དུང་རི་འདོད་འབྱུང་བློ་བཟང་དར་རྒྱས་སློབ་གླིང་ངོ་སྤྲོད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» ཡན་ལག་སློབ་གྲྭ་དང་ཚོགས་པ། » དུང་རི་འདོད་འབྱུང་བློ་བཟང་དར་རྒྱས་སློབ་གླིང་ངོ་སྤྲོད།
དུང་རི་འདོད་འབྱུང་བློ་བཟང་དར་རྒྱས་སློབ་གླིང་ངོ་སྤྲོད།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2015-07-06ལྟ་ཀློག (8898)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 དུང་རི་འདོད་འབྱུང་བློ་བཟང་དར་རྒྱས་སློབ་གླིང་ངོ་སྤྲོད་མདོར་བསྡུས།


           དེ་ཡང་དུང་རི་འདོད་འབྱུང་བློ་བཟང་དར་རྒྱས་སློབ་གླིང་ནི་འཕགས་པའི་དགེ་འདུན་བློ་བཟང་དར་རྒྱས་མཆོག་གི་རང་ལུས་ཀྱི་ལྟེ་ཁྲག་ཐོག་མ་འཐོར་སའི་ཕ་ཡུལ་ལ་ཤེས་རིག་གི་མེ་ཏོག་ཚོམ་བུ་ཞིག་གཏོར་འདོད་པའི་བརྡ་རྟགས་ཤིག་ཡིན། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་སློབ་གྲྭ་འདི་ལེགས་གྲུབ་མ་བྱུང་གོང་ན་ཁོང་ཉིད་ཕྱི་ཕྱོགས་དབྱིན་ཇིའི་རྒྱལ་ས་ནས་འཇིག་རྟེན་མི་ཡུལ་དང་ཁ་གྱེས་སོང་། དེ་རྗེས་ཁོང་ཉིད་ཀྱི་ཁ་ཆེམས་ནང་བཞིན་ཁོང་གི་ནང་མི་ཚོས(བུ་སྤུན་བསོད་ནམས་བཟང་བོ་དང་ཆོས་ཐོད། བློ་བཟང་བསྟན་པ་སོགས་ཀྱིས)རྒྱུན་བསྐྱངས་ནས་ལེགས་གྲུབ་བྱུང་བ་ཞིག་རེད། སློབ་གླིང་འདིར་སྤྱི་ལོ༢༠༡༠ལོའི་ཟླ༡༡བའིཚེས༢༤ཉིན་ནས་སློབ་འགོ་དངོས་སུ་བརྩམས། འདི་ནི་མགོ་ལོག་ཁུལ་དང་སྤྱི་ལེ་བདུན་བཅུ་ཙམ་ཡོད་པའི་ཆ་དུང་རི་དགོན་པའི་ཉེ་འདབས་སུ་ཆགས་ཡོད། སློབ་གླིང་འདིའི་སའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ལྔ་བརྒྱ་ཡོད།  འདིར་གསར་བཞེངས་ཁང་བ་ཉི་ཤུ་རྩ་བཞི་དང་སློབ་ཁང་བཞི། སློབ་མའི་མལ་ཁང་ལྔ་དང་ཇ་ཁང་གཅིག གཞུང་ལས་ཁང་གཅིག་བཅས་ཡོད། ལོ་དང་པོའི་ནང་ལ་གསར་ཞུགས་སློབ་མ་སོ་དྲུག་དང་གདན་ཞུའི་དགེ་རྒན་གཉིས་ཡོད། ཁྲིད་བྱ། བོད་ཡིག རྒྱ་ཡིག རྩིས་རིག དབྱིན་ཡིག ཀུན་སྤྱོད། ཕ་སྐད་བཅས་ཡིན།
          སྤྱི་ལོ་༢༠༡༡ལོའི་ཟླ༡༡ཚེས༢༤ཉིན་དུང་རི་འདོད་འབྱུང་བློ་བཟང་དར་རྒྱས་སློབ་གླིང་བཙུགས་ནས་ལོ་འཁོར་གཅིག་ལོན་པའི་འཁྲུངས་སྟོན་དང་ལྷུན་དུ་ཕྱིར་རྟོགས་གྲོས་མོལ་ཚོགས་འདུ་སྐབས་དང་པོ་སློབ་གླིང་འདི་རུ་ཚོགས། གདན་ཞུའི་སྐུ་མགྲོན་ལ་དགེ་བའི་གཤེས་གཉེན་དམ་པ་ཨ་ཁུ་དགེ་ལེགས་རབ་རྒྱས་ཚང་དང་དུས་རབས་ཉེར་གཅིག་པའི་སྙན་ངག་པ་ཆེན་པོ་འཇུ་སྐལ་བཟང་། མགོ་ལོག་སློབ་གསོ་བ་དུར་བུད་མཚོ་སྐྱེས་རྡོ་རྗེ་དང་རང་དགོན་གྱི་དགོན་བདག་བླ་མ་པདྨ་ཐུགས་མཆོག མཁན་འཇམ་དབྱངས་བློ་གྲོས་དང་ཨ་སྐྱོང་རྟོགས་ལྡན་དགོན་བེ་རོའི་སློབ་གླིང་གི་སློབ་གཙོ་གཙང་ཤུལ་དབང་དྲག་ནོར་བུ། ཆོལ་གསུམ་སྐད་ཡིག་ཉམས་གསོ་ཚོགས་པའི་ཚོགས་གཙོ་ཇོ་ཡི་ཚུལ་ཁྲིམས་སོགས་མཁས་དབང་དུ་མ་དང་རང་རེའི་ཡུལ་ཤོག་གི་ཏང་ཡོན་ཚེ་དབང་དང་མགོན་ཚེ་བཅས་ཡོད། ཐེངས་འདིའི་སློབ་གསོའི་དམིགས་ཡུལ་གཙོ་བོ་ནི་འབྲོག་པ་མང་ཚོགས་རྣམས་ལ་མ་འོངས་པའི་བྱིས་པ་ཚོ་སློབ་གསོའི་ལམ་ཁ་ལ་ཇི་ལྟར་གོམ་པ་སྤོ་རྒྱུ་དང་ཁྱིམ་བདག་སོ་སོའི་རང་གི་བུ་ཕྲུག་མདུན་ལམ་ལ་ཇི་ལྟར་བསམ་གཞིག་གཏོང་དགོས་པ་སོགས་ཀྱི་ཐད་ལ་གསུང་བཤད་རབ་དང་རིམ་པ་ཞིག་གནང་བ་ཡིན། ཉིས་སྟོང་བཅུ་གཅིག་ལོར་གསར་ཞུགས་སློབ་མ་བཅུ་ལྷག་ཡོད་ལ་ཉིས་སྟོང་བཅུ་གཉིས་ལོར་མཐར་ཕྱིན་སློབ་མ་བདུན་ཡོད། དེ་ཚོ་ཕྱོགས་སོ་སོའི་སྒེར་བཙུགས་སློབ་གྲྭའི་མཐོ་འབྲིང་དང་དམའ་འབྲིང་ན་སློབ་གཉེར་བྱེད་ཀྱིན་ཡོད། ཉིས་སྟོང་བཅུ་བཞི་ལོར་མཐར་ཕྱིན་སློབ་མ་བརྒྱད་ཡོད་དེ། དེ་དག་ནི་སྐྱེས་མ་རྐྱང་རྐྱང་ཡིན་པས་གངས་ལྗོངས་བུད་མེད་རྩྭ་ཐང་སློབ་གྲྭ་ལ་རྒྱུགས་སྤྲད་ནས་དེ་རུ་སློབ་གཉེར་བྱེད་ཀྱིན་ཡོད། སློབ་གྲྭ་འདིའི་འགྲོ་སྒོ་ཡོད་ཚད་སློབ་གཙོ་དམ་པ་བློ་བཟང་དར་རྒྱས་མཆོག་གི་ཕུ་བོ་ཆོས་ཐོད་ལགས་ཀྱིས་དཀའ་མོའི་ཚེགས་དང་དཀོན་པའི་རྒྱུ་ལ་མ་འཛེམ་པར་སྦྱིན་པའི་ལག་ཟུང་རིང་དུ་བསྐྱངས་ནས་བསྐྲུན་པ་ཞིག་རེད། ཟ་རིན་ཕྱེད་དང་སློབ་རིན་སོགས་ཅི་ཡང་བླངས་མེད་པར་མ་ཟད་གདན་ཞུའི་དགེ་རྒན་རྣམས་ལ་ཟླ་གཅིག་གི་རིང་ལ་ཟླ་ཕོག་སྒོར་སྟོང་གཅིག་ལྷག་སྤྲོད་ཀྱིན་ཡོད། ད་ལྟའི་བར་ཏུ་འགྲོ་སོང་ལ་དམངས་སྒོར་ཁྲི་བརྒྱད་ཅུ་ལྷག་བཏང་ཟིན། ཞོར་དུ་ཕ་ཡུལ་གྱི་སློབ་མ་དང་ཡིག་རྨོངས་པ་ཚོར་ཆེད་དུ་དམིགས་ནས་གསབ་སྦྱོང་འཛིན་གྲྭ་ཡང་ལོ་རེ་བཞིན་བསྒྲུབས་དང་སྒྲུབ་ཀྱིན་ཡོད།  དེ་དག་ནི་རྨོངས་སེལ་དང་སུམ་ཅུ་བ། རྟགས་འཇུག་དང་རྒྱ་ཡིག་བཅས་སོ།། ཉིས་སྟོང་བཅུ་གསུམ་ལོ་གོང་རིམ་འགོ་ཁྲིད་པས་རྒྱབ་སྐྱོར་འོག་ནས་བྱིས་གཉོར་ཁང་ཞིག་བཙུགས་ཆོག་པའི་ཆོག་མཆན་ཐོབ་ཡོད། ད་བར་སློབ་གྲྭ་འདིར་བྱིས་གཉོར་ཁང་གི་སློབ་མ་དང་བཅས་སྡོམ་པའི་སློབ་མ་བདུན་ཅུ་ལྷག་ཅིག་གསོ་སྐྱོང་བྱེད་བཞིན་ཡོད། སློབ་གྲྭ་འདིར་མཐོན་པོར་ངོ་སོ་དང་དམའ་མོར་མཐོང་ཆུང་སོགས་ལས་འབྲས་དང་འགལ་བའི་སྙོག་ལས་གང་ཡང་མེད་པར། དྲང་པོ་དྲང་བཞག་དང་དངོས་ཐོག་བདེན་འཚོལ་གྱིས་བྱ་བ་བསྒྲུབས་དང་སྒྲུབ་བཞིན་ཡོད། འདིའི་དམིགས་ཡུལ་ཡང་རང་གི་ཕ་ས་ཕ་ཡུལ་གྱི་ཡིག་རྨོངས་པ་ཇེ་ཉུང་དུ་བཏང་རྒྱུ་ཙམ་ལས་གཞན་ཁེ་སྙན་གྲགས་དང་ཐོབ་གོ་ས་སོགས་གཏན་ནས་མ་ཡིན་ནོ།།
                    

                                                                                        ཞེས་དུང་རི་འདོད་འབྱུང་བློ་བཟང་དར་རྒྱས་སློབ་གྲྭའི་སློབ་སྟོན་ཁང་གིས།  

 

གདན་ཞུའི་སྐུ་མགྲོན་ལ་དགེ་བའི་གཤེས་གཉེན་དམ་པ་ཨ་ཁུ་དགེ་ལེགས་རབ་རྒྱས་ཚང་དང་དུས་རབས་ཉེར་གཅིག་པའི་སྙན་ངག་པ་ཆེན་པོ་འཇུ་སྐལ་བཟང་སོགས་ཀྱིས་གཏམ་བཤད་གནང་བ།

གདན་ཞུའི་སྐུ་མགྲོན་ལ་དགེ་བའི་གཤེས་གཉེན་དམ་པ་ཨ་ཁུ་དགེ་ལེགས་རབ་རྒྱས་ཚང་དང་དུས་རབས་ཉེར་གཅིག་པའི་སྙན་ངག་པ་ཆེན་པོ་འཇུ་སྐལ་བཟང་། མགོ་ལོག་སློབ་གསོ་བ་དུར་བུད་མཚོ་སྐྱེས་རྡོ་རྗེ་དང་རང་དགོན་གྱི་དགོན་བདག་བླ་མ་པདྨ་ཐུགས་མཆོག་སོགས་མཉམ་བཞུགས་འདྲ་པར།

སློབ་མ་རྣམས་ཀྱིས་ཞབས་བྲོ་འཁྲབ་བཞིན་པ།

 ཀ་ཁའི་དབྱངས་རྟ་ངག་ལ་གྱེར་ཏེ་སློབ་སྦྱོང་བྱེད་བཞིན་པའི་རྣམ་པ་ཟུམ་ཙམ།

དགེ་སློབ་མཉམ་འཛོམས་ཀྱི་འདྲ་པར།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། yvo3 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23525505
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།