རྨུ་ཐག་ལོ་དེབ་ངོ་སྤྲོད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྤྱི་ཚོགས་དང་སློབ་གླིང་། »རྨུ་ཐག་ལོ་དེབ་ངོ་སྤྲོད།
རྨུ་ཐག་ལོ་དེབ་ངོ་སྤྲོད།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2015-07-06ལྟ་ཀློག (4722)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྨུ་ཐག་ལོ་དེབ་ངོ་སྤྲོད། 

 

       ལོ་དེབ་འདི་ནི་སྤྱི་ལོ་ཉིས་སྟོང་གཉིས་ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་མི་རིགས་སློབ་གསོའི་ལས་དོན་ལ་དུངས་པ་ཟབ་ཅིང་། གཞན་ཕན་ལྷག་བསམ་གྱིས་ཐུགས་བརྒྱུད་ཡོངས་སུ་གཏམས་པའི་དགེ་བའི་བཤེས་གཉེོན་ཆེན་མོ་རྒན་དམ་པ་འཇིགས་མེད་རྒྱལ་མཚན་ཚང་དང་། བཛྲ་ཚུལ་ཁྲིམས་རྒྱ་མཚོ་ཚང་། ལྡོང་ཡོན་ཏན་སོགས་ཀྱི་མདུན་སར་གདམས་ངག་མང་དུ་འཐུང་བའི་སྐལ་བཟང་མངོན་དུ་གྱུར་བའི་ཐུགས་རྗེ་ལས་རང་ཉིད་ཀྱིས་ཀྱང་བོད་རང་གི་རྩོམ་རིག་སྒྱུ་རྩལ་ལ་དགའ་མོས་ཡོད་མཁན་ཚོར་སྐུལ་ལྕགས་ཙམ་དང་། བོད་པའི་རིག་གནས་སྤྱི་ལ་ལྷག་བསམ་གཙང་མས་ཞབས་འདེགས་ཕྲན་ཙམ་ཞུ་ཐུབ་ན་ཅི་མ་རུང་སྙམ་པའི་ཀུན་སློང་གཙང་མས་སྔོན་བསུས་ཏེ་རྟ་ནག་སྐལ་བཟང་ལུང་རིགས་དང་བན་ཤུལ་འཇམ་དབྱངས་གཉིས་ཀྱིས་སློབ་གཉེར་གྱི་ཞོར་དུ་རྩོམ་སྒྲིག་བྱས་པའི་སྣ་འཛོམས་སྙན་ངག་དུས་དེབ་ཞིག་ཡིན། ཉིས་སྟོང་བཞི་ལོར་རྟ་ནག་སྐལ་བཟང་ལུང་རིགས་ཀྱིས་རང་གིས་ཕུགས་བསམ་གཞན་ཞིག་གི་ཆེད་དུ་གཞན་ཡུལ་འགྲིམས་རྐྱེན་རྨུ་ཐག་དུས་དེབ་ཀྱི་ལས་དབང་ལ་གོད་ཆག་ཐེབས། དུས་དེ་ནས་བཟུང་ལས་མཐུན་གྲོགས་པོ་དཀར་མོ་བསམ་གཏན་དང་། རྩེ་སྐྱེས་རྡོར་རྒྱམ། ཕྲན་བན་ཤུལ་འཇམ་དབྱངས་སམ་འཁྱམ་པོ་བསེ་རུ་གསུམ་གྱིས་རྩོམ་སྒྲིག་བྱས་མོད། ཡང་རིང་བོ་མ་ལོན་པར་གྲོགས་པོ་དེ་གཉིས་ཀྱང་རིམ་བཞིན་ཡུལ་ལུང་ག་གེ་མོར་ཆས་སོང་བས་རྨུ་ཐག་དུས་དེབ་དང་རྩོམ་སྒྲིག་པ་བན་ཤུལ་འཁྱམ་པོ་བསེ་རུ་གཉིས་ཁེར་རྐྱང་དུ་ལུས། ཉིས་སྟོང་དྲུག་ལོ་ནས་བཟུང་གྲོགས་པོ་ཉྭ་ནག་པ་བསྟན་པའི་རྒྱལ་མཚན་གྱིས་རྒྱབ་སྐྱོར་འོག་སྔར་བཞིན་འགྲོ་སོང་ཡོད་ཚད་སྒེར་ངོས་ནས་བཏང་སྟེ། དཀའ་སྡུག་སྣ་ཚོགས་གདོང་གིས་བསུས་ཤིང་མི་མཐུད་དུ་ལོ་རེ་བཞིན་རྩོམ་སྒྲིག་པའི་ལས་འགན་ཕྲག་ཏུ་བླངས་ནས་པར་བསྐྲུན་འགྲེམས་སྤེལ་བྱེད་ཀྱིན་ཡོད །

དེབ་འདིའི་ནང་དུ་ལོ་རེ་རེ་བཞིན་མེ་འབར་བའི་ལེའུ། ཆུ་བཞུར་བའི་ལེའུ། རླུང་ལྡང་བའི་ལེའུ།  གསར་འགྱུར་ལེའུ།   གླེང་སྟེགས་ལེའུ།  ས་འགུལ་བའི་ལེའུ།  ཁྲག་གཏར་བའི་ལེའུ།  མེ་ཏོག་གི་ལེའུ། རི་ཆེན་འགུལ་བའི་ལེའུ།གསེར་ཟམ་ལེའུ་སོགས་ཚན་པ་བཅུ་ལྷག་བགོས་ཏེ་རྩོམ་སྒྲིག་བྱས་པའི་བགྲང་བྱ་བཅུ་ལ་ཕྱིར་དྲན་ཐེངས་ཤིག་བྱས་རྗེས། ལག་ལེན་དངོས་དང་ཉམས་མྱོང་སོགས་མང་བོ་བསགས་པའི་གོ་རིམ་ཁྲོད་དེབ་ནང་གི་ཚན་པ་བགོ་སྟངས་ཐད་ལ་འགྱུར་བ་བཏང་། ཉིས་སྟོང་བཅུ་གསུམ་ལོ་ནས་བཟུང་སྔར་ཡོད་ཚན་པ་དག་ཉུང་དུ་བཏང་སྟེ། ས་ཆུ་མེ་རླུང་བཞིའི་མཚོན་པའི་ཚན་པ་བཞི་རུ་བགོས་ཤིང་། ཚན་པ་དང་བོ་ས་འགུལ་བའི་ལེའུའི་ནང་སྐད་རིགས་གཞན་ལས་ཚུར་བསྒྱུར་བའི་དཔྱད་བརྗོད་གཏམ་བཤད་སོགས་དགོས་གལ་ཆེ་བའི་རྩོམ་རིག་ཀུན་འདུས་བཀོད་ཡོད་པ་དང་།  ལེའུ་གཉིས་པ་ཆུ་བཞུར་བའི་ལེའུའི་ནང་དུ་བོད་རང་གི་སྐད་ཡིག་གི་ལམ་དུ་བརྩམས་པའི་རྩོམ་ཡིག་བཅད་ལྷུག་སྤེལ་མ་ཅི་རིགས་བཀོད་ཡོད།  ལེའུ་གསུམ་པ་མེ་འབར་བའི་ལེའུའི་ནང་དུ་སྐད་རིགས་སྣ་ཚོགས་ལས་ཚུར་བསྒྱུར་པའམ་ཡང་ན་རང་སྐད་དུ་ཡོད་པའི་གནའ་དེང་འཚོ་བའི་རྒྱུན་ཤེས་སྣ་ཚོགས་བརྒྱུད་འགོད་བྱས་ཡོད།  ལེའུ་བཞི་བ་རླུང་ལྡང་བའི་ལེའུའི་ནང་དུ་བོད་ཁུལ་གཙོས་འཛམ་གླིང་ཡུལ་གྲུ་སོ་སོའི་གསར་འགྱུར་གལ་ཆེན་སྣ་ཚོགས་བརྒྱུད་འགོད་བྱས་ཡོད།   ཉིས་སྟོང་གཉིས་ནས་ད་ལྟའི་བར་རྩོམ་པ་བོ་༥༥༢ལྷག་གིས་སྨྱུག་རྩེ་རུ་བཞེངས་པའི་བརྩམས་ཆོས་རིགས་མི་འདྲ་བ་༥༥༢ལྷག་བཀོད་ཟིན་པ་དང་།      གསེར་ཟམ་ལེ་ཚན་དང་དུས་དེབ་གྱི་མདུན་རྒྱབ་པར་ངོས་སུ་སྒེར་བཙུགས་སློབ་གྲྭ་དང་མི་སྣ་རླབས་ཆེན། གསར་སྐྱེས་སྨྱུག་ཐོགས་པ་སོགས་སྤྱི་ཚོགས་ལ་ཕན་ནུས་འདོན་བཞིན་པ་དང་དགའ་མོས་ཡོད་མཁན་གྱི་མི་སྣ་༡༦༠ལྷག་ངོ་སྤྲོད་བྱས་ཏེ་སྤྱི་ཚོགས་ཐོག་འགྲེམས་སྤེལ་བྱས་པར་ཕྱོགས་སོ་སོ་ནས་ཀློག་པ་བོ་མང་བོས་དགའ་བསུ་ཐོབ་པར་མ་ཟད། འཕྲིན་ཡིག་དང་ཁ་པར་སོགས་ཀྱི་ལམ་ནས་དུས་དེབ་འདི་ཉིད་ད་དུང་མུ་མཐུད་དུ་སྤྱི་ཚོགས་སྟེང་འགྲེམ་སྤེལ་པར་བསྐྲུན་བྱ་རྒྱུའི་རེ་འདོད་ཞུ་ཞེས་འབོད་སྐུལ་གནང་བཞིན་ཡོད་པས་ད་དུང་མུ་མཐུད་དུ་རང་ནུས་ཅི་ལྕོགས་ཀྱིས་རྩོམ་སྒྲིག་བྱས་དང་བྱེད་བཞིན་པའོ།།


རྩོམ་སྒྲིག་འགན་འཁུར་བ། ཁྰ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།   འབའ་སྣང་གྲོལ། ཨ་བུ་འབྲོང་། 

 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 41t7 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23527143
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།