བསླབ་བྱ་ཚིག་གསུམ་མ་བཞུགས་སོ།།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »བསླབ་བྱ་ཚིག་གསུམ་མ་བཞུགས་སོ།།
བསླབ་བྱ་ཚིག་གསུམ་མ་བཞུགས་སོ།།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2015-07-07ལྟ་ཀློག (2995)རྩོམ་ཁུངས: ངེད་དྲ་བ།

༄༅། །བསླབ་བྱ་ཚིག་གསུམ་མ་བཞུགས་སོ།།

 

                 རྫ་དཔལ་སྤྲུལ་གྱིས།

 

༈ ཡོད་དགོས་པ་གསུམ།

མལ་ན་ལུས།

ལུས་ན་སེམས།

སེམས་ན་ལྷོད།

 

༈ ཉན་མི་རུང་བ་གསུམ།

གཞན་གྱི་ངོ་བསྟོད།

ཨ་གསར་གྱི་སྐད་ཆ།

ཤེས་མེད་ཀྱི་ཁ་ཏ།

 

༈ སྨོད་མི་ཉན་པ་གསུམ།

ཡུལ་སྡེས་བརྩི་བའི་མི།

གཞན་གྱིས་བཙོང་རྒྱུའི་ནོར།

རང་ལ་བརྩེ་བའི་བཤེས།

 

༈ བསྟོད་མི་ཉན་པ་གསུམ།

ཀུན་གྱིས་སྨད་པའི་མི།

རང་མཐོང་ཅན་གྱི་གླེན་པ།

གང་ཡང་མི་ཤེས་པའི་བྱིས་པ།

 

༈ ཡིད་ཀྱིས་སྨོན་མི་ཉན་པ་གསུམ།

ཕྱུག་པོའི་རྒྱུ།

མཐོན་པོའི་ཐོབ།

འཕྱོར་པོའི་རྒྱན།

 

༈ བརྗེད་མི་རུང་བ་གསུམ།

བཀའ་དྲིན་ཅན་གྱི་བླ་མ།

ཐུགས་རྗེ་ཅན་གྱི་སངས་རྒྱས།

དྲན་ཤེས་བག་ཡོད།

 

༈ དྲན་དགོས་པ་གསུམ།

བསླབ་པ་སྦྱིན་པའི་མཁན་པོ།

བསླབ་པ་སྟོན་པའི་ཆོས།

བསླབ་བྱའི་དམ་སྡོམ།

 

༈ བརྗེད་ན་དགའ་བ་གསུམ།

ཁྲོ་བོའི་དགྲ

ཆགས་པའི་ཡུལ།

གཏི་མུག་གཉིད།

 

༈ འཛིན་ན་དགའ་བ་གསུམ།

ཚོགས་སུ་ཁ།

གཅིག་པུར་ལག

རྟག་ཏུ་སེམས།

 

༈ ངོམས་མི་རུང་བ་གསུམ།

གློ་བུར་གྱི་ངེས་འབྱུང༌།

གཡོ་སྒྱུའི་ཁུག་མགོ

འཕྲལ་གྱི་དགེ་སྦྱོར།

 

༈ མི་རུང་བ་གསུམ།

གྲོགས་ལ་དགའ་སྡུག

གཏམ་ལ་འགྱུར་ལྡོག

བྱ་བ་ལ་ངོ་ལྐོག

 

༈ བྱེད་མི་རུང་བ་གསུམ།

རང་གདོང་གི་འགྱིང༌།

གཞན་གྱི་བླ་བཙག

སུ་ལའང་བརྙས་བཅོས།

 

༈ འཆོར་མི་ཉན་པ་གསུམ།

མཐོན་པོ་ལ་རྒྱུ།

ཟོག་པོ་ལ་དད་པ།

སུ་ལའང་སྙིང་གཏམ།

 

༈ བསྟུན་དགོས་པ་གསུམ།

གཏམ་གྲོགས་དང་བསྟུན།

ཟས་ཁམས་དང་བསྟུན།

སེམས་ཆོས་དང་བསྟུན།  


                                 རྩོམ་སྒྲིག་འགན་འཁུར་བ། ཁྰ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K
ལྟ་ཀློག་གྲངས་ཀ
23531604
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།