རྙིང་ཧྲུལ་དུ་གྱུར་པའི་སྒོར་མོ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 18 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» འཚོ་བའི་རྒྱུན་ཤེས། »རྙིང་ཧྲུལ་དུ་གྱུར་པའི་སྒོར་མོ།
རྙིང་ཧྲུལ་དུ་གྱུར་པའི་སྒོར་མོ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-07-07ལྟ་ཀློག (742)རྩོམ་ཁུངས: བསིལ་རླུང་རྒྱུན་ཤེས།པར་འདེབ།

རྙིང་ཧྲུལ་དུ་གྱུར་པའི་སྒོར་མོ།

རྨེ་གྲྭ  ཚེ་རིང་བསམ་འགྲུབ།

  ཤོག་སྒོར་རྙིང་བ་དང་ཐེད་པོ་གཞན་གྱི་ཚོང་ལས་ནང་རྩིས་མེད་དུ་སོང་བའི་རིགས་ཇི་ལྟར་བྱས་ན་ཁ་གསབ་རྒྱག་ཐུབ།

  དེང་དུས་ཀྱི་སྤྱི་ཚོགས་ཁྲོད་དུ་མི་གང་མང་ཞིག་ལ་ཁྲིམས་ལུགས་ཀྱི་རྒྱུན་ཤེས་མ་ཆགས་པའི་རྐྱེན་གྱིས།བྱ་བ་གང་ཞིག་སྒྲུབ་ཚེ་སྔོན་ལ་བྱ་བ་དེའི་མཇུག་འབྲས་དང་བསྒྲུབ་ན་འོས་མིན་ལ་བསམ་གཞིགས་ཀྱིས་འདོར་ལེན་མི་བྱེད་པར།རྗེས་ནས་མཇུག་འབྲས་ཀྱི་ཉེན་ཁ་ལ་གཟུར་མི་ཐུབ་པའི་གནད་དོན་བྱུང་ནས་ཡོད།དེའི་ཕྱིར་རང་ཉིད་འཐུས་ཚང་དུ་གཏོང་ཆེད་ཁྲིམས་ལུགས་ཀྱི་རྒྱུན་ཤེས་གལ་ཆེན་དག་ངེས་པར་དུ་རྟོགས་དགོས།

  དེང་དུས་སྤྱི་ཚོགས་ཀྱི་ལག་ན་བཀོལ་བཞིན་པའི་ཤོག་དངུལ་དག་རྙིང་བ་དང་ཡང་ན་ཧྲལ་བའམ་ཐེད་པོར་གྱུར་པ།ནག་ནོག་གིས་སྦགས་པ།མེས་ཚིག་པ། མདོག་འགྱུར་བ། ཁུང་བུ་བརྟོལ་བ། ཚད་ངེས་ཅན་གྱི་ཇེ་སྲབ་ཏུ་སོང་བ།དབྱིབས་འགྱུར་བ་སོགས་ཀྱི་ཤོག་དངུལ་དག་ལག་སོན་བྱུང་ཚེ་དངུལ་ཁང་ལ་སོང་སྟེ་ཐད་ཀར་བརྗེ་རྒྱུའི་རེ་བ་འདོན་དགོས།དངུལ་ཁང་གིས་གནས་ཚུལ་ལ་གཞིགས་ནས་བརྗེ་སྤྲོད་སོགས་ཐག་གཅོད་བྱ་ངེས།༡ ཤོག་སྒོར་གྱི་ལྔ་ཆའི་བཞི་ད་དུང་ལུས་ཡོད་པ་དང་དེའི་ངོས་ཀྱི་རི་མོ་ཡི་གེ་སོགས་དབྱིབས་ཙམ་མཐུད་ཐུབ་ཚེ་ངོས་གྲངས་ལྟར་བརྗེ་ཆོགཤོག་སྒོར་ངོས་སུ་ནག་ནོག་གིས་སྦགས་པ།ཚིག་པ།མདོག་འགྱུར་བ་སོགས་བྱུང་ཡང་ཡིན་མིན་གྱི་དབྱེ་བ་འབྱེད་ཐུབ་ཚེ་སྒོར་ངོས་ཧྲིལ་བོར་བརྗེ་ཆོག

༢ ཤོག་སྒོར་ངོས་ཀྱི་ཕྱེད་ཀ་ཡོད་པ་དེའི་རི་མོའམ་ཡི་གེ་སྔ་མ་ལྟར་མཐུད་ཐུབ་ཚེ་ངོས་གྲངས་ཀྱི་ཕྱེད་ཀ་བརྗེ་ཆོགདེ་ལས་ཀྱང་རྙིང་ཧྲལ་ཚབས་ཆེན་བྱུང་སྟེ་ཤོག་སྒོར་གྱི་རྣམ་པ་མི་གསལ་པའི་རིགས་དངུལ་ཁང་ནས་བརྗེ་མི་ཐུབ་པ་ཡིན།

༣ གལ་ཏེ་བསམ་བཞིན་མ་ཡིན་པར་ཤོག་སྒོར་རྫུན་མ་རང་གི་ལག་ཏུ་སོན་པའམ།རང་གིས་གཞན་ལ་སྤྲད་པ།གཞན་གྱིས་རང་ལ་སྤྲད་པ་ཡིན་ན། དེ་བསྡུ་མཁན་ནམ་དང་ལེན་མཁན་དང་།སྤྲོད་མཁན་ཏེ་ཕྱོགས་གཉིས་ཀྱིས་དང་ལེན་འོག་མི་སྒེར་གྱིས་ཐག་གཅོད་བཟོ་དགོས་པ་ལས།ཕ་རོལ་བོའི་ལག་ཏུ་ཤོག་སྒོར་བརྒྱ་གྲངས་ཅན་ཉི་ཤུ་ཡན་མེད་ཚེ་གོང་རིམ་ལ་ཞུ་གཏུགས་མི་ཆོག་པ་ཡིན།


                རྩོམ་སྒྲིག་འགན་འཁུར་བ། མགར་རྩེ་ཉི་ཟེར། ཁཱ་ཤེས་རབ་རྒྱ་མཚོ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།




དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། yvn2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5861326
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号