ཁྲིམས་མཐུན་གྱི་འགེབ་སྲུང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» འཚོ་བའི་རྒྱུན་ཤེས། »ཁྲིམས་མཐུན་གྱི་འགེབ་སྲུང་།
ཁྲིམས་མཐུན་གྱི་འགེབ་སྲུང་།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-07-07ལྟ་ཀློག (3620)རྩོམ་ཁུངས: བསིལ་རླུང་རྒྱུན་ཤེས།པར་འདེབ།

ཁྲིམས་མཐུན་གྱི་འགེབ་སྲུང་།

རྨེ་གྲྭ  ཚེ་རིང་བསམ་འགྲུབ།

  དེང་དུས་ཀྱི་སྤྱི་ཚོགས་ཁྲོད་དུ་མི་གང་མང་ཞིག་ལ་ཁྲིམས་ལུགས་ཀྱི་རྒྱུན་ཤེས་མ་ཆགས་པའི་རྐྱེན་གྱིས། བྱ་བ་གང་ཞིག་སྒྲུབ་ཚེ་སྔོན་ལ་བྱ་བ་དེའི་མཇུག་འབྲས་དང་བསྒྲུབ་ན་འོས་མིན་ལ་བསམ་གཞིགས་ཀྱིས་འདོར་ལེན་མི་བྱེད་པར།རྗེས་ནས་མཇུག་འབྲས་ཀྱི་ཉེན་ཁ་ལ་གཟུར་མི་ཐུབ་པའི་གནད་དོན་བྱུང་ནས་ཡོད། དེའི་ཕྱིར་རང་ཉིད་འཐུས་ཚང་དུ་གཏོང་ཆེད་ཁྲིམས་ལུགས་ཀྱི་རྒྱུན་ཤེས་གལ་ཆེན་དག་ངེས་པར་དུ་རྟོགས་དགོས། མི་ཞིག་གིས་ཚུལ་དང་མཐུན་པའི་རང་དང་གཞན་ལ་གནོད་པ་བྱུང་ཚེ་དེ་འགེབ་སྲུང་ངམ་འགོག་སྲུང་བྱས་ཚེ་ཉམས་མ་བཞག་པར་གཞན་ལ་གནོད་པ་བཟོས་ཀྱང་ཁྲིམས་འགལ་མིན།
ཚུལ་དང་མཐུན་པའི་འགེབ་སྲུང་ཞེས་པ་ནི་གཞུང་གི་ཁེ་ཕན་དང་། ཡང་ན་སྤྱི་ཡི་ལས་དོན། དེ་མིན་རང་ཉིད་དང་གཞན་གྱི་ཚེ་སྲོག་ལ་འགེབ་སྲུང་། རྒྱུ་ནོར་དང་ཁེ་དབང་ལ་གཞན་གྱིས་ཁྲིམས་དང་མི་མཐུན་པའི་གནོད་འཚེ་གཏོང་སྐབས་དེ་ཁོ་ན་འགེབ་སྲུང་གི་ཆེད་དུ་ཕ་རོལ་བོ་ལ་ཞོར་དུ་གནོད་སྐྱོན་བཟོས་ཀྱང་ཁྲིམས་འགལ་མིན་པར་མ་ཟད་དེ་ལ་ཚུལ་མཐུན་གྱི་འགེབ་སྲུང་ཡང་དག་ཟེར་བ་ཡིན། དེ་འདྲའི་ཚུལ་མཐུན་གྱི་བྱ་བ་ལ་ཆ་རྐྱེན་བཞི་ལྡན་དགོས་པ་ཡིན།
༡ སྒེར་གཞུང་གི་ཁེ་ཕན་དང་། རང་གཞན་གྱི་ལུས་སེམས་དང་། རྒྱུ་ནོར། ཁེ་དབང་བཅས་ལ་གཞན་གྱིས་ཁྲིམས་འགལ་གྱི་གནོད་འཚེ་དངོས་སུ་བསླངས་པ་ཡིན་པ།
༢ མངོན་ལྐོག་གང་རུང་ནས་གནོད་འཚེ་དངོས་སུ་ལག་བསྟར་བྱས་པ།
༣ འགོག་སྲུང་དེ་ཁྲིམས་འགལ་བཟོ་མཁན་ཁོ་ནའི་སྟེང་དུ་སྤྱོད་དགོས་པ།
༤ འགོག་སྲུང་གི་བྱ་སྤྱོད་དེ་དགོས་ངེས་ཀྱི་ཚད་གཞི་ལས་བརྒལ་མི་རུང་བ་བཅས་ཡིན།
  ཆ་རྐྱེན་དེ་དག་གཞིར་བཟུང་སྟེ་ཚུལ་མཐུན་གྱི་འགོག་སྲུང་གི་བྱ་སྤྱོད་དེའི་འབྲས་བུ་གཞན་ལ་གནོད་འཚེ་ཐེབས་རུང་ནག་ཉེས་འཁུར་མི་དགོས། གལ་ཏེ་ཚུལ་མཐུན་གྱི་འགོག་སྲུང་ཚད་ལས་བརྒལ་ཏེ། གཏུམ་སྤྱོད་ཀྱིས་ཚད་མ་བཟུང་བར་མི་གསོད་པ། འཕྲོག་བཅོམ། བཙན་གཡེམ། བཙན་ཁྲིད་བཅས་དང་། དེ་བཞིན་མིའི་ལུས་ཁམས་བདེ་འཇགས་ལ་གནོད་སྐྱོན་ཚབས་ཆེན་བཟོས་པའི་ཚེ། འགེབ་སྲུང་བྱེད་པོས་ཉེས་འགན་འཁུར་དགོས་ལ། ཡིན་ན་ཡང་གནས་ཚུལ་ལ་གཞིགས་ཏེ་ཉེས་ཆད་ཡང་མོ་གཅོད་དགོས་པའི་ཡིག་ཆ་ཡོད་པ་ཡིན།


                   རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། བན་ཤུལ་འཇམ་དབྱངས། འབའ་སྣང་གྲོལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 0wo3 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23532906
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།