མགྲོན་ཁང་དང་སྒོར་མོའི་གནས་ཚུལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» འཚོ་བའི་རྒྱུན་ཤེས། »མགྲོན་ཁང་དང་སྒོར་མོའི་གནས་ཚུལ།
མགྲོན་ཁང་དང་སྒོར་མོའི་གནས་ཚུལ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-07-07ལྟ་ཀློག (3948)རྩོམ་ཁུངས: བསིལ་རླུང་རྒྱུན་ཤེས།པར་འདེབ།

མགྲོན་ཁང་དང་སྒོར་མོའི་གནས་ཚུལ།

རྨེ་གྲྭ  ཚེ་རིང་བསམ་འགྲུབ།

གྲོང་ཁྱེར་དུ་འགྲོ་སྐབས་མགྲོན་ཁང་ཞིག་ཡིན་ཙམ་ནས་འདུག་རྐྱང་མིན་པར་མགྲོན་ཁང་སོ་སོའི་ཁྱད་པར་ཤེས་དགོས།

 དེང་སྐབས་འཛམ་གླིང་ཧྲིལ་བོ་ཤུགས་ཀྱིས་དེང་རབས་ཀྱི་ལམ་དུ་འགྲིལ་བ་ན་རང་ཉིད་ཀྱང་ཨུ་ཚུགས་ཀྱིས་རྗེས་སུ་འཚང་ག་མི་རྒྱག་ཐབས་མེད་དུ་གྱུར་ཡོད་པ་རེད། དེའི་ཕྱིར་མ་མཐའ་ཡང་གྲོང་ཁྱེར་སོགས་ལ་འགྲོ་སྐབས་མགྲོན་ཁང་འདི་དག་གི་མིང་དང་། རང་ཉིད་གང་ལ་འཚམ་པོ་ཡོད་པ་དང་། མགྲོན་ཁང་སོ་སོའི་ཆ་རྐྱེན་དང་རིན་གོང་མི་འདྲ་བ་དག་ངོས་ཟིན་སྔོན་སོང་གི་ལམ་ལ་ཆས་དགོས་པ་ལས་ཕག་སྣ་གར་ཐུག་དང་། ལས་ཐུག་ལམ་ཐུག་གི་དཔེ་རུ་འགྲོ་མི་རུང་།

མགྲོན་ཁང་གི་རིགས་དང་པོ། དེས་ན་མགྲོན་ཁང་དང་། མགྲོན་བྲང་། མགྲོན་མཁར། 宾馆 酒店 饭店 མིང་མི་འདྲ་བ་འདི་དག་ནི་ཕལ་ཆེར་དོན་གཅིག་པ་ཡིན། གཞི་རྒྱ་ཆེ་ཞིང་མཁོ་ཆས་ཚད་ལྡན་ཡོད་པའི་མགྲོན་པོ་ཞག་སྡོད་བྱ་སའི་ཐོག་ཁང་སྤྱིའི་མིང་ལ་འཇུག་པ་ཡིན། འདི་ལ་གྲོང་ཁྱེར་དང་ཚད་གཞི་མི་འདྲ་བའི་དབང་གིས། སྤྱིར་བཏང་གི་མགྲོན་ཁང་དང་། སྐར་གསུམ་མགྲོན་ཁང་དང་། སྐར་བདུན་མགྲོན་ཁང་སོགས་རིམ་པ་བཞིན་ཚད་གཞི་དང་ཆ་རྐྱེན་ཇེ་མཐོར་བཏང་བའི་དབང་གིས་མིང་ཡང་དེ་ལྟར་འདོགས་བཞིན་ཡོད།

མགྲོན་ཁང་འདི་དག་ཏུ་ཁང་མིག་མི་འདྲ་བ།

 ཁེར་སྡོད་ཤག ཚད་ལྡན་སྡོད་ཤག ཚོང་ལས་སྡོད་ཤག ཁེ་ལས་སྡོད་ཤག མཐོ་རིམ་བསྒྲིགས་ཁང་སོགས་རིམ་པ་མང་པོ་ཡོད་པ་ཡིན། ཁེར་སྡོད་ཤག་ནི། ནང་དུ་སྨི་བཞི་ཁྲི་མ ༡༦-༢༠ གོང་འོག་ཡོད་པའི་ཁང་ཤག་གཅིག ནང་དུ་གཙང་སྤྱོད་དང་ཉེར་མཁོའི་དངོས་པོ་འགའ། མི་གཅིག་མལ་ཁྲི་བཅས་ཡོད་པ་ཡིན། ཚད་ལྡན་སྡོད་ཤག་ནི། ནང་དུ་གཙང་སྤྱོད་དང་ཉེར་མཁོའི་དངོས་པོ་འགའ་ཞིག་དང་། མི་གཉིས་ལ་མལ་ཁྲི་གཅིག་དང་ཡང་ན་གཉིས་བཅས་ཡོད་པ་ཡིན།

ཚོང་ལས་སྡོད་ཤག ནང་དུ་གཙང་སྤྱོད་དང་ཉེར་མཁོའི་དངོས་པོ་འགའ། མི་གཉིས་ལ་མལ་ཁྲི་གཅིག་དང་ཡང་ན་གཉིས་བཅས་ཡོད་པ་ཡིན། ད་དུང་དྲ་འཇུག་བྱེད་ཐུབ་པ་དང་། ཚོང་ལས་ཞབས་ཕྱི་བ་བཅས་ཟུར་དུ་ཡོད།

ཁེ་ལས་སྡོད་ཤག་ནི། ནང་དུ་ཉེར་མཁོའི་ཆ་རྐྱེན་ཆ་ཚང་དང་། མི་གཉིས་ཉལ་སའི་མལ་ཁྲི་གཅིག ཆེད་བསྒྲིགས་མགྲོན་ཁང་། ཚིག་ཇ་གསོལ་ཁང་བཅས་ཟུར་དུ་ཡོད།

མཐོ་རིམ་བསྒྲིགས་ཁང་ནི། འདི་ལ་ཁང་ཤག་བདུན་ནས་བརྒྱད་བར་ཡོད་ལ། མལ་ཁང་གཉིས། ཆང་ཁང་། ཕོ་མོའི་གཙང་སྤྱོད་གཉིས། མགྲོན་པོ་སྣེ་ལེན་ཁང་། གྲོས་ཚོགས་ཁང་། གསོལ་ཟས་ཁང་། ཟས་སྦྱོར་ཁང་། མེ་ཏོག་ལྡུམ་ར། བདེ་སྲུང་ཁང་བཅས་ཆེས་རིམ་པ་མཐོ་ཤོས་ཀྱི་སྡོད་ཁང་གི་གྲས་ཡིན། 单人间 标准间 商务间 行政间高级套间 ད་དུང་འདི་དག་ལས་ཀྱང་རིམ་པ་ཆེས་མཐོ་བའི་སྡོད་ཤག་ཡོད་ཀྱང་སྤྱིར་བཏང་གི་མིས་སྤྱོད་སྒོ་ཉུང་བ་ཡིན་པས་ཆེད་དུ་འདིར་སྤེལ་མེད། སྐར་མ་རྟགས་ཅན་གྱི་མགྲོན་ཁང་ཚད་ལྡན་ཞིག་ལ་མ་གཞིའི་ཆ་རྐྱེན་འདི་དག་ལྡན་ཡོད། སྤྱིར་མགྲོན་མཁར་དེ་ལ་ཆེས་ཉུང་མཐའ་མགྲོན་ཤག ༣༠-༤༠ལས་བརྒལ་ཡོད་པ། ཐུན་མོང་གི་གློག་སྐས་དང་། ཐུན་གསུམ་བཟའ་བཅའ་ཡོད་པའི་ཟ་ཁང་། ཚོགས་འདུ་ཁང་། ཇ་གསོལ་ཁང་དང་ཚིག་ཇ་ཁང་། རླངས་འཁོར་ས་ཚུགས་སོགས་ཀྱི་ཆ་རྐྱེན་ལྡན།

མི་སྒེར་ཁང་ཤག་ཏུ། མ་མཐའི་ཆ་རྐྱེན། ༡ ལས་སྒྲུབ་མདུན་ཅོག ༢ གོས་སྒམ། ༣ མལ་ཁྲི། ༤ འདུག་སྟེགས། ༥ གཙང་སྤྱོད། ༦ སྔས་མགོའི་གློག ༧ ཁ་པར། ༨ དྲ་འཇུག ༩ གློག་བརྙན། ༡༠ ཆུ་སྲོ་ཆས། ༡༡ ཇ་ཕོར་དང་ཇ་ལོ་ཚིག་ཇ། ༡༢ འབྲི་ཤོག་འབྲི་སྙུག ༡༣ ཁབ་དང་སྐུད་པ། ༡༤ གཙང་སྦྲ་ལ་མཁོ་བའི་ཉེར་སྤྱོད་ཆ་ཚང། ༡༥ སྟབས་བདེའི་དངོས་པོ་བཅུག་སྣོད། ༡༦ སྐབས་སྤྱོད་ཀྱི་མཁོ་ཆས་རིགས་ཉིན་བཞིན་ཁ་སྐོང་དང་། ཉལ་གདན་སོགས་སྐུ་མགྲོན་གྱི་རེ་འདོད་ལྟར་ཉིན་བཞིན་གསར་བརྗེ་དང་གཙང་སྦྲ་གནང་བ་བཅས་ཀྱི་ཆ་རྐྱེན་འདི་དག་ལྡན་ན་ཚད་ལྡན་སྐར་མ་རྟགས་ཅན་གྱི་མགྲོན་ཁང་གི་ཁོངས་གཏོགས་ཡིན། དེ་མིན་སྐར་བཞི་སྐར་ལྔ་སོགས་རིམ་བཞིན་མགྲོན་ཁང་གི་མཛེས་བཟོ་དང་། ཁང་ཤག་གི་གྲངས་ཀ ཆེ་ཆུང་། རྒྱུ་སྤུས། མཁོ་ཆས། བདེ་འཇགས་དང་། འགྲོ་འོང་དང་འཚོ་བ་སྟབས་བདེ།ཞབས་ཕྱི་སོགས་ཀྱི་ལྷུ་ལག་ཆ་ཚང་ཡིན་པ་དང་། ཚད་ལྡན་ཡིན་པ་སོགས་ཚད་གཞི་རིམ་པ་ལྟར་མཐོ་བ་ཡིན།

རིན་གོང་། མགྲོན་ཁང་གི་རིན་གོང་ནི། ༡ ས་ཆ་མི་འདྲ་བའི་ཁྱད་པར་དང་། ༢ གྲོང་ཁྱེར་གྱི་རྣམ་པ་བཟང་ངན་དང་། ༣ གྲོང་ཁྱེར་གྱི་ཕྱི་ནང་གཉིས་ལའང་རིན་གོང་མཐོ་དམན་གྱི་ཁྱད་པར་ཆེན་པོ་ཡོད། དེའི་ཕྱིར་སྤྱི་ཁྱབ་ནས་བཤད་ན་མགྲོན་ཁང་འདི་དག་གི་རིན་གོང་ཚོད་འཛིན་དང་གཏན་ཁེལ་བ་མེད་པ་ཡིན། དམངས་སྒོར་བརྒྱ་ཕྲག་ནས་ཁྲི་ཕྲག་འགའི་བར་དུ་ཡོད།

མགྲོན་ཁང་རིགས་གཉིས་པ། མལ་ཁང་། སྣེ་ལེན་ཁང་། ཞག་སྡོད་ཁང་། 招待所住宿 འདི་དག་ནི་སྔོན་ཆད་ལས་ཁུངས་དང་སློབ་གྲྭ།ཚོགས་པ་ཆེ་ཁག་དག་གི་ཆེད་དུ་ལས་ཁུངས་ཀྱི་སྐུ་མགྲོན་སྣེ་ལེན་དང་ཞག་སྡོད་བྱ་སའི་སྒེར་སྒྲུབ་སྡོད་ཁང་ཡིན། ཡིན་ནའང་དེང་དུས་སྤྱི་སྤྱོད་དུ་གྱུར་ནས། མིང་འདི་བཀོལ་སའི་སྡོད་ཁང་ནང་དུ་སྤྱིའི་མགྲོན་པོ་བསུ་བཞིན་ཡོད།སྡོད་ཁང་འདི་དག་གི་ཕྱིའི་མཛེས་བཟོ་དང་། ཁང་ཤག་གི་གྲངས་ཀ ཆེ་ཆུང་། རྒྱུ་སྤུས། མཁོ་ཆས། བདེ་འཇགས་དང་། ཞབས་ཕྱི་སོགས་ཀྱི་ལྷུ་ལག་དེ་ཙམ་ཆ་ཚང་མིན་པ་དང་ཚད་གཞི་ཧ་ཅང་ཞན་པའི་སྡོད་ཤག་གི་རིགས་ཡིན། དེའི་ཕྱིར་རིམ་པ་དམའ་བའི་གྲོང་སྡེ་ལས་འཕེལ་རྒྱས་ཅན་གྱི་གྲོང་ཁྱེར་དག་ན་དཀོན་པར་སྣང་།       བསིལ་རླུང་རྒྱུན་ཤེས་འཕྲིན་སྟེགས་ལས་བཤུས།


                        རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། བན་ཤུལ་འཇམ་དབྱངས། འབའ་སྣང་གྲོལ།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། oldr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23527955
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།