གླེགས་བམ་ཉུལ་བའི་གཏམ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 5 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» འཛམ་གླིང་མི་སྣ། »གླེགས་བམ་ཉུལ་བའི་གཏམ།
གླེགས་བམ་ཉུལ་བའི་གཏམ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-07-06ལྟ་ཀློག (3678)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                                                            གླེགས་བམ་ཉུལ་བའི་གཏམ།

                      དགེ་རྒན་གྱི་ལིང་འཇིགས་མེད་ཀྱིས་༼ང་ནི་མཱ་ལ་ལ་ཡིན་༽ཞེས་པའི་མི་སྣ་གྲགས་ཅན་ཞིག་གི་གཏམ་རྒྱུད་བཀླགས་པ།

                                                            རྩོམ་པ་བོ་གྱི་ལིང་འཇིགས་མེད།
   དེ་རིང་གཟའ་ཉི་མ་སྐྱིད་པོ་ཞིག་བྱུང་སོང་། ཉིན་ཧྲིལ་བོར་གློག་ཆད་སོང་བས་ལྷག་ཏུ་བློ་གཅིག་སེམས་གཅིག་གིས་དཔེ་ཆའི་ནང་དུ་ཞུགས་ཐུབ་སོང་།

 ཉིན་འགའི་སྔོན་ལ་རྭ་རྒྱའི་རིག་མཛོད་དཔེ་ཁང་གི་ཚོང་བདག་རྡོ་རྗེ་ཐར་ལགས་ཀྱིས་ང་ལ་༼ང་ནི་མཱ་ལ་ལ་ཡིན་༽ཞེས་པའི་རྒྱ་ཡིག་གི་དཔེ་ཆ་ཞིག་བྱིན་བྱུང་། སྐབས་དེར་ང་རང་སློབ་ཁྲིད་ལ་སོང་བས་ངེད་གཉིས་དངོས་སུ་མ་ཐུག དེ་བས་ངས་དེ་རིང་འདི་ནས་ཆེད་དུ་ཁོ་ལ་བཀའ་དྲིན་ཆེ་ཞུ།

 དེབ་ལག་ཏུ་བླངས་མ་ཐག་རྒྱབ་ཤོག་སྟེང་ནས་རྒྱུས་ཡོད་ཀྱི་སྐད་ཆ་ཞིག་མཐོང་བྱུང་། དེ་ནི།“དགེ་རྒན་གཅིག་དང་སློབ་མ་གཅིག འབྲི་དེབ་ཅིག་དང་སྨྱུ་གུ་གཅིག་བཅས་ཀྱིས་འཛམ་གླིང་ལ་ཁ་ལོ་བསྒྱུར་ཆོག”ཅེས་པ་དེ་རེད། སྐད་ཆ་དེ་ནི་ལོ་འདི་དག་ལ་འཛམ་གླིང་གང་སར་ཁྱབ་པའི་ལེགས་བཤད་ཅིག་སྟེ། འཛམ་གླིང་སྟེང་ལོ་ན་ཆེས་ཆུང་བའི་ནོ་ཝེར་ཞི་བདེའི་བྱ་དགའ་འཐོབ་མཁན་པ་ཀི་སི་ཐན་གྱི་བུ་མོ་མཱ་ལ་ལས་བཤད་པ་ཞིག་རེད།

 ཁ་སང་སྟེ་གཟའ་སྤེན་པའི་ཕྱི་དྲོ་ནས་དཔེ་ཆ་འདི་ལག་ཏུ་བཟུང་སྟེ་བཀླགས་པ་ཡིན། དེབ་འདི་ནི་མཱ་ལ་ལ་ཞེས་པའི་པ་ཀི་སི་ཐན་གྱི་བུ་མོ་དེ་ལ་ཐ་ལིས་པན་ཕྱོགས་ཁག་གིས་འཇབ་རྒོལ་བྱས་རྗེས་དབྱིན་ཇུར་གནས་སྤེལ་ནས་སྨན་བཅོས་བྱས་ཤིང་། སྨན་ཁང་ནས་བུད་རྗེས་བྲིས་པ་ཞིག་རེད།

 བུ་མོ་འདི་ལ་ནོ་ཝེར་ཞི་བདེའི་བྱ་དགའ་ཐོབ་པས་འཛམ་གླིང་མི་མང་གི་དོ་སྣང་བྱ་ཡུལ་དུ་གྱུར་ཡོད། འདི་ནི་འཛམ་གླིང་ལོ་རྒྱུས་ཁྲོད་ལོ་ན་ཆེས་ཆུང་བའི་ནོ་ཝེར་བྱ་དགའ་འཐོབ་མཁན་དེ་རེད།

 དེབ་འདིར་མོས་རང་ཉིད་འཚར་ལོངས་བྱུང་བའི་བརྒྱུད་རིམ་ཞིབ་འབྲི་བྱས་པ་བརྒྱུད་ནས་པ་ཀི་སི་ཐན་གྱི་ཡུལ་སྲོལ་དང་གོམས་གཤིས། གནའ་རབས་ལོ་རྒྱུས་དང་ད་ལྟའི་གནས་བབས་སོགས་ཞིབ་འབྲི་བྱས་ཡོད་ལ། ཚིག་འབྲུ་རེ་རེའི་གསེང་ན་མོས་རང་གི་ཕ་ཡུལ་ལ་བཅངས་པའི་བརྩེ་དུང་དང་རེ་བ་དེ་མངོན་ཡོད་པས། ཡིད་རང་དབང་མེད་པར་འཕྲོག་འགྲོ་བའི་གཏམ་རྒྱུད་ཕུན་སུམ་ཚོགས་པ་ཞིག་རེད།

 དཔེ་ཆ་བཀླགས་ནས་མཇུག་ཏུ་བསླེབས་དུས་ང་རང་ཆོས་ལུགས་དད་མོས་མི་གཅིག་ཅིང་ཡུལ་སྲོལ་གོམས་གཤིས་ཡེ་ནས་མི་འདྲ་བའི་ཐག་རིང་གི་བུ་མོ་ཆུང་ཆུང་འདིའི་ལས་དབང་ལ་སེམས་ཁྲལ་ཞིག་དང་ཡིད་སྨོན་ཞིག་སྐྱེས་བྱུང་། དུས་མཚུངས་སུ་བུད་མེད་ཀྱི་ཐོབ་ཐང་གི་གནད་དོན་མང་བོ་ཞིག་ཡིད་ལ་འཁོར་བྱུང་། བུ་མོ་མཱ་ལ་ལའི་མི་ཚེའི་འཐབ་རྩོད་ཀྱི་ཁ་ཕྱོགས་ཀྱང་བུད་མེད་ཀྱི་ཐོབ་ཐང་རྩོད་རྒྱུ་དེ་རེད། མོས་རྩོད་པའི་བུད་མེད་ཀྱི་རང་དབང་ནི་ང་ཚོར་མཚོན་ན་ཧ་ཅང་སྟབས་བདེ་ཞིག་སྟེ། ཁོ་ཚོའི་ཕ་ཡུལ་གྱི་བུ་མོ་ཚང་མ་ཡང་སློབ་གྲྭར་སོང་ནས་སློབ་སྦྱོང་བྱེད་ཆོག་པ་ཞིག་དང་། བུད་མེད་རྣམས་ཀྱང་སྐྱེས་པ་ཚོ་དང་འདྲ་བར་སྲང་བར་སོགས་སུ་རང་དབང་གིས་འགྲོ་ཆོག་པ། རང་གི་ཁྱོ་གའི་མདུན་ནས་སྐད་བཀྱགས་ནས་ཁ་བརྡ་བྱེད་རྒྱུ། ཡང་ན་རང་གི་བསམ་ཚུལ་བཤད་ཆོག་པ་དེ་རེད། པ་ཀི་སི་ཐན་གྱི་གོམས་སྲོལ་ལྟར་ན་གོང་གསལ་དེ་དག་ཚང་མ་བུད་མེད་ཀྱི་བཀག་རྒྱ་ཡིན་འདུག མོ་ན་རེ། ང་ཚོའི་ཕ་ཡུལ་དུ་བུད་མེད་ནི་བུ་སྐྱེ་མཁན་དང་ཟ་མ་ལས་མཁན་ཙམ་རེད་ཟེར། བུ་མོ་མཱ་ལ་ལས་རང་གི་ཨ་ཕའི་རྒྱབ་སྐྱོར་འོག་བུད་མེད་ཚོའི་སློབ་སྦྱོང་གི་ཁེ་དབང་བརྩད་ཅིང་། དེ་དང་འབྲེལ་བའི་གཏམ་བཤད་སྣ་ཚོགས་བྱས་པར་མ་ཟད། ད་དུང་གསར་འགོད་པའི་བཅར་འདྲི་གང་མང་ཡང་དང་ལེན་བྱས་པས་མཐར་ཐ་ལིས་པན་ཕྱོགས་ཁག་གི་དོ་སྣང་བྱ་ཡུལ་དུ་གྱུར་ཏེ་མཐར་གསར་འགོད་པར་བརྫུས་ནས་ཡོང་སྟེ་མཱ་ལ་ལ་སོགས་བུ་མོ་གསུམ་ལ་མེ་མདའ་བརྒྱབས། འོན་ཀྱང་སྟབས་ལེགས་ནས་མཱ་ལ་ལ་སོགས་སྲོག་ཉེན་ལས་ཐར།

 ད་ལྟ་ང་ཚོའི་བུད་མེད་མང་བོས་ཀྱང་བུད་མེད་ཀྱི་ཐོབ་ཐང་རྩོད་བཞིན་ཡོད་མོད། ཁོ་ཚོར་མཚོན་ན་ཁ་ཕྱོགས་དང་རྩ་དོན་ཅི་ཡང་མེད། བུད་མེད་དང་སྐྱེས་པ་གཉིས་འདྲ་མཉམ་ཡིན་དགོས་ཟེར་བཞིན་ཆང་འཐུང་བ་དང་ཐ་མག་འཐེན་པ་སོགས་སྤྱོད་ལམ་རྒྱ་ཡན་དུ་གཏོང་རྒྱུ་དང་། གཤིས་སྤྱོད་ཉམས་དམས་སུ་གཏོང་རྒྱུ་ནི་ད་གཟོད་བུད་མེད་ཀྱི་ཐོབ་ཐང་རྩོད་པའི་དམིགས་ཡུལ་ལྟ་བུར་འགྱུར་བའི་ཉེན་ཁ་ཞིག་མཐོང་ཡོང་མོད། བུ་མོ་མཱ་ལ་ལར་མཚོན་ན་མུ་ས་ལེམ་གྱི་ཆོས་ལུགས་ལ་དད་མོས་ཡོད་པར་མ་ཟད། ཀུན་སྤྱོད་མཛེས་ལ་ཕུགས་བསམ་ཡོད་པའི་བུ་མོ་ཞིག་ཡིན་ལ། མོས་རྩོད་བཞིན་པ་ཡང་ཀུན་སྤྱོད་ཀྱི་རྒྱ་ལས་འགོངས་ཤིང་རིག་གནས་ཀྱི་སྲོལ་དང་འགལ་བའི་རང་དབང་དེ་མ་ཡིན་པར། ཆོས་ལུགས་དད་མོས་འདྲ་མཉམ་དང་རིག་གནས་སློབ་སྦྱོང་གི་འདྲ་མཉམ་གྱི་ཁེ་དབང་དེ་རྩོད་ཀྱིན་ཡོད། དེ་བས་བུད་མེད་ཀྱི་ཐོབ་ཐང་རྩོད་ཕྱོགས་ཐད་བུ་མོ་མཱ་ལ་ལར་སློབ་སྦྱོང་བྱེད་དགོས་ས་ཧ་ཅང་མང་བར་མཐོང་།

 ངས་དཔེ་ཆ་འདི་བཀླགས་ཚར་རྗེས་རེ་ཞིག་ཁུ་སིམ་མེར་བསམ་བློ་བཏང་ནས་ལུས་སོང་། གལ་ཏེ་ང་ཚོས་རང་གི་བྱུང་བ་བརྗོད་པའི་དེབ་ཅིག་འབྲི་དགོས་ན། དེར་རང་གི་མི་རིགས་ཀྱི་ཡུལ་སྲོལ་དང་ལོ་རྒྱུས། ཆོས་ལུགས་དང་ཆབ་སྲིད་སོགས་འདི་ལྟ་བུའི་ཞིབ་ཕྲ་ཞིག་འབྲི་ཐུབ་བམ། དེ་བས་ངས་དཔེ་ཆ་འདི་ནི་པ་ཀི་སི་ཐན་གྱི་ལོ་རྒྱུས་སོགས་རྒྱུས་ལོན་པར་མཁོ་གལ་ཆེ་བའི་ཤེས་བྱ་སྣ་བརྒྱའི་མཛོད་ཁང་ཞེས་བཏགས་པ་ཡིན།

  ལྷག་པར་དུ་མོས་དེབ་ཀྱི་ཐོག་མཐའ་བར་གསུམ་དུ་མོ་རང་ནམ་ཞིག་ཕྱིར་རང་གི་རྒྱལ་ཁབ་ཏུ་ལོག་ངེས་ཞེས་པའི་ཆོད་སེམས་དེ་ལས་བསམ་ཡུལ་ལས་འདས་པའི་སྙིང་སྟོབས་དང་བརྩེ་ཞེན་དེ་མཐོང་བྱུང་།

འོན་ཀྱང་དེབ་འདི་བཀླགས་རྗེས་ད་དུང་སེམས་ནས་ཅུང་བརྗེད་མི་ཐུབ་པ་ཞིག་ཡོད་པ་ནི་ནོ་ཝེར་ཞི་བདེའི་བྱ་དགའ་ལེན་མཁན་གྱི་བུ་མོ་ཆུང་ཆུང་འདིའི་སྐད་ཆའི་ནང་དུའང་།“ང་ཚོའི་ཆེས་ཆེ་བའི་དགྲ་བོ་སྟེ་རྒྱ་གར།”ཞེས་པ་དེ་རེད། གཞན་ད་དུང་དེབ་འདིར་མོས་རང་ཉིད་ལ་ཉེན་ཁར་འཕྲད་པའི་དུས་མཚུངས་སུ་རྒྱལ་སྤྱིའི་བྱམས་བརྩེ་ཅན་མང་བོས་རོགས་རམ་བྱས་པ་དེར་ཁོ་ཚོའི་གཙོ་བོ་འམ་ཀྲིན་ཀྲུའུ་ཡི་བྱམས་བརྩེ་ཐོབ་སོང་ཞེས་བཤད་ཡོད་པས། སྐབས་དེར་ངའི་སེམས་སུ་སྔར་ས་ཆ་ཞིག་ཏུ་དགེ་སློང་ཞིག་རྐང་ཐང་དུ་འགྲོ་བཞིན་པའི་སྐབས་ན་གཞོན་ཞིག་གིས་དགེ་སློང་དེ་རྟ་ལ་བསྐྱོན་པར་དགེ་སློང་གིས། དཀོན་མཆོག་གསུམ་གྱི་ཐུགས་རྗེ་ལས་ཞེས་ངག་ནས་ཤོར་བས་ན་གཞོན་དེས་ངའི་དྲིན་མིན་པར་དཀོན་མཆོག་གི་དྲིན་ཡིན་ན་ཁྱོད་རང་བོབས་ལ་ཐོངས་ཞེས་བཤད་པའི་དགོད་གཏམ་དེ་དྲན་བྱུང་།

 ད་དུང་བག་ཆགས་ཟབ་ཤོས་ཤིག་ནི་དེབ་འདིར། ཆུང་དུས་མོ་རང་ཨ་ཕའི་སྙན་གྲགས་ལ་བརྟེན་ནས་ཚང་མས་དོ་སྣང་བྱ་ཡུལ་དུ་གྱུར་ཅིང་། ད་ལྟ་མོ་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་སོང་བ་ལས་མོའི་ཨ་ཕར་དོ་སྣང་བྱེད་མཁན་ཇེ་མང་དུ་གྱུར་ཅེས་པ་དེའོ།།

  ཞེས་པ་འདི་ཡང་རང་གི་སློབ་བུ་ཚོར་དམིགས་པ་ཙམ་ཡིན་ནོ།།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། if7l བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  གླེགས་བམ་ཉུལ་བའི་གཏམ།   སྤེལ་མཁན།: རླུང་བུ། སྤེལ་དུས:2015/7/16
ཐོག་མ་རྩོམ་པ་པོ་གྱི་ལིང་འཇིགས་མེད་ལགས་ལ་དཔེ་གཟིགས་ཀྱི་ཉམས་མྱོང་གླེང་བར་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ། མཱ་ལ་ལས་བཤད་པའི་སྐད་ཆ་རེ་རེའི་བར་གསེང་ནས་རང་གི་མི་རིགས་ལ་བཅོམ་པའི་བརྩེ་དུང་དང་རེ་སྐུལ། རང་དབང་དང་ཐོབ་ཐང་ཞི་བདེ་དང་དྲང་བདེན་སོགས་ཀྱི་གླེང་གཞིར་གྱུར་པའི། མོ་རང་གི་མི་ཚེའི་བྱུང་བ་བརྗོད་པའི་དཔེ་བདེ་འདི་ནི། དེང་སྐབས་གོ་མེད་ཚོར་མེད་སྲང་མདོ་ཁྱི་འཁྱིམ་བཞིན་དུ་ཉུལ་བའི་བོད་ཀྱི་གཞོན་ནུ་ཚོའི་རྣ་ལམ་དུ་གོ་དགོས་པའི་འབེལ་གཏམ་ཞིག་རེད། ང་ཚོས་བདེ་ཆུང་འདིའི་མལ་ལས་སད་དེ་རང་གི་མདུན་ལམ་ལ་གོམ་པ་སྤོ་རན།
when your wife cheats why cheat on your wife do you cheat on your wife
cheated on my boyfriend link how to cheat boyfriend
walgreens coupon code photos need-a-cake.co.uk walgreens photo coupon in store printable
diprolene 0.05% link cialis
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23580803
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།