ང་ཚོ་འཚོལ་སའི་ལམ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» ལྷུག་རྩོམ། »ང་ཚོ་འཚོལ་སའི་ལམ།
ང་ཚོ་འཚོལ་སའི་ལམ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-07-07ལྟ་ཀློག (2829)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ང་ཚོ་འཚོལ་སའི་ལམ།
—— མ་ཡུམ་སློབ་གླིང་གི་ལོ་ངོ་ཉི་ཤུ་ལ།
            ཧོར་ཞི་བདེ་རྒྱ་མཚོ།

      དགེ་རྒན་འཇིགས་མེད་རྒྱལ་མཚན་ཞེས་པའི་མཚན་འདི་ནི་སྙན་ངག་ཅིག་ཏུ་ཇི་ལྟར་གྲུབ་པ་ཡིན་ནམ།  ལོ་རྒྱུས་ཤིག་ཏུ་ཅིའི་ཕྱིར་གྱུར་པ་ཡིན་ནམ།སློབ་གྲྭར་འགྲིམས་ལོ་དང་སྙན་ངག་བྲིས་ལོ།  ཐལ་མོ་བརྡབས་ལོ་དང་དྲིལ་བུ་དཀྲོལ་ལོ།  བྱ་དགའ་བླངས་ལོ་ཐམས་ཅད་དེ་ལྟར་གྱུར་འགྲོ་བ་ཡིན་ནམ།
     ལོ་རྒྱུས་ལ་མཇལ་ནས་ཡོང་ན།  དོན་ངོ་མར་འཇིག་རྟེན་འདི་སྐབས་གང་དུའང་སྐྱེས་བུ་ཉུང་ངུ་ཞིག་གི་དཀའ་སྡུག་ཁོ་ན་ལ་བརྟེན་ནས་ལངས་ཐུབ་པར་གྱུར་ཡོད།
     གནས་ལུགས་འདི་ལས་ང་ཚོས་ཤེས་ཐུབ་པ་ནི།  ཇི་སྲིད་དུ་མིའི་རིགས་ཀྱི་སྨག་མ་སངས་ཀྱི་བར་དེ་སྲིད་དུ།  སྐྱེས་བུ་ཉུང་ཤས་ཤིག་ཁོ་ནས་ནམ་ནམ་ཞར་ཞར་བཟོད་གླགས་མེད་པའི་མནར་གཅོད་མྱོང་དགོས་པ་དེ་རེད།   མིའི་རིགས་ཀྱི་ལོ་རྒྱུས་དེ་ལྟར་གྲུབ་འདུག  རླབས་ཆེན་གྱི་སྐྱེས་བུ་ཉུང་ཤས་ཤིག་གི་མགོ་བོ་ཚལ་བ་བརྒྱར་ནི་དེ་ལྟར་གས་འདུག
     འདི་ནི་ཅི་ཞིག་ཡིན་ནམ།   འདི་ནི་ང་ཚོས་ཐོག་མར་བསླབ་དགོས་པའི་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་རྨང་ཡིན།  འདི་ནི་ང་ཚོས་ང་ཚོ་འཚོལ་སའི་ལམ་ཡིན།
     ཡུལ་དང་དུས།  གནས་སྐབས་གང་དུའང་ང་ཚོ་ཕལ་མོ་ཆེར་ལྷག་ཡོད་པ་ནི་རྗེས་དྲན་ཙམ་ཡིན་ནམ།   བསྟོད་ཚིག་ཙམ་ཡིན་ནམ།

                  2014/3/5 ལ།

རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། vsky བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23651513
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།