ཁོག་སྟོང་དུ་ཆུ་འཐུང་བའི་ཕན་ཡོན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» འཕྲོད་བསྟེན་རྒྱུན་ཤེས། »ཁོག་སྟོང་དུ་ཆུ་འཐུང་བའི་ཕན་ཡོན།
ཁོག་སྟོང་དུ་ཆུ་འཐུང་བའི་ཕན་ཡོན།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2015-07-06ལྟ་ཀློག (4160)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

༄༅། །ཁོག་སྟོང་དུ་ཆུ་འཐུང་བའི་ཕན་ཡོན།

ྩོམ་པ་པོ།   མི་གསལ།    

         ཆུའི་གསོ་བཅོས་ཀྱི་ཁེ་ཕན།       ཞོགས་པ་གཉིད་སད་མ་ཐག་ལམ་སེང་ཆུ་འཐུང་རྒྱུ་ནི་དེང་སང་ཉི་ཧོང་ནང་དར་ཁྱབ་ཧ་ཅང་ཆེ། དེ་བས་ཀྱང་།    ཚན་རིག་བརྟག་དཔྱད་མང་པོ་ཞིག་གིས་དེའི་རིན་ཐང་ར་སྤྲོད་བྱུང་ཡོད། གཤམ་འདིར་ང་ཚོས་ཀློག་མཁན་ཚོར་ཆེད་དུ་དམིགས་ནས་ཆུ་བེད་སྤྱོད་བྱེད་སྟངས་སྐོར་གྱི་ཤེས་བྱ་ཞིག་ངོ་སྤྲོད་བྱེད་རྒྱུ་ཡིན། ནད་གཞི་རྙིང་པ་དང་། ནད་ཐུ་མོའི་རིགས། དེ་བཞིན་དུ་ནད་ཡང་མོའི་རིགས་གང་ལ་མཚོན་ན་ཡང་། ཆུའི་གསོ་བཅོས་ཀྱིས་དགེ་ཕན་ཧ་ཅང་ཆེ་བ་མ་ཟད། ཉི་ཧོང་གི་འཕྲོད་བསྟེན་ཚན་རིག་སྡེ་ཁག་ཅིག་གིས་གཤམ་གྱི་ནད་གཞི་ཁག་ཆུའི་གསོ་བཅོས་ལ་བརྟེན་ནས་བརྒྱ་ཆའི་བརྒྱ་ཐམས་པ་གསོ་བཅོས་བྱེད་ཐུབ་པ་ཤེས་རྟོགས་བྱུང་ཡོད།        མགོ་ན་བ། གཡན་པ(ལུས་པོར་ཟ་འཕྲུག་ལངས་པའི་པགས་ནད།)། སྙིང་གི་མ་ལག གྲུམ་ནད།  སྙིང་གི་འཕར་ལྡིང་མགྱོགས་པ། དབང་རྩའི་གཟའ་གྲིབ། ཚད་བརྒལ་རྒྱགས་པ། གློ་ཡུའི་གཉན་ཚད། གློ་སུད་།(དབུགས་འཚང་བའི་ནད།) གློ་བའི་གཉན་ཚད།  ཀླད་སྐྱིའི་གཉན་ཚད།  མཁལ་མ་དང་གཅིན་ལམ་གྱི་ནད་རིགས། སྐྱུགས་བྲོ་བ།  ཕོ་སྐྲངས་ཀྱི་ནད།  བཤལ་ནད། བཤང་འབྲུམ།  གཅིན་སྙིའི་ནད། རྩ་ཆུ་འགག་ནད། མིག་ནད་ཡོངས། བུ་སྣོད་ཀྱི་ནད། སྐྲན་ནད། ཟླ་མཚན་དུས་ལྟར་མི་འབབ་པ། རྣ་དང་། སྣ། མགྲིན་པ་བཅས་ཀྱི་ནད།     གསོ་བཅོས་བྱེད་ཐབས།
1.ཞོགས་པ་གཉིད་ལས་སད་མ་ཐག་སྟེ། སོ་མ་འཁྲུ་བའི་སྔོན་ལ་ཆུ་ཤེལ་ཕོར་བཞི་རེ་འཐུང་། (ཤེལ་ཕོར་ཆེ་ཆུང་160ml)
2.དེའི་རྗེས་སུ་ཁ་དང་སོ་གཙང་འཁྲུས། ཡིན་ན་ཡང་། དུས་ཡུན་སྐར་མ་45 རིང་ལ་བཟའ་བཏུང་གང་ཡང་མ་བྱོས།
3.སྐར་མ་45 ཡི་རྗེས་སུ་ནམ་རྒྱུན་བཞིན་བཟའ་བཏུང་ལ་རོལ་ཆོག
4.ཞོགས་ཟས་དང་། གུང་ཟས། ནུབ་ཟས་བཅས་གྲུབ་རྗེས་ཀྱི་སྐར་མ་15 རྗེས་ཀྱི་དུས་ཡུན་ཆུ་ཚོད་གཉིས་རིང་ལ་བཟའ་བཏུང་གང་ཡང་མ་བྱོས།
5.ལོ་ན་བགྲེས་པའམ། ནད་ཀྱི་དབང་གིས་ཉིན་རེར་ཆུ་ཤེལ་ཕོར་བཞི་རེ་འཐུང་མི་ཐུབ་མཁན་ཚོས་དང་ཐོག་ཤེལ་ཕོར་གཅིག་རེ་འཐུང་བ་དང་།

རྗེས་སུ་རིམ་གྱིས་ཉིན་རེར་ཆུ་ཤེལ་ཕོར་བཞི་རེ་འཐུང་ཐུབ་པ་བྱེད་ན་ཆོག      གོང་གསལ་གྱི་བཅོས་ཐབས་ཀྱིས་ནད་པའི་ནད་སེལ་ཞིང་། གཞན་དག་ལ་བདེ་ཐང་གི་འཚོ་བ་རྒྱུན་སྲིངས་བྱེད་ཐུབ།


གཤམ་གསལ་གྱི་གྲངས་ཐོ་ཡིས་ནད་རིགས་གཙོ་བོ་ཁག་ཅིག་བཅོས་པ་ལ་བཅོས་ཐབས་འདི་ཉིན་གྲངས་ག་ཚོད་ལ་བསྟེན་དགོས་མིན་བསྟན་ཡོད།
ནད་གཞི། ཉིན་གྲངས།    ཁྲག་ཤེད་མཐོན་པོ། 30   ཕོ་བའི་སྐྲངས་ནད། 10    གཅིན་སྙིའི་ནད། 30   རྩ་ཆུ་འགག་ནད། 10   སྐྲན་ནད། 180   གློ་བའི་གཉན་ཚད། 90
གྲུམ་བུའི་ནད། ཉིན་གྲངས་མི་གསལ།       གྲུམ་བུའི་ནད་པ་ཚོས་བཅོས་ཐབས་འདི་ཐོག་མར་བསྟེན་དུས་ཀྱི་བདུན་ཕྲག་དང་པོར་ཉིན་གསུམ་ལ་བསྟེན་རྗེས་ལྷག་མའི་ཉིན་བཞིར་མཚམས་འཇོག་པ་དང་།

བདུན་ཕྲག་གཉིས་པ་ནས་བཟུང་ཉིན་ལྟར་བསྟེན་དགོས།   བཅོས་ཐབས་འདི་ལ་ཞོར་སྐྱོན་གང་ཡང་མེད། ཡིན་ན་ཡང་། བཅོས་ཐབས་འགོ་འཛུགས་དུས་ཁྱེད་རང་ཆབ་གསང་ལ་ཡང་ཡང་འགྲོ་དགོས་འབྱུང་སྲིད།


རྩོམ་སྒྲིག་འགན་འཁུར་བ། ཁྰ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།འབའ་སྣང་གྲོལ། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 74va བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23527415
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།