རུ་མང་དགོན་པའི་ཆོས་རིག་སྒྲོན་མེ་ཚོགས་པ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 12 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» ཡན་ལག་སློབ་གྲྭ་དང་ཚོགས་པ། »རུ་མང་དགོན་པའི་ཆོས་རིག་སྒྲོན་མེ་ཚོགས་པ།
རུ་མང་དགོན་པའི་ཆོས་རིག་སྒྲོན་མེ་ཚོགས་པ།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-07-07ལྟ་ཀློག (4798)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རུ་མང་དགོན་པའི་ཆོས་རིག་སྒྲོན་མེ་ཚོགས་པ།


      ཆོས་རིག་སྒྲོན་མེ་ཚོགས་པ་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་མཐར་ཕྱིན་པའི་རུ་མང་དགོན་གྱི་གྲྭ་བཙུན་འགས་བཙུགས་པ་ཡིན་ལ། དེ་ཡང་སྤྱི་ལོ་༢༠༠༦ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་གྲྭ་བཙུན་རུ་མང་འཕྲིན་ལས་རྒྱ་མཚོས་རང་དགོན་པའི་ན་གཞོན་གྲྭ་བ་རྣམས་ལ་དག་ཡིག་དང་སུམ་རྟགས་ཀྱི་དཔེ་ཁྲིད་བྱེད་པའི་འཛིན་གྲྭ་གཉིས་བཙུགས་པ་དེ་ལ་ཆོས་རིག་ཟབ་སྦྱོང་འཛིན་གྲྭ་ཟེར་ཞིང་། རིམ་བཞིན་ཇེ་རྒྱས་སུ་བཏང་ནས་༢༠༡༢ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་མཐར་ཕྱིན་པའི་འཕྲིན་ལས་རྒྱ་མཚོ། སྐལ་ལྡན་རྒྱ་མཚོ། བྱམས་པ་རྒྱ་མཚོ། འཇིགས་མེད་དར་རྒྱས་བཅས་ཀྱིས་རང་དགོན་པའི་དོ་དམ་ཁང་དང་མཉམ་འབྲེལ་སྒོས་ཆོས་རིག་སྒྲོན་མེ་ཚོགས་པ་དངོས་སུ་བཙུགས་ཤིང་། བྱ་བ་གཙོ་བོ་དགོན་གྲོང་གཉིས་ལ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་བསྒྲིགས་པའི་རྒྱུན་བཀོལ་ཐ་སྙད་ཕྱོགས་བསྒྲིགས་དཔེ་ཁྲིད་བྱས་ནས་ཕ་སྐད་གཙང་མ་དམ་འཛིན་དང་། སྲོལ་རྒྱུན་གྱི་དམངས་སྲོལ་སོགས་ཉམས་པ་སླར་གསོ་དང་གནས་པ་གོང་འཕེལ་དུ་གཏོང་བ། མང་ཚོགས་ལ་ཡིག་རྨོངས་སེལ་དང་དགོན་པའི་གྲྭ་གཞོན་རྣམས་ལ་སུམ་རྟགས་དག་གསུམ་གཙོས་དཔེ་ཁྲིད་བྱེད་པ་སོགས་དགོན་པ་གྲྭ་ཚང་དང་སྤྱི་ཚོགས་ལ་ཞབས་ཞུ་གང་ལེགས་བསྒྲུབས་པས་མང་ཚོགས་ཀྱིས་དགའ་བསུ་ཐོབ་ཡོད།

ཚོགས་པ་འདིའི་དམིགས་ཡུལ་ནི་ས་གནས་མང་ཚོགས་ལ་སྐུལ་སློང་དང་སྣེ་ཁྲིད་བྱས་ཏེ་བོད་སྐད་གཙང་མ་བཤད་དུ་འཇུག་པ་དང་། གནའ་སྲོལ་བཟང་བོ་ཉམས་པ་སླར་གསོ་བྱེད་པ། མང་ཚོགས་ཀྱི་ཡིག་རྨོངས་སེལ་བ། དགོན་པའི་ན་གཞོན་གྲྭ་བ་ལ་བོད་རྒྱ་ཡིག་རིགས་ཀྱི་རིག་གནས་ཀྱི་རྨང་གཞི་གཏོང་རྒྱུ་བཅས་ཡིན།



ཆོས་རིག་སྒྲོན་མེ་ཚོགས་པའི་ལས་འཛིན་མི་སྣ།

སྤྱིའི་འགན་འཛིན་པ། རུ་མང་འཕྲིན་ལས་རྒྱ་མཚོ། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་དྲུག་པའི་མཐར་ཕྱིན་སློབ་མ།

ལས་སྒྲུབ་པ། རུང་མང་སྐལ་ལྡན་རྒྱ་མཚོ། སྐབས་བཅུ་གཉིས་པའི་མཐར་ཕྱིན་སློབ་མ།

ལས་སྒྲུབ་གཞོན་པ། རུ་མང་བྱ་པ་རྒྱ་མཚོ། སློབ་བཅུ་བཞི་བའི་མཐར་ཕྱིན་སློབ་མ།

ལས་སྒྲུབ་འགན་འཛིན་པ། རུ་མང་འཇིགས་མེད་དར་རྒྱས། སྐབས་བཅུ་བའི་མཐར་ཕྱིན་སློབ་མ།

༢༠༡༡་ལོའི་ཆོས་རིག་ཟབ་སྦྱོང་འཛིན་གྲྭའི་གསུམ་བཟང་སློབ་མ་དང་རྒྱུགས་འབྲས་ལེགས་པའི་སློབ་མ།

༢༠༡༣ལོའི་ལོ་སྟོད་ལ་སྤེལ་བའི་ཕ་སྐད་གཙང་མའི་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པའི་མི་སྣ།


བྱ་དགའི་རྣམ་གྲངས་སྐོར་ཞིག

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་སྒྲིག་རྩོམ་བྱས་པའི་རྒྱུན་བཀོད་ཐ་སྙད་ཕྱོགས་བསྒྲིགས་ལ་རྒྱུགས་ལེན་བཞིན་པ།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། vsky བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5914139
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号