གང་ཞིག་ལ་ཡེ་ཤུའི་ཆོས་དད་པ་ཟེར།
ཚིག་མཛོད་ནང་དུ་ཡི་ཤུའི་ཆོད་དད་པ་ནི་ཡི་ཤུ་ལ་དད་པ་ཡོད་མཁན་གྱི་མི་ག་གེ་མོ་འམ་ཡང་ན་ཡི་ཤུར་དད་པ་བྱེད་པ་གཙོ་བོར་འཛིན་པའི་ཆོས་ལུགས་དང་ཆོས་དད་པར་ཟེར་འགྲེལ་པ་དེ་ནི་ལེགས་པོ་ཞིག་རེད་འོན་ཀྱང་འགྲེལ་པ་དེར་ཡི་ཤུའི་གསུང་རབ་ནང་རྒྱ་ཁྱབ་བྱེད་པའི་བསམ་བློར་རྒྱས་བཤད་བྱས་མེད།ཡི་ཤུའི་ཆོས་དད་པ་ཞེས་པའི་སྐོར་གྱི་ཐ་སྙད་ཤིན་དབྱོའི་དེབ་གསར་ནང་ཐེངས་གསུམ་བཀོལ་མྱོང་(Acts 11:26; 26:28; 1 Peter 4:16). Antioch (Acts 11:26) ཞེས་པའི་ནང་ཡི་ཤུ་ཡི་རྗེས་འཛིན་པར་ཡི་ཤུའི་ཆོས་དད་པ་ཞེས་འབོད་ཀྱི་ཡོད་ གང་ཡིན་ཟེར་ན་ཁོ་ཚོའི་བྱ་སྤྱོད་དང་སྐད་ཆ་སོགས་ཡི་ཤུ་དང་ཧ་ཅང་འདྲ་པོ་བྱེད་ཀྱི་ཡོད། ཡི་ཤུའི་ཆོས་དད་པ་ཞེས་པ་དེ་ཡི་གེའི་ངོས་ནས་གོ་བ་ལེན་ཚེ་ཡི་ཤུར་དད་པ་བྱེད་མཁན་གྱི་ཚོགས་པ་དང་མི་སྒེར་གང་རུང་ལ་གོ་ན་འགྲིག་འོན་ཀྱང་བློ་ཕངས་པ་ཞིག་ལ་དུས་ཀྱི་འཁོར་ལོའི་བགྲོད་རིམ་ཁྲོད་ཡི་ཤུའི་ཆོས་དད་པའི་དོན་སྙིང་དུ་མ་ཞིག་བོར་ཟིན་དེང་སྐབས་ང་ཚོས་ཡི་ཤུའི་ཆོས་དད་པ་ནི་ཡི་ཤུའི་ཆོས་ལུགས་པ་འམ་གཤིས་སྤྱོད་བཟང་བའི་མི་ཡ་རབས་པ་དག་ལ་གོ་གི་ཡོད་འོན་ཀྱང་ཁོ་བློ་གཅིག་སེམས་གཅིག་གིས་ཡི་ཤུའི་རྗེས་སུ་བསྙེགས་ཀྱི་ཡོད་མེད་ཚིག་ཐག་བཙོད་དཀའ་མི་མང་པོ་ཞིག་གིས་ཡི་ཤུ་ལ་ཡིད་བརྟེན་བྱེད་ཀྱི་མེད་ཁོ་ཚོས་རང་ཉིད་ཡི་ཤུའི་ཆོས་ཁང་ན་འཛུལ་བ་ཙམ་གྱིས་རང་ཉིད་ཡི་ཤུའི་ཆོས་དད་པ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་འམ་ཡང་ན་ཁོ་ཚོ་ཡི་ཤུའི་ཆོས་དར་ཁུལ་དུ་སྐྱེས་པའམ་འཚོ་གནས་བྱས་མ་ཙམ་གྱིས་རང་ཉིད་ཡི་ཤུའི་ཆོས་དད་པ་ཡིན་པར་བསམ་གྱི་ཡོད། ཡི་ཤུའི་ཆོས་ཁང་དུ་ཕྱིན་ནས་རང་ཉིད་ལས་སྐྱོ་བའི་མི་ཚོར་རོགས་རམ་བྱས་པའམ་ལས་བཟང་སྒྲུབ་མཁན་གྱི་མི་ཞིག་བྱས་པ་ཙམ་གྱིས་མི་དེ་ཡི་ཤུའི་ཆོས་དད་པ་ཞིག་རེད་ཟེར་ན་མི་འགྲིག་ཡི་ཤུའི་ལྷ་ཁང་དུ་ཕྱིན་ན་ཡི་ཤུའི་ཆོས་དད་པ་ཡིན་པའི་ངེས་པ་མེད་དེ་རང་འཁོར་འཇོག་ཡུལ་དུ་བསྡད་པ་ཙམ་གྱིས་རང་རླངས་འཁོར་རེད་ཟེར་ན་མི་འགྲིག་པ་དང་གནས་ལུགས་གཅིག་པ་ཡིན།
གསུང་རབ་ནང་འཁོད་པ་ལྟར་ན་ང་ཚོས་ལས་བཟང་བྱས་པ་ཙམ་གྱིས་གནམ་བདག་གིས་དང་ལེན་བྱེད་པའི་ངེས་པ་མེད་ Titus3:5ཡིས་ཡི་ཤུ་ཡིས་ང་ཚོ་ངལ་བ་དང་སེམས་སྡུག་སོགས་ལས་སྐྱོབ་དོན་ནི་ང་ཚོས་ལས་བཟང་བྱས་པས་སྐྱོབ་པ་ཁོ་ན་མ་ཡིན་པར་དེ་ནི་ཡི་ཤུ་ལ་བྱམས་བརྩེའི་ཐུགས་སེམས་ཤིག་ཡོད་པ་ཡིན་ལ་ཡི་ཤུ་ཡིས་ང་ཚོ་འཇིག་པ་ལ་སྐྱོབ་པ་དང་སླར་ཡང་ང་ཚོར་གསོན་ཤུགས་གསར་པ་ཞིག་གནང་ལ་ང་ཚོའི་སྡིག་གྲིབ་སེལ་གྱིན་ཡོད་དེས་ན་ཡི་ཤུའི་ཆོས་དད་པ་ཚོ་ནི་གནམ་བདག་གིས་སླར་ཡང་གསོན་ཤུགས་གསར་པ་གནང་བ་ཡིན་ལ་(John 3:3; John 3:7; 1 Peter 1:23)ཁོ་ཚོས་ཡི་ཤུའི་ཆོས་ལ་བབ་མོས་བྱེད་ Ephesians 2:8ཡིས་ཡི་ཤུའི་སྐུ་དྲིན་གྱིས་ཁྱེད་སྐྱོབ་པ་ཡིན་ལ་དེ་ནི་གནམ་བདག་གིས་གནང་བའི་ལགས་རྟགས་རེད་ཟེར།
ཡི་ཤུའི་ཆོས་དད་པ་དངོས་ཤིག་ཡིན་ཚེ་ཡི་ཤུ་ལ་ཡིད་ཆེས་དང་བློ་ལྟ་དགོས་ཅིང་ཡི་ཤུ་ཡིས་རྒྱ་གྲམ་ཐོག་ནས་སྡིག་ཉེས་དག་པར་བྱས་པ་དང་ཉིན་གསུམ་ནང་འདས་ལོག་བྱུང་བ་སོགས་ཡི་ཤུས་བྱས་པའི་བྱ་བ་ཐམས་ཅད་ལ་དད་པ་དང་ཡི་རངས་བྱེད་དགོས་John1:12ཡིས་ཡི་ཤུ་ལ་དངོས་སུ་དད་པ་ཡོད་དང་ཡི་ཤུ་ལ་དད་པ་ཡོད་མཁན་ཡིན་ཚེ་ཚང་མ་གནམ་བདག་གི་བུ་ཕྲུག་ལ་འགྱུར་སྲིད་ལ་ཡི་ཤུའི་ཆོས་དད་པ་དངོས་ཤིག་ཡིན་ན་གཞན་ལ་གཅེས་པའི་སེམས་པ་ཡོད་དགོས་གནམ་བདག་གི་བཀའ་སློབ་ལ་ཉན་དགོས་པ་ཡིན་(1 John 2:4, 10)ཡི་ཤུའི་ཆོས་དད་པ་མིང་དོན་མཚུངས་པ་ཞིག་ཡིན་ཚེ་གནམ་བདག་གི་བུ་ཕྲུག་ཡིན་པ་སྨྲོས་མེད་རེད་ལ་གནམ་བདག་ཁྱིམ་གཞིས་ཀྱི་གྲས་ཤིག་ཡིན་པ་མ་ཟད་ཡི་ཤུ་ཡིས་གསོན་ཤུགས་གསར་པ་གནང་བའི་མི་ཞིག་རེད་དོ། །
རྩོམ་སྒྲིག་འགན་འཁུར་བ།
ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། ཨ་བུ་འབྲོང་།
|