁྱེད་ཀྱི་ཨ་ཕས།


རྩོམ་སྒྲིག་འགན་འཁུར་བ། ཁྰ་ཤེས་རབ་རྒྱ་མཚོ།  མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 63u9 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5782043
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号