ཁྲག་ཤེད་མཐོ་བའི་ནད་ཀྱི་འབྲེལ་ཡོད་རྒྱུན་ཤེས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 4 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» འཕྲོད་བསྟེན་རྒྱུན་ཤེས། »ཁྲག་ཤེད་མཐོ་བའི་ནད་ཀྱི་འབྲེལ་ཡོད་རྒྱུན་ཤེས།
ཁྲག་ཤེད་མཐོ་བའི་ནད་ཀྱི་འབྲེལ་ཡོད་རྒྱུན་ཤེས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2015-07-06ལྟ་ཀློག (3609)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

༄༅། །ཁྲག་ཤེད་མཐོ་བའི་ནད་ཀྱི་འབྲེལ་ཡོད་རྒྱུན་ཤེས།

   རྩོམ་པ་བོ། མི་གསལ།
 

      1.ཁྲག་ཤེད་མཐོ་བ་ནི་ཇི་འདྲ་ཞིག་ཡིན།  ཀྲུང་གོའི་ཁྲག་ཤེད་མཐོ་བར་འགོག་བཅོས་བྱེད་པའི་ཕྱོགས་སྟོན(2005ལོའི་བཟོ་བཅོས་པར་གཞི)ཞེས་པའི་གྲོས་འཆར་ལྟར་ན་ཁྲག་ཤེད་ཀྱི་ཚད་གཞི་ནི། རྒྱུན་ལྡན་གྱི་མི་དར་མའི་སྙིང་ཁ་ཟུམ་པའི་ཁྲག་ཤེད(མཐོ་བའི་ཚད) 120mmHgལས་ཆུང་དགོས་པ་དང་སྙིང་ཁ་འབྱེད་པའི་ཁྲག་ཤེད (དམའ་བའི་ཚད)80mmHgལས་ཆུང་དགོས། ཁྲག་ཤེད་མཐོ་འགྱུར་འགོག་པའི་སྨན་རྫས་མ་སྤྱོད་པའི་གནས་ཚུལ་འོག་སྙིང་ཁ་ཟུམ་པའི་ཁྲག་ཤེད140mmHgལས་ཆེ་བ་དང་འདྲ་མཚུངས་ཡིན་པ་དང་། (ཡང་ན)སྙིང་ཁ་འབྱེད་པའི་ཁྲག་ཤེད90mmHgལས་ཆེ་བ་དང་འདྲ་མཚུངས་ཡིན་ཚེ་ཁྲག་ཤེད་མཐོ་བའི་ནད་གཞི་རུ་གཏན་ཁེལ་བྱས་ཆོག འོན་ཀྱང་ཐེངས་གཅིག་ལ་ཁྲག་ཤེད་མཐོ་བ་དེ་ད་དུང་ནད་གཞི་དེར་གཏན་ཁེལ་བྱེད་མི་ཐུབ་ལ། ངེས་པར་དུ་ཉིན་མི་གཅིག་པའི་ནང་ཁྲག་ཤེད་ལ་ཐེངས་གསུམ་དུ་ཚད་ལེན་བྱས་རྗེས་རྒྱུན་ལྡན་གྱི་ཚད་གཞི་ལས་བརྒལ་ཚེ་ད་གཟོད་གཏན་ཁེལ་བྱས་ཆོག
2.ཁྲག་ཤེད་མཐོ་བའི་གནོད་པ།      ཁྲག་ཤེད་མཐོ་བ་དེས་གཙོ་བོར་སྙིང་ཁམས་དང་། ཀླད་པའི་ཁྲག་རྩ། མཁལ་མ། དེ་མིན་མིག་རྩ་བཅས་ལ་གནོད་པ་ཐེབས་སྲིད་པར་མ་ཟད། མཐོང་བྱེད་དྲ་སྐྱིའི་ནུས་པ་ཇེ་ཞན་དུ་འགྱུར་ངེས། ཚབས་ཆེ་ན་དབང་བོར་སྐྱོན་ཤོར་བ་དང་ཚེ་སྲོག་ཤོར་ངེས།
3.ཁྲག་ཤེད་མཐོ་བའི་ནད་རྟགས།      ཁྲག་ཤེད་མཐོ་བའི་ནད་ནི་ནད་རྟགས་ཅི་ཡང་མེད་པའམ་ཡང་ན་ནད་པས་ཤེས་ཚོར་མི་ཐུབ་པའི་ནད་རྟགས་ཏེ་ཚོར་མེད་ཀྱི་སྲོག་གཅོད་ཅིག་ཡིན། རྒྱུན་འབྱུང་གི་ནད་རྟགས་ནི་མགོ་ན་བ་དང་། མགོ་ཡོམ་འཁོར་བ། སུན་སྣང་སྐྱེས་པ་དང་སེམས་འཚུབ་སླ་བ། རིག་པ་གཅིག་ཏུ་གཏོད་མི་ཐུབ་པ་སོགས་ཡིན།


རྩོམ་སྒྲིག་འགན་འཁུར་བ། ཁྰ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།འབའ་སྣང་གྲོལ། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། kh9n བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23574590
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།