ཚ་བསུར་གཏོང་ཚུལ་བཞུགས་སོ།།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» རིག་གནས་རྒྱུན་ཤེས། »ཚ་བསུར་གཏོང་ཚུལ་བཞུགས་སོ།།
ཚ་བསུར་གཏོང་ཚུལ་བཞུགས་སོ།།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-07-08ལྟ་ཀློག (6693)རྩོམ་ཁུངས: མཚོ་སྔོན་པོའི་དྲ་བ།པར་འདེབ།

ཚ་གསུར་གཏོང་ཚུལ་བཞུགས་སོ།།

པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན།

      ༄༅། །ན་མོ་གུ་རུ་ལོ་ཀི་ཤྭ་ར་ཡ། དེ་ཡང་ཚ་བསུར་གཏོང་བར་འདོད་ན། བསུར་སྣོད་གཙང་ཞིང་གས་ཆག་མེད་པར་མེ་གྲུང་དུད་པ་མེད་པར་ཕྱེ་མར་གཙང་མར་འབྲུ་སྨན་དྲི་སྙིང་རིན་པོ་ཆེ་རྣམས་ཀྱི་ཕྱེ་མ་བཏབ་ཏེ་སྦྲུས་པའི་བསུར་རྫས་བླུག་པ་ཆབ་ཀྱིས་བྲན་ནས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། རང་ཉིད་སྤྱན་རས་གཟིགས་སུ་གསལ་བ་ཡི། །ཐུགས་ཀའི་འོད་ཀྱིས་སྲི་ཞུ་ཡོན་ཏན་དང༌། །སྙིང་རྗེ་ལན་ཆགས་མགྲོན་རྣམས་མ་ལུས་པ། །སྤྱན་དྲངས་འདོད་པའི་གདན་ལ་ཞུགས་པར་གྱུར། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། །ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཨཱཿཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་འདོད་ཡོན་ལྔ་ལྡན་གྱི་དྲི་ཕུན་སུམ་ཚོགས་པ་ས་དང་བར་སྣང་གི་ཁྱོན་ཐམས་ཅད་གང་བར་གྱུར། །ཨོཾ་ཨཱཿཧཱུཾ། ལན་གསུམ་བརྗོད། །ན་མཿསརྦ་ཏ་ཐ་ག་ཏ་ཨཱ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། ཞེས་བདུན་དང༌། ཨོཾ་གནྡྷེ་ཀཱ་མ་གུ་ཎ་པུ་ཛ་ཨི་དཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། །ཞེས་བདུན་གྱིས་བསྔོས། ཨོཾ་ཨརྒྷཾ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀཻ། གནྡྷེ། ནཻ་ཝི་དྱེ། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། བཅོམ་ལྡན་འདས་དེ་བཞིན་བཞིན་གཤེགས་པ་རྒྱལ་བ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བའི་ལྷ་ལ་ཕྱག་འཚལ་ལོ། །དྲི་མཆོག་འདོད་ཡོན་ལྔ་ལྡན་པའི། །ཟག་མེད་བསུར་གྱི་མཆོད་པ་འདི། །བླ་མ་ཡི་དམ་དཀོན་མཆོག་གསུམ། །མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་དང༌། །དྲི་ཟའི་རྒྱལ་པོ་རབ་དགའ་སོགས། །དྲི་ཟའི་ཚོགས་རྣམས་མ་ལུས་དང༌། །མ་གྱུར་རིགས་དྲུག་སེམས་ཅན་དང༌། །ཡུལ་ལྷ་གཞི་བདག་ཚོགས་རྣམས་དང༌། །ལན་ཆགས་ཤ་འཁོན་གཉེར་བ་དང༌། །ཁྱད་པར་ཁ་སང་དེ་རིང་བར། །བསད་ལྕེབས་ཤི་ནས་སྔ་ལུས་བོར། །ཕྱི་ལུས་མ་རྙེད་བར་དོ་ཡི། །ཇི་སྙེད་སེམས་ཅན་ཐམས་ཅད་ལ། །འབུལ་ཞིང་བསྔོ་བས་མགྲོན་རྣམས་ཀུན། །འདོད་དགུའི་ཆར་གྱིས་ཚིམ་གྱུར་ནས། །བདག་གི་བར་ཆད་ཀུན་ཞི་ཞིང༌། །ཚེ་རིང་ནད་མེད་འབྱོར་བ་རྒྱས། །ཁམས་གསུམ་དབང་དུ་འདུ་བ་དང༌། །བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །བར་དོའི་སེམས་ཅན་ཐམས་ཅད་ཀྱང༌། །འཇིགས་སྐྲག་སྡུག་བསྔལ་ལས་གྲོལ་ཏེ། །བླ་མའི་གདམས་ངག་དྲན་གྱུར་ནས། །བདེ་བ་ཅན་དུ་སྐྱེ་བར་ཤོག །ལན་ཆགས་བུ་ལོན་དག་གྱུར་ནས། །འགྲོ་ཀུན་བདེ་སྐྱིད་ལྡན་པ་དང༌། །ཡུལ་ལྷ་གཞི་བདག་རྣམས་ཀྱིས་ཀྱང༌། །རྟག་ཏུ་གཡེལ་མེད་གྲོགས་བྱེད་ཤོག །བདག་ཀྱང་འཆི་བའི་དུས་ཀྱི་ཚེ། །གནད་གཅོད་སྡུག་བསྔལ་དང་བྲལ་ཏེ། །དག་པའི་ཞིང་དུ་སྐྱེས་ནས་ཀྱང༌། །འགྲོ་ཀུན་ཕན་བདེ་སྩོལ་བར་ཤོག །བར་དོའི་སྣང་བ་ཤར་བར་གྱུར་མ་ཐག །རྒྱལ་སྲས་བརྒྱད་ཀྱིས་མ་ནོར་ལམ་བསྟན་ཏེ། །བདེ་བ་ཅན་དུ་སྐྱེས་ནས་སྤྲུལ་པ་ཡི། །མ་དག་ཞིང་གི་འགྲོ་བ་འདྲེན་གྱུར་ཅིག །ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཆད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །འདི་ནས་ཉིང་མཚམས་སྦྱར་མ་ཐག །དག་པའི་ཞིང་མཆོག་བདེ་བ་ཅན། །པདྨའི་སྙིང་པོ་ཟེའུ་འབྲུ་ལ། །རྫུས་ཏེ་སྐྱེ་བ་ལེན་པར་ཤོག །སྐར་མ་རབ་རིབ་མར་མེ་དང༌། །སྒྱུ་མ་ཟིལ་པ་ཆུ་བུར་དང༌། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །དེ་ལྟར་ཟང་ཟིང་གི་སྦྱིན་པས་ཚིམས་པ་ལ་ཆོས་བཤད་པས་རྒྱུད་གྲོལ་ནས་རང་རང་གི་གནས་སུ་སོང་བར་གྱུར། བདག་གིས་བསམ་པའི་སྟོབས་དག་དང༌། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང༌། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཡི། །གོ་འཕང་ཐོབ་ནས་སྐྱོན་གྱི་དགྲ་བཏུལ་ཏེ། །རྒ་དང་ན་དང་འཆི་བའི་རླབས་འཁྲུག་པའི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང༌། །ཉིན་མཚན་རྟག་ཏུ་བདེ་ལེགས་པའི། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །ཏདྱཐཱ། ཨོཾ་པཉྩཱིགྲི་ཡ་ཨ་ཝ་བོ་དྷ་ནི་སྭཱཧཱ།། །།དེ་ལྟ་བུའི་བསུར་བཏང་ན་གནས་སྐབས་ཆོས་སྲིད་ཀྱི་བྱ་བ་གང་སྒྲུབ་པའི་བར་ཆད་སེལ་ཞིང༌། མཐར་ཐུག་སྐུ་བཞིའི་གོ་འཕང་ཐོབ་པ་སོགས་ཕན་ཡོན་ཤིན་ཏུ་ཆེ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། rogu བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23529545
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།