ཁྱེད་ཀྱི་ལུས་སེམས་བདེ་ཐང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 23 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» འཕྲོད་བསྟེན་རྒྱུན་ཤེས། »ཁྱེད་ཀྱི་ལུས་སེམས་བདེ་ཐང་།
ཁྱེད་ཀྱི་ལུས་སེམས་བདེ་ཐང་།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-07-07ལྟ་ཀློག (3825)རྩོམ་ཁུངས: བསིལ་རླུང་རྒྱུན་ཤེས།པར་འདེབ།

ཁྱེད་ཀྱི་ལུས་སེམས་བདེ་ཐང་།

རྨེ་གྲྭ  ཚེ་རིང་བསམ་འགྲུབ།

  འཇིག་རྟེན་ན་རིན་ཐང་ཅན་གྱི་དངོས་པོ་ཇི་སྙེད་ཅིག་ཡོད་ཀྱང་མཐར་ཁྱོད་ལ་གཅིག་ཀྱང་མི་དབང་ཁྱོད་རང་ལ་དབང་བ་ནི་ལུས་སེམས་གཉིས་པོ་འདི་རེད། དེས་ན་འཛམ་གླིང་འདིར་རང་ལ་མཚོན་ན་ཆེས་རིན་ཐང་ལྡན་པ་ནི་རང་གི་ལུས་སེམས་གཉིས་པོ་འདི་རེད། ནམ་རྒྱུན་རང་གི་ལུས་ཁམས་དང་སེམས་ཁམས་བདེ་ཐང་ཡིན་མིན་གྱི་སྐོར་ལ་ཆེད་དུ་དོ་སྣང་དང་ཞིབ་འཇུག་བྱེད་པ་ནི་དེ་ལས་ཀྱང་ཧ་ཅང་གལ་ཆེན་ཡིན། འཛམ་གླིང་གི་བྱ་དངོས་གཅིག་ཀྱང་ཁྱོད་ལ་མི་དབང་བར་མ་ཟད། ཐ་ན་རང་གིས་འབད་པའི་ལོངས་སྤྱོད་ཀྱང་གནས་སྐབས་བདག་གཉེར་བྱས་པ་ཙམ་ལས་དོན་ངོ་མ་རང་གི་མིན། དེས་ན་ནམ་ཡང་རང་ལ་དབང་བ་ནི་རང་གི་གཅེས་པའི་ལུས་དང་ཁོག་པའི་སེམས་འདི་གཉིས་གཅིག་པོ་ཡིན། དེའི་ཕྱིར་ལུས་སེམས་བདེ་ཐང་ཡོད་པ་ནི་རང་གི་ཡོད་ཚད་དང་ཡོད་ཚད་ཀྱི་རྨང་གཞི་ཡིན།

གཤམ་གྱི་དྲིས་ཚིག་དག་ལས་འབྱུང་བ་ལྟར་དུས་རྒྱུན་རང་ཉིད་གནད་དོན་དེ་ལྟ་བུར་འཕྲད་ཡོད་མེད་དང་། ཡང་ན་སྐབས་ལན་རེར་དེ་ལྟ་བུར་འཕྲད་ཡོད་པ་ལས་རྒྱུན་པར་དེ་འདྲ་མིན་པ། གང་ལྟར་འོག་གི་དྲིས་ཚིག་དག་ལས་རང་གི་ལུས་ཁམས་དང་སེམས་ཁམས་བདེ་ཐང་ཡིན་མིན་ཚོད་ལྟ་གནང་ཐུབ། འདི་དག་ནི་འཛམ་གླིང་གི་འཕྲོད་བསྟེན་ཞིབ་འཇུག་པ་དག་གིས་དཔྱད་འབྲས་ལས་ཚོད་དཔག་མིན་པས་ཡིད་རྟོན་རིགས།

༡ དུས་རྒྱུན་དུ་རྒྱུ་མཚན་མེད་པར་སེམས་འཚུབ་པ་དང་གར་འགྲོ་འདིར་འདུག་མེད་པ་སྟེ། འཚོ་བ་ལ་གཏན་ཁེལ་ཅི་ཡང་མེད་པའི་སེམས་ཁམས་ཤིག་ཨེ་འདུག

༢ དགོང་མོ་ཉལ་རྗེས་གཉིད་མི་ཁུགས་པ་དང་ཡང་ན་གཉིད་སད་པར་སྔ་བ། སད་རྗེས་ཕྱིར་མི་གཉིད་པར་ཡུན་རིང་དུ་འདུག་པའི་གནས་ཚུལ་ཞིག་ཨེ་འདུག

༣ རྒྱུན་དུ་རྨི་ལམ་འཁྲུག་པ་དང་འཇིགས་སྐྲག་སྐྱེས་པ། ནངས་མོ་སད་ཚེ་ངལ་དུབ་ཆེ་བ་དང་ལུས་སྟོབས་ཉམས་ཤིང་སེམས་བློང་བློང་བོར་གྱུར་ནས་འདུག་མཁན་ཞིག་ཨེ་ཡིན།

༤ སློབ་སྦྱོང་གནོན་ཤུགས་སུ་གྱུར་ནས་སློབ་སྦྱོང་ལ་སུན་སྣང་སྐྱེས་པ། དཔེ་ཆར་ལྟ་སྐབས་ཡང་ཚགས་པར་ལ་ལྟ་བ། གཉིད་དུབ་པ། མཚམས་ལན་རེར་གོ་སླ་ལ་བརྗེད་ཀྱང་སླ་བ། ཐ་ན་སློབ་ཁྲིད་ཀྱི་སྐབས་སུའང་བློ་རྩེ་གཅིག་སྒྲིམ་བྱ་མ་ཐུབ་པར་མ་ཟད་མ་གཞི་རང་ཉིད་ཀྱིས་དོན་དམ་དུ་ཅི་ཞིག་བསམ་བཞིན་ཡོད་པའང་མི་ཤེས་པ་ལྟ་བུ་ཞིག་ཨེ་རེད

།༥ བསམ་ཐོག་ཏུ་མི་འོང་བའི་དོན་དག་དང་ཕྲད་ཚེ་དུས་ཡུན་རིང་པོ་ཞིག་ལ་ཁ་རོག་གེར་འདང་བརྒྱབ་ནས་འདུག་པ་དང་དོན་མེད་དུ་བར་བར་ལ་ཁོང་ཁྲོ་ལང་མཁན་ཞིག་ཨེ་ཡིན།

༦ མཚམས་ལན་རེར་དོན་དག་ཆུང་ཆུང་ཞིག་ཡིན་རུང་དེ་སེམས་ལ་དམ་དུ་བཟུང་ནས་ཉིན་མཚན་མེད་པར་བསམ་བློ་གཏོང་ཡུན་རིང་བའི་གནས་ཚུལ་ཞིག་ཨེ་འདུག

༧ དངོས་ཡོད་འཚོ་བའི་ཁྲོད་རང་ཉིད་ལ་སྤྲོ་སྣང་སྐྱེ་བའི་དོན་དག་ཅིག་མེད་པར་བསམས་ནས་བྱ་བ་གང་ལ་ཡང་སྤྲོ་སྣང་དང་ཡིད་ཚིམ་པ་མེད་པར་དོན་མེད་དུ་སེམས་སྡུག་གིས་མནར་ནས་འདུག་མཁན་ཞིག་ཨེ་ཡིན།

༨ དོན་དག་གང་ཞིག་དང་ཕྲད་ཚེ་ཐེ་ཚོམ་ངང་ཐག་གིས་མི་ཆོད་པར་ལུས་པ་དང་། བྱ་བ་ཕྲན་ཚེགས་ཤིག་གི་ཆེད་དུ་བསམ་བློ་མི་གཏོང་བར་གཞན་ལ་འཁོན་འཛིང་བྱས་ནས་འདུག་མཁན་ཞིག་ཨེ་ཡིན།

༩ རང་ཉིད་དམ་གྲོགས་པོ་དག་གི་འདས་ཟིན་པའི་ནོར་འཁྲུལ་གྱི་བྱ་བ་དག་ལ་འཁང་ར་ཡང་ཡང་བྱེད་པ་སྟེ། འགྱོད་སེམས་དྲག་པོས་མནར་བ། རྒྱུན་པར་ཕན་ཚུན་བར་ལེ་ལན་ནམ་ལེ་འདེད་བྱས་ནས་འདུག་པའི་གོམས་སྲོལ་ངན་པ་ཞིག་ཨེ་འདུག

༡༠ བར་ཆད་རེ་བྱུང་ཚེ་སེམས་ཕམ་སྟེ་ཡིད་སྐྱོ་བར་འགྱུར་བ་དང་། བྱ་འགུལ་སོགས་བྱ་བ་ལ་ལར་ཞུགས་སྐབས་སེམས་འཚབ་ནས་འཚུབ་ཆ་ལངས་མཁན་ཞིག་ཨེ་ཡིན།

༡༡ གཞན་གྱིས་ནམ་ཡང་སྐྱོན་བརྗོད་བྱ་བར་སྐྲག་པ་དང་། ཕམ་ཁ་ཉོ་བར་ཧ་ཅང་དོགས་ཏེ་རྒྱུན་དུ་སེམས་ཁྲལ་བྱེད་པ་དང་རྐང་འཁུམ་ལག་འཁུམ་དུ་གྱུར་ནས་ཅི་ཡང་བསྒྲུབ་མི་ཕོད་མཁན་ཞིག་ཨེ་རེད

།༡༢ དམིགས་དོན་མ་འགྲུབ་པ་ན་སླར་ཡང་ནུས་ཤུགས་བཏོན་ཏེ་ལམ་དུ་མི་ཞུགས་པར། སེམས་ཧ་ཅང་གཉོམ་ནས་ལྐོག་ཏུ་མིག་ཆུ་ཐར་ཐར་གཏོང་ནས་འདུག་མཁན་ཞིག་ཨེ་ཡིན།

༡༣ རང་གིས་རང་ལ་མཐོང་ཆུང་བྱས་ཏེ་ནམ་ཡང་གཞན་གྱི་རང་ལ་འཕྱ་དམོད་བྱེད་ཀྱིན་ལོས་ཡོད་སྙམ་ནས་བཤད་མི་ཕོད་སྒྲུབ་མི་ཕོད་པར་བག་འཁུམས་ནས་འདུག་མཁན་ཞིག་ཨེ་ཡིན།

༡༤ ལོ་ཚོད་རང་ཉིད་ལས་ཆུང་བ་དང་ནུས་པ་རང་ཉིད་ལས་ཞན་པའི་མི་དང་རྩེད་མོ་གཏོང་བའམ་འགྲན་སྡུར་བྱེད་པར་མོས་པ། ཡང་ན་དེ་དག་ལ་དམའ་འབེབས་ཁྱད་གསོད་བྱེད་པར་ལྷག་ཏུ་སྤྲོ་བ་ཡོད་མཁན་ཞིག་ཨེ་ཡིན།

༡༥ འཇིག་རྟེན་ན་རང་ཉིད་ལ་སེམས་གཏོད་མཁན་དང་སྙིང་ཉེ་བ་མེད་པར་སྙམ་ནས། ཐ་ན་རང་གི་བློས་ཐུབ་ཀྱི་གྲོགས་པོ་ཡིན་རུང་རང་ཉིད་ལ་དགའ་སྣང་བསྐྱེད་དུ་འཇུག་མི་ཐུབ་པར་སེམས་གཉོམ་ནས་ངུ་མིན་དགོད་མིན་གྱི་འཚོ་བ་རོལ་ནས་འདུག་མཁན་ཞིག་ཨེ་ཡིན།

༡༦ གཞན་གྱི་གྲུབ་འབྲས་དང་སྙན་གྲགས་ལ་རྒྱུན་དུ་ཕྲག་དོག་བྱེད་པ་དང་། སྨད་ར་བྱེད་པ། གཞན་གྱི་སྐད་ཆ་དང་བྱ་བ་བསྒྲུབས་པ་སོགས་ལ་རྒྱུན་པར་ཐེ་ཚོམ་རྐྱང་རྐྱང་དང་དོགས་ཟོན་ཁོ་ན་བྱས་ནས་གཅིག་ལའང་ཡིད་ཆེས་མེད་པར་འདུག་མཁན་ཞིག་ཨེ་ཡིན།

༡༧ ངོ་མི་ཤེས་པའི་མི་དང་འཕྲད་པར་སྐྲག་ཅིང་། མི་གཞན་དང་འབྲེལ་འདྲིས་བྱེད་སྐབས་ངོ་ཚ་ནས་སྐད་ཆ་བཤད་མི་ཕོད་པ། མི་མང་སྔོན་ལ་ངོ་གདོང་སྟོན་མི་ཐུབ་པ། འབྲེལ་བ་བྱ་མི་ཕོད་པར་འཚུབ་ལངས་ནས་གོ་སྐབས་ཚང་མ་ཤོར་འགྲོ་མཁན་ཞིག་ཨེ་ཡིན།

༡༨ མཚན་མོར་ཕྱི་རུ་འགྲོ་བའམ་རང་ཉིད་གཅིག་པུ་ཁྱིམ་དུ་འདུག་པར་སྐྲག་པ་དང་། འཇིག་རྟེན་འདིར་རང་ཉིད་ཁེར་རྐྱང་ཡིན་པའི་འདུ་ཤེས་རྒྱུན་ལྡན་དུ་ཡོད་མཁན་ཞིག་ཨེ་ཡིན།

༡༩ ནམ་ཡང་རང་ཉིད་དང་ལུས་ཐུག་བྱུང་བའི་དངོས་པོ་ཅི་རིགས་གཙང་མ་མིན་པར་སྙམ་སྟེ་ལག་པ་ཡང་དང་བསྐྱར་དུ་བཀྲུ་བ་དང་ལ་བ་མང་དུ་བརྗེ་བ། གཙང་སྦྲ་ལ་ཚད་ལས་བརྒལ་བའི་དོ་སྣང་བྱེད་པ། རྒྱུན་པར་ནད་དོགས་དང་འཆི་དོགས་ཀྱིས་ཡོད་ཚད་ལ་དོགས་པས་ཁེངས་ནས་འདུག་མཁན་ཞིག་ཨེ་ཡིན།

༢༠ ཞིབ་འཇུག་པའི་དཔྱད་འབྲས་དང་། སློབ་གསོ་བའི་སྐད་ཆ། གནས་ལུགས་ཀྱི་གྲུབ་དོན་གང་ལའང་ཡིད་མི་ཆེས། སུ་ལའང་གུས་ཞབས་མི་བྱ་བར་འཇིག་རྟེན་ན་ངའོ་སྙམ་པའི་ང་རྒྱལ་གྱི་ཉྭ་བསྐྱངས་ཏེ་མི་ཚེ་གང་བོར་ཡར་སྐྱེད་རྩ་བ་ནས་མེད་མཁན་ཞིག་ཨེ་རེད།


ཚོད་ལྟ་བྱས་རྗེས་མཇུག་འབྲས་ལ་ལྟ་བ།

༡ གལ་ཏེ་གནད་དོན་དེ་དག ༦ ལས་མ་བརྒལ་ན་ཁྱོད་ཀྱི་ལུས་སེམས་རྒྱུན་ལྡན་བདེ་ཐང་ཡིན་པའི་རྟགས་ཡིན།

༢ གལ་ཏེ་གནད་དོན་དེ་དག་ལས༡༠ བར་ཡོད་པ་ཡིན་ན་རང་གི་ཕ་མའམ་གྲོགས་པོ་བཙལ་ནས་རྒྱུ་མཚན་དེ་དག་ཁ་བརྡ་བྱས་ནས་སེམས་ཁམས་སྙོམས་སྒྲིག་བཟོ་དགོས།

༣ གལ་ཏེ་གནད་དོན་དེ་དག་ལས་ཕལ་ཆེར་ཚང་མར་ཐེ་ཡོད་པ་ཡིན་ན་ཁྱོད་ཀྱི་སེམས་ཁམས་མཛུབ་སྟོན་བྱེད་པའི་དགེ་རྒན་བཙལ་ནས་ཁྱོད་ལ་རོགས་རམ་དང་། སློབ་གསོ་དང་སེམས་ཁམས་རིག་པའི་དཔེ་ཆར་ལྟ་བ། རང་གིས་ཀྱང་བྱ་སྤྱོད་དང་སེམས་ཁམས་ལ་འགྱུར་བ་ཆེན་པོ་གཏོང་རན་འདུག་པ་རྟོགས་དགོས།


                རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། བན་ཤུལ་འཇམ་དབྱངས། འབའ་སྣང་གྲོལ།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། a7yd བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23523311
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།