ལྕགས་ཆས་དུས་རབས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 12 ཚེས 12 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »ལྕགས་ཆས་དུས་རབས།
ལྕགས་ཆས་དུས་རབས།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-05-10ལྟ་ཀློག (4219)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ལྕགས་ཆས་དུས་རབས།

ཝེ་ཁེ་རིག་མཛོད་ཀྱི་དབྱིན་ཡིག་སྡེ་ཁག་ལས་བདམས།

སྒྱུར་བ་བོ། པཎ་ཆེན་རྒྱལ།

     ལྕགས་ཆས་དུས་རབས་(Iron Age)ནི་བསྐལ་བ་ཡ་ཐོག་གི་དུས་རབས་གསུམ་ལས་དུས་རབས་མཐའ་མ་དེ་ཡིན་ལ་དུས་རབས་དེར་གཙོ་བོ་ལྕགས་རིགས་ཀྱི་ཡོ་བྱེད་དང་མདའ་མཚོན། རྒྱན་ཆ་དང་སྐུ་འདྲ་སོགས་སྒྱུར་རྩལ་གྱི་རྣམ་གྲངས་མི་ཉུང་བ་ཞིག་དར་ཡོད། དེའི་ཤུགས་རྐྱེན་ལས་བྱུང་བའི་ཞིང་ལས་ཐབས་ལམ་དང་ཆོས་ལུགས་དད་མོས་སོགས་ཀྱང་གོང་འཕེལ་དུ་སོང་ཡོད་པ་རེད།ད་དུང་སྐབས་དེར་གནའ་བོའི་ཡིག་ཐོག་རིག་གནས་ཀྱི་དབུ་བརྙེས་ཏེ་དར་མགོ་ཡང་བཙུགས་ཡོད། དཔེར་ན་ལེགས་སྦྱར་ཐོག་གི་གནའ་བོའི་རིག་གནས་དང་།གནའ་བོའི་རྒྱ་ནག་གི་ཡིག་ཐོག་རིག་གནས། པར་སིག་(སྟག་གཟིག་གམ་ཏ་ཟིག་དང༌། དེང་སང་དབྱི་ལང་ངམ་ཨ་རནIranཟེར་བ་དེ་ཡིན། ) གི་ཆོས་ལུགས་(Zoroastrianism ˌzɒroʊˈæstriənɪzəm/, also calledZarathustraism, Mazdaism and Magianism)ཀྱི་སྟོན་པ་སྐར་མ་ལྷད་གྲོལ་ལམ་རྫ་རོ་སི་ཋིར་(Zoroaster)ལགས་ཀྱི་ཆོས་མགུར་(Avestan Gathas)ལྟ་བུ་དང་། ད་དུང་ཡི་ཤེས་གསུང་རབ་ཀྱི་ཆེས་རྙིང་བའི་བསྟན་བཅོས་ཀྱི་ཚན་པ་(Hebrew Bible)སོགས། གཞན་ད་དུང་ཡུལ་ལུང་རེ་འགའ་ནས་དབྱངས་གསལ་གསར་གཏོད་དང་ཡིག་ཐོག་ལོ་རྒྱུས་སོགས་རིམ་བཞིན་སྐབས་དེ་ནས་བཟུང་འཕེལ་མགོ་ཚུགས།

  སྤྱིར་ལྕགས་ཆས་དུས་རབས་ནི་སྤྱི་ལོའི་སྔོན་གྱི་ལོ་ངོ༡༣༠༠ནས་དུས་རབས་བདུན་པ་སྟེ་སྤྱི་ལོ ༧༠༠ བར་གྱི་དུས་རབས་དེ་ཡིན་ལ། དེ་ནི་ཐོག་མ་ཡོ་རོབ་གླིང་ནས་མདའ་མཚོན་རྒྱན་གསུམ་གཙོས་དར་ཡོང་བ་ཞིག་ཡིན།ཕྱོགས་གཞན་ནས་བཤད་ན། ཞི་བདེ་རྒྱ་མཚོའི་ལྷོ་ཕྱོགས་ཀྱི་གླིང་ཕྲན་འགའ་དང་། ཨ་ཧྥི་རི་ཁའི་སྐམ་ས་ཆེན་མོ། ཨ་རིའི་ལྷོ་ཕྱོགས་དང་བྱང་ཕྱོགས་སོགས་ཀྱི་སྤྱི་ཚོགས་ནི་ཐད་ཀར་རྡོ་ཆས་དུས་རབས་ནས་ལྕགས་ཆས་དུས་རབས་ལ་བརྒྱུད་པ་ལས།ལི་ཆས་དུས་རབས་ཀྱི་སྐབས་ལ་ལི་ཆས་གསར་གཏོད་ཀྱི་བཟོ་ལས་ལག་རྩལ་དར་ཐུབ་མེད།

  ལྕགས་ཆས་དུས་རབས་ཀྱི་སྐབས་ལ་ངར་ལྕགས་(steel)དང་ཞ་ཉེ་ནག་པོ་(carbon)སོགས་བསྲས་སྦྱོར་གྱིས་གཞུ་སྦྱང་བྱས་ནས་མཚོན་ཆ་དང་རྒྱན་ཆ་སྣོད་སོགས་གསར་གཏོད་གང་མང་མང་བྱས་ཡོད།རྒྱུ་ཚད་ནི་ལི་རིགས་དང་ཧ་ལམ་འདྲ་འདྲ་ཡིན་ཡང་ལི་རིགས་ལས་སྲ་བ་དང་བཀོལ་སྤྱོད་ལྡན་པ་སོགས་ཀྱི་ཁྱད་ཆོས་ཡོད། སྤྱིར་གཞུ་སྦྱང་དང་བསྲས་སྦྱོར་གྱི་བཟོ་ལས་ལག་རྩལ་ནི་སྔོན་ནས་དར་ཡོང་བ་ཞིག་ཡིན་ཡང་།ལྕགས་ཆས་ཀྱི་སྐབས་ལ་ལྕགས་རིགས་འདྲ་མིན་སྣ་ཚོགས་ཐབས་དང་རིག་པས་གསར་གཏོད་དང་གསར་རྙེད་བྱས་ཡོད།

ཤར་ཕྱོགས་ཉེ་རྒྱུད།(Near East)

   གཙང་དབུས་སྐམ་སའི་(Mesopotamiaབརྡ་ཆེད་དེ་ནི་གནའ་བོའི་གྷི་རི་སའི་བརྡ་ཆེད་ཅིག་ཡིན་པ་དང་མེ་སོ་ཞེས་པ་ནི་དབུས་སམ་དཀྱིལ་གྱི་དོན་ཡིན་པ་μέσος(meso) "middle"དང་ཕོ་ཁྲ་མེ་ཡཱ་ནི་གཙང་བོའི་ποταμός(potamia) "river"དོན་ཡིན། དེ་ན་སྤྱིའི་དོན་ནི་གཙང་བོ་སོགས་ཀྱིས་བསྐོར་བའི་སྐམ་ས་ལ་གཙང་དབུས་སྐམ་ས་ཞེས་བསྒྱུར་ཡོད།)རྒྱལ་ཕྲན་སོ་མིར་(Sumer)དང་ཨག་ཁཱ་ཌྷི། (Akkad) ཨེ་སི་རེ་ཡཱ་(Assyria)བཅས་ཀྱི་ས་ཁུལ་(ད་ལྟ་དབྱི་རག་རྒྱལ་ཁབ་Iraqདང་ཁོ་ཝེ་ཋི་རྒྱལ་ཁབ། Kuwait སེ་རེ་ཡཱ་རྒྱལ་ཁབ་Syriaཀྱི་བྱང་ཤར་མཚམས། ཋར་ཁེའེ་རྒྱལ་ཁབ་Turkeyཀྱི་ཤར་ལྷོའི་མཚམས་ཀྱི་ས་ཁུལ་ཉུང་ཤས་དང་། ཨ་རན་རྒྱལ་ཁྱབ་Iranཀྱི་ལྷོ་ནུབ་མཚམས་ཀྱི་ས་ཁུལ་ཉུང་ཤས་བཅས་ཀྱི་ཁོངས་སུ་གཏོགས།ཨ་རན་ནི་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་ཏ་ཟིག་ཅེས་པ་དེ་ཡིན། )ནས་ལྕགས་རིགས་ཀྱི་ཡོ་ཆས་ཐོག་མ་བཀོལ་སྤྱོད་ཐུབ་པར་གྱུར།དེ་ནི་ཕལ་ཆེར་སྤྱི་ལོའི་སྔོན་གྱི་ལོ་ངོ་༣༠༠༠ ཡས་མས་ཤིག་ཡིན། ཆེས་སྔ་བའི་གཞུ་སྦྱངས་ལས་བྱུང་བའི་ལྕགས་ཆས་ནི་ཨ་ནཱ་ཋོ་ལེ་ཡཱ་(Anatolia)ཡུལ་ཁམས་(ད་ལྟ་ཋར་ཁེའེ་རྒྱལ་ཁབ་Turkeyཡིན། )ཀྱི་ཧ་ཋེན་མི་རིགས་(Hattians)ཀྱི་བང་སོ་ལས་རྙེད་པའི་གློ་གྲི་ཁ་ལྕགས་རིགས་ཅན་ཞིག་བྱུང་བ་དེ་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད།ཚོད་དཔག་ལྟར་ན་དེ་ནི་ཕལ་ཆེར་སྤྱི་ལོའི་སྔོན་གྱི་ལོ་ངོ་༢༥༠༠སྔོན་ནས་བྱུང་བའི་ལྕགས་ཆས་ཤིག་རེད། དེ་རིམ་བཞིན་འཕེལ་རྒྱས་སུ་སོང་ནས་ཤར་ཕྱོགས་ཉེ་རྒྱུད་ཀྱི་ས་ཁུལ་(ཨ་ཧྥི་རིའི་བྱང་ཕྱོགས་དང་ཨེ་ཤེ་ཡའི་ལྷོ་ནུབ་ཀྱི་རྒྱལ་ཁབ་དང་ས་ཁུལ་སོགས་ཡིན།)སོ་སོར་དར་ནས་ལི་ཆས་དུས་རབས་མཇུག་རྫོགས་པ་དང་ལྕགས་ཆས་དུས་རབས་ལ་ལོངས་སུ་སྤྱོད་ཐུབ་པ་བྱུང་།

གནའ་བོའི་ཤར་ཕྱོགས་ཉེ་རྒྱུད། (AncientNearEast)

   སྤྱིར་ལྕགས་ཆས་བཞུ་སྦྱང་གི་རིག་པ་གསར་གཏོད་ཐད་ནས་བཤད་སྲོལ་འདྲ་མིན་ཡོད་ཀྱང་། གཙོ་བོ་སྤྱི་ལོའི་སྔོན་གྱི་ལོ་ངོ་༡༣༠༠ཡར་སྔོན་ནས་ཤར་ཕྱོགས་ཉེ་རྒྱུད་ཀྱི་ཡུལ་ཁམས་ཨ་ནཱ་ཋོ་ལེ་ཡཱ་(Anatolia)ཞེས་པ་དང་ཁོའུ་ཁཱ་སོས་(Caucasus)(ཡོ་རོབ་དང་ཨེ་ཤེ་ཡའི་གླིང་ཆེན་གཉིས་ཀྱི་ས་མཚམས་ཀྱི་རི་རྒྱུད་ས་ཁུལ་ཞིག)ཞེས་པ།བྷོལ་ཁན་(Balkans)(ཡོ་རོབ་ཤར་ལྷོའི་མཚམས་ཀྱི་རི་རྒྱུད་ས་ཁུལ་ཞིག)ཞེས་པ་ནས་དར་བར་ངོས་འཛིན་ཚུལ་ཞིག་ཡོད།ལྷག་པར་དུ་ལྕགས་རིགས་བཞུ་སྦྱངས་ལས་བྱུང་བའི་ལྕགས་ཆས་ནི་ཨ་ནཱ་ཋོ་ལེ་ཡཱ་(Anatolia)ཡུལ་ཁམས་ཀྱི་བྱང་དབུས་ཀྱི་ས་ཁུལ་ཧེད་ཋ་ཋི་(Hittites)ཞེས་པའི་རྒྱལ་ཕྲན་དེ་ནས་འཕེལ་རྒྱས་སུ་སོང་ཡོད་པར་ངོས་འཛིན་གནང་བཞིན་ཡོད། རྒྱུ་མཚན་ཁོ་ཚོས་ལྕགས་ལས་བཞུ་སྦྱངས་ལ་ཆེད་ལས་ལག་རྩལ་གྱི་བདག་དབང་བཟུང་ཡོད་པས་ཡིན། སྐབས་དེར་ཁོ་ཚོའི་མངའ་རིས་ཞིང་ཁམས་ཀྱི་སྲིད་འབྱོར་རིག་གསུམ་ལ་འཕེལ་རྒྱས་དང་ཕན་རླབས་ཆེན་པོ་ཐོགས་ཡོད།དམིགས་སུ་ཁོ་ཚོས་མཚོ་སྡེ་( མཚོ་སྡེ་Sea Peoplesཞེས་པ་ནི་སྐབས་འདིར་ཨེ་གྷེན་མཚོ་ཆེན་AegeanSea,གྱི་འགྲམ་རྒྱུད་ན་གནས་པའི་རུ་སྡེ་དང་མང་ཚོགས་ཏེ་ཋོ་ལེ་ཡཱ་Anatoliaཡི་ནུབ་ཕྱོགས་དང་ཡོ་རོབ་ལྷོ་ཕྱོགས་ནས་མཆེད་ཡོང་བའི་མི་རིགས་དག་ལ་གོ)ལ་བཙན་འཛུལ་བྱས་པའི་གོ་རིམ་ཁྲོད་ནས་ཁོ་ཚོའི་ལྕགས་ལས་བཞུ་སྦྱངས་ཀྱི་རིག་པ་གང་སར་ཁྱབ་བརྡལ་དུ་སོང་བར་རམ་འདེགས་བྱས་ཡོད།རེད་དེ་རིག་པའི་ལག་རྩལ་དེ་ཁོ་ཚོ་ནས་ཕྱོགས་བཞིའི་ཡུལ་གྲུ་ལ་དར་བའི་བདེན་དཔང་མེད་པས་ཁྱབ་བརྡལ་རྒྱ་ཆེན་པོ་སོང་བར་ཆེད་མཁས་པའི་ངོས་ལེན་བྱ་དཀའ་ཚོད་དུ་གདའ།གང་ལྟར་ལྕགས་ལས་ལགས་རྩལ་འདི་ཨེ་འཇེབ་(Egypt)གཙོ་བས་ཡུལ་གྲུ་སོ་སོ་ནས་ས་གནས་རང་བཞིན་གྱི་ཐབས་ལ་བརྟེན་ནས་དར་རྒྱས་དང་གོང་འཕེལ་དུ་སོང་ཡོད་པ་བདེན་པའི་གནས་སུ་འཆིས།ད་དུང་དུས་རབས་དེར་(སྤྱི་ལོའི་སྔོན་གྱི་ལོ་ང ༡༣༠༠ཡས་མས་ཤིག)ཡོ་གྷི་རེ་ཋིའི་ཡིག་གཟུགས་(Ugaritic script)ཀྱང་སྤྱོད་མགོ་བཙུགས་ཡོད། (ཡོ་གྷི་རེ་ཋིའི་སྐད་ཡིག་ནི་ཤར་ཕྱོགས་ཉེ་རྒྱུད་ཀྱི་སྐད་ཡིག་གི་ཁྱབ་ཁོངས་ཀྱི་བྱེ་བྲག་གི་སྐད་ཡིག་གི་ཁྱབ་ཁོངས་ནུབ་བྱང་ཤེ་མའི་སྐད་ཡིག་NorthwestSemitic languageཞེས་པ་དེའི་ཁྱབ་ཁོངས་ཤིག་ཡིན། )ཡོ་གྷི་རེ་ཋི་(Ugarit)ཞེས་པ་ནི་འཛམ་གླིང་གི་ཤེས་རིག་གི་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་པ་དང་ད་ལྟ་རཱ་སི་བྱམས་རཱ་(RasShamra)ཞེས་པའི་སེ་རེ་ཡཱ་རྒྱལ་ཁབ་(Syria)ཀྱི་བྱང་ཕྱོགས་ཀྱི་གྲོང་ཁྱེར་དེ་ཡིན།

ཡོ་རོབ། (Europe)

   ཡོ་རོབ་ལ་བསྐལ་བ་ཡ་ཐོག་གི་དུས་ཕྱི་དང་ལོ་རྒྱུས་བྱུང་བའི་དུས་མགོའི་བར་སྐད་ནས་ལྕགས་ཆས་ཀྱི་དུས་རབས་བྱུང་ཡོད།དེ་ནི་ཕལ་ཆར་སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་གཅིག་པའི་སྨད་ཙམ་ལ་ཁོའུ་ཁཱ་སོས་(Caucasus)(ཡོ་རོབ་དང་ཨེ་ཤེ་ཡའི་གླིང་ཆེན་གཉིས་ཀྱི་ས་མཚམས་ཀྱི་རི་རྒྱུད་ས་ཁུལ་ཞིག)ཡུལ་ཁམས་ནས་དར་ཡོང་བ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། དེ་ལྟར་ཡོ་རོབ་ཀྱི་ཤར་ནུབ་ཀུན་ལ་ལྕགས་ཆས་བཟོ་ལས་རིག་པ་དང་ལག་རྩལ་བསྟུད་མར་ལོ་ངོ་༥༠༠རིང་ལ་དར་ཁྱབ་ཏུ་སོང་ཡོད། གཙོ་བོ་ལྕགས་རིགས་ཡོ་ཆས་ཀྱི་སྐོར་དར་ཁྱབ་ཏུ་སོང་ཡོད་པ་མ་ཟད་ལྕགས་རིགས་བཞུ་སྦྱངས་ལས་བརྒལ་ནས་མགར་ལས་རྡུང་བརྡར་གྱི་ལག་རྩལ་མཐོར་འདེགས་སུ་སོང་ནས་རྒྱན་ཆ་དང་མཚོན་ཆ།ད་དུང་ཡོ་ཆས་སྣོད་སོགས་ལ་བཟོ་རྟ་འདྲ་མིན་ཕུད་ནས་ལག་རྩལ་གོང་འཕེལ་དུ་སོང་ཡོད། དུས་མཚུངས་སུ་ཨེ་ཤེ་ཡ་ལ་ཡང་དར་ཁྱབ་ཏུ་སོང་ཡོད།

ཨེ་ཤེ་ཡ། (Asia)

   ཡོ་རོབ་ལ་ལྕགས་ཆས་དར་བའི་དུས་རབས་དང་དུས་མཚུངས་སུ་ཨེ་ཤེ་ཡ་ལ་ལྕགས་ཆས་བཟོ་ལས་ཀྱི་ལག་རྩལ་དང་ཐབས་ཤེས་ལག་ལེན་ལ་བསྟར་ཡོད།རྒྱ་ནག་ལ་མཚོན་ན་སྤྱི་ལོའི་སྔོན་གྱི་ལོ་ངོ༤༠༠༠ཡས་མས་ཤིག་ནས་ལྕགས་རིགས་བཀོལ་ཡོད་པའི་བཤད་སྲོལ་ཡང་ཡོད།

ཨེཤེ་ཡའི་དབུས་རྒྱུད།(CentralAsia)

ལྕགས་ཆས་ལག་རྩལ་ནི་སྤྱི་ལོའི་སྔོན་གྱི་དུས་རབས༡༠ནསསྤྱི་ལོའི་སྔོན་གྱི་དུས་རབས ༧བར་ནས་ཨེ་ཤེ་ཡའི་དབུས་རྒྱུད་ཀྱི་ཡིན་དྷོ་ཡོ་རོབ་ཀྱི་མི་རིགས་(Indo-European)(མི་རིགས་དེ་ནི་ཨེ་ཤེ་ཡའི་ནུབ་ཕྱོགས་དང་ཡོ་རོབ་ཀྱི་ས་མཚམས་ཀྱི་ཡུལ་གྲུ་ཀུན་ན་གནས་སྡོད་བྱེད་པའི་མི་རིགས་དག་ཡིན་ལ་ཡིན་དྷོ་ཡོ་རོབ་སྐད་ཡིག་ནི་སྐད་དང་ཡི་གེ་༤༤༥ལྷག་གི་བདག་དབང་ཅན་གྱི་སྐད་རིགས་ཤིག་ཡིན།)དང་ས་ཁཱ་མི་རིགས་( Saka)(ད་ལྟ་ཤིན་ཅིང་གི་ནང་ན་ཡོད་པ་འདྲ། ས་ཁཱ་སྐད་ཡིག་དང་མི་རིགས་ནི་ལེགས་སྦྱར་སྐད་དང་པར་ཤ་གསར་རྙིང་གཉིས་ཀྱི་སྐད།ད་དུང་གྷི་རེ་སི་དང་ལ་ཏིན། རྒྱ་ནག་གི་སྐད་སོགས་སུ་ལོ་རྒྱུས་ལ་འཁོད་ཡོད་འདུག The Saka (Old Persian: Sakā; NewPersian/Pashto: ساکا‎; Sanskrit: शकŚaka; Greek: Σάκαι; Latin: Sacae; Chinese: 塞; pinyin: Sāi; Old Chinese: *Sək; Assyrian: Iskuzai/Askuzai) ཀྱི་ཁྲོད་ནས་དར་ཡོང་བ་ཞིག་རེད། ལྕགས་ཆས་གང་མང་ཞིག་ཁོ་ཚོའི་དུར་ཁྲོད་དང་བང་སོའི་ས་ཚིགས་སོགས་ནས་རྙེད་ཡོད།

ཨེ་ཤེ་ཡའི་བྱང་ཕྱོགས།(North Asia)

ཨུ་རུ་སུའི་ཕ་རྫེ་རེ་ཁིའི་(Pazyryk)ཡུལ་ཁམས་ནས་སྤྱི་ལོའི་སྔོན་གྱི་དུས་རབས༦ནས་དུས་རབས ༣ བར་བྱུང་བའི་རིག་གནས་དེ་ལ་ཕ་རྫེ་རེ་ཁིའི་རིག་གནས་(Pazyryk culture)ཞེས་འབོད་དལ་དེ་ནི་གནའ་ཤུལ་གྱི་རིག་གནས་ཤིག་ཡིན་པ་མ་ཟད།གཙོ་བོ་མིའི་ལག་རྩལ་ལས་ཐོན་པའི་ཅ་དངོས་དང་ཉར་ཚགས་བྱས་པའི་པུར་གདུང་གི་རིགས་ཤིག་ཀྱང་ཡིན།གནའ་ཤུལ་གྱི་ས་ཁུལ་དེ་ལ་སེ་བྷི་རེ་ཡ་Siberiaའམ་ཡང་ན་ཨེ་ཤེ་ཡའི་བྱང་ཕྱོགས་ཀྱང་འབོད་ངེས(དེ་ནི་ཨུ་རུ་སུའི་ས་ཆའི་བརྒྱ་ཆ 77%ལྷག་ཡིན། )ལྟ་ཨུ་རུ་སུའི་ནང་དུ་བརྒྱུད་པའི་གསེར་རིའི་རི་རྒྱུད་ཀྱི་ས་ཁུལ་སེ་བྷི་རེ་ཡའི་གྲང་ཁུལ་(Siberian permafrost) ཞེས་པ་དེ་ན་མིའི་ལག་རྩལ་ལས་ཐོན་པའི་ལྕགས་རིགས་ཅ་དངོས་མང་བོ་རྙེད་ཡོད་པ་མ་ཟད།པུར་གདུང་མང་བོ་ཡང་ལག་སོན་བྱུང་ནས་ཉར་ཚགས་བྱས་ཡོད་འདུགགསེར་རིའི་རི་རྒྱུད་ཆེན་མོ་ཞེས་པ་ནི་ཨལ་ཐེ་རི་རྒྱུད་( The AltaiMountains)ཅེས་པ་དེ་ཡིན་ལ་དེ་ནི་སོག་སྐད་ཡིན་པ་མ་ཟད་དོན་དུ་གསེར་གྱི་རི་རྒྱུད་ཅེས་པའི་དོན་ཡིན། རྒྱ་ནག་སྐད་དུ་ཡང་ཅིན་ཧྲན་(金山)ཏེ་གསེར་རི་ཞེས་པའི་དོན་ནོ། ། གསེར་རིའི་རི་རྒྱུད་འདི་ནི་ད་ལྟ་ཨུ་རུ་སུའི་ས་དང་རྒྱ་ནག་གི་ས།སོག་པོའི་ས་དང་ཁཱ་རྫཱ་ཁི་སི་ཐན་རྒྱལ་ཁབ་(Kazakhstan)བཅས་རྒྱལ་ཁབ་བཞི་ལ་ཁེབས་ཡོད།

ཨེ་ཤེ་ཡའི་ཤར་ལྷོའི་ས་ཁུལ།(Southeast Asia)

   སྤྱི་ལོའི་སྔོན་གྱི་དུས་རབས་བཞི་བ་ནས་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་བར་དར་བའི་ཐེ་ལན་ཌྷིའི་(Thailand)ལྕགས་ཆས་རིག་གནས་ནི་རྒྱ་གར་ནས་དར་བའི་དཔལ་ཡོན་ཞིག་ལ་ངོས་འཛིན་གནང་མཁན་མང་མོད། གང་ལྟར་ལེ་ལན་ཌྷིའི་གནའ་ཤུལ་ས་ཁུལ་བྷན་དོན་ཐཱ་ཧྥེ་(BanDon TaPhet)དང་ཁོ་སམ་ཁོའོ་(KhaoSam Kaeo) ས་ཁུལ་སོགས་ནས་བཟོ་ལྟ་འདྲ་མིན་གྱི་ལྕགས་རིགས་ཀྱི་ཅ་དངོས་མི་ཉུང་བ་རྙེད་ཡོད།ལྕགས་ཆས་དེ་དག་ནི་ལྕགས་ཆས་དུས་རབས་ཕྱི་མའི་སྐབས་ལ་དར་བ་ངེས་ཀྱིན་འདུག

ཨེ་ཤེ་ཡའི་ལྷོ་ཕྱོགས།(South Asia)

༡རྒྱ་གར་གྱི་གླིང་ཕྲན། (Indiansubcontinent)

   རྒྱ་གར་གླིང་ཕྲན་གྱི་ལྕགས་རིགས་གཞུ་སྦྱངས་བྱེད་པའི་ལག་རྩལ་ལོ་རྒྱུས་ནི་སྤྱི་ལོའི་སྔོན་གྱི་ལོ་ངོ༡༨༠༠ནས་སྤྱི་ལོའི་སྔོན་གྱི་ལོ་ངོ ༡༢༠༠ཡར་མར་གྱི་བར་སྐབས་ཤིག་ནས་དར་ཡོང་བ་ཞིག་ཡིན་ལ། དེ་དག་དར་བའི་ས་ཁུལ་གཙོ་བོ་ནི་ཨོ་ཏར་མངའ་སྡེ་(Uttar Pradesh)ཡི་ས་ཁུལ་མོལ་ཧར་(Malhar)དང་དྷ་དྷོ་པོར(Dadupur)། ར་རྗ་ན་ལ་ཀ་ཐེ་ལཱ(Raja NalaKaTila) ། ད་དུང་ལ་ཧོ་རཱ་དྷེ་ཝ་(Lahuradewa)བཅས་ཡིན་ལ་ས་ཁུལ་དེ་དག་ནས་གནའ་ཤུལ་མི་ཉུང་བ་རྙེད་ཡོད། ཨོ་ཏར་མངའ་སྡེ་ཡི་རྒྱལ་ཡོངས་གནའ་རྫས་དཔྱག་ཞིབ་ཁང་གི་འགན་འཛིན་པ་རཱ་ཁེ་ཤི་ཏེ་ཝ་རེ་(Rakesh Tewari)ལགས་ཀྱི་འདོད་ཚུལ་ལྟར་ན། རྒྱ་གར་གྱི་ལྕགས་ཆས་དུས་རབས་ནི་ཧ་ལམ་སྤྱི་ལོའི་སྔོན་གྱི་དུས་རབས་༡༣ཙམ་ལ་ངོས་འཛིན་གནང་གི་ཡོད་པ་མ་ཟད།ལྕགས་རིགས་བཟོ་ལས་ཀྱི་ལག་རྩལ་གྱི་ཐབས་ལམ་ཐོག་མ་ཕལ་ཆེར་སྤྱི་ལོའི་སྔོན་གྱི་དུས་རབས༡༦ཡས་མས་ནས་མགོ་བཙུགས་ཡོད་པར་དགོངས་བཞིན་ཡོད།

༢སི་རེ་ལན་ཁཱ།(Sri Lanka)

   སི་རེ་ལན་ཁཱའི་བྱང་ཕྱོགས་དབུས་མའི་མངའ་སྡེ་(NorthCentral Province) ཡི་གྲོང་ཁྱེར་གཙོ་བོ་ཨ་ནོ་རཱ་དྷ་པོ་རཱ་གྲོང་ཁྱེར་(Anuradhapura) དང་ཕོ་བྲང་སེ་གྷེ་རེ་ཡ་(Sigiriya)སོགས་ན་ཡོད་པའི་གནའ་རྫས་སོགས་ལ་དཔྱད་ཞིབ་བྱས་པ་ལྟར་ན། སྤྱི་ལོའི་སྔོན་གྱི་ལོ་ངོ༡༠༠༠ནས་སྤྱི་ལོའི་སྔོན་གྱི་ལོ་ངོ༦༠༠ཡས་མས་ཤིག་ནས་ལྕགས་ཆས་ཀྱི་དུས་རབས་འདི་དར་ཡོད་པར་ངོས་འཛིན་གནང་བཞིན་ཡོད། ཨ་ནོ་རཱ་དྷ་པོ་རཱ་གྲོང་ཁྱེར་(Anuradhapura) ལ་མཚོན་ན་སྤྱི་ལོའི་སྔོན་གྱི་ལོ་ངོ༨༠༠ཡར་སྔོན་ལ་ས་ཁྱོན་སྤྱི་ལེ་གྲུ་བཞི་མ༡༠༠ ཡས་མས་ལ་རྒྱ་བསྐྱེད་བྱས་ཐུབ་ཡོད་ལ། སྤྱི་ལོའི་སྔོན་གྱི་ལོ་ངོ༧༠༠ ནས་ ༦༠༠ ཡར་སྔོན་ལ་སྤྱི་ལེ་གྲུ་བཞི་མ༥༠༠ཡས་མས་ཤིག་གི་ས་ཁྱོན་ལ་རྒྱ་བསྐྱེད་ཐུབ་པ་བྱུང་ནས་གྲོང་སྡེ་རུ་གྱུར། ལྕགས་ཆས་དུས་རབས་སྔ་མའི་སྐབས་ནས་ལྷག་པའི་རྗ་ཧྥི་ནཱ་གྲོང་ཁྱེར་( Jaffna)གྱི་ཨ་ནེ་ཁོ་དྷེ་ས་ཁུལ་(Anaikoddai)གྱི་ཀེང་རུས་སོགས་སྔོག་འདོན་བྱས་མཐར།བྲམ་ཟེའི་བསྟན་བཅོས་(Brahmi script)སོགས་ལས་བསྟན་པའི་ཁོ་ཝེ་ཏཱ་'KoVeta' སྟེ་རྒྱལ་པོ་ཝེ་ཏཱ་ཞེས་པའི་མིང་དེ་ཡང་ཐམ་ཀ་ཞིག་གི་ངོ་ནས་རྙེད།དེ་བཞིན་རྒྱ་གར་གྱི་ལྷོ་ཕྱོགས་ཀྱི་རྡོ་བརྐོས་སོགས་ནས་རྙེད་པའི་བྲམ་ཟེའི་སྐད་ཡིག་གི་མཚན་ཐོ་རྒྱལ་པོ་ཨ་ཐན་(KoAtan)དང་རྒྱལ་པོ་པོ་ཏེ་ཝེ་རཱ་(KoPutivira )སོགས་དང་བསྡུར་ན།ལྕགས་ཆས་དུས་རབས་སྔ་མའི་གནའ་ཤུལ་ས་ཁུལ་གང་མང་ཞིག་ཁན་དྷ་རོ་དྷ་ས་ཁུལ་(Kandarodai)དང་། མཱ་ཏོ་ཏཱ་ས་ཁུལ། (Matota)པེ་ལ་པེ་ཏེ་ཡཱ་ས་ཁུལ། (Pilapitiya)ཏེ་སཱ་མ་ཧ་རཱ་མ་ས་ཁུལ་(Tissamaharama)སོགས་ནས་ལྷག་ཡོད་པར་ཚོད་དཔག་དང་ཡིད་ཆེས་བྱེད་བཞིན་ཡོད།

ཨེ་ཤེ་ཡ་ཤར་ཕྱོགས།(East Asia)

༡ རྒྱ་ནག(China)

   སྤྱི་ལོའི་སྔོན་གྱི་ལོ་ངོ༡༢༠༠ཡས་མས་ཤིག་ལ་རྒྱ་ནག་གི་ལི་བརྐོས་རི་མོ་འདི་དར་ཡོད། རེད་དེ་ལྕགས་རིགས་བཞུ་སྦྱང་གི་ལག་རྩལ་འདི་སྤྱི་ལོའི་སྔོན་གྱི་དུས་རབས་དགུ་བ་ཡས་མས་ཤིག་ནས་འཕེལ་རྒྱས་སུ་སོང་བ་ཡིན། རྒྱ་ནག་གི་མཚོན་ཡིག་ཆེན་མོ་འམ་ཁྲམ་ཡིག་ཆེན་མོ་(LargeSealscript or Great Seal script. Chinese:大篆; pinyin:Dàzhuàn) ཞེས་པ་དེ་ནི་ཡིག་གཟུགས་ཀྱི་རིགས་ཤིག་ཡིན་པར་འབོད་ཀྱིན་ཡོད། སྤྱི་ལོའི་སྔོན་གྱི་ལོ་ངོ་༨༠༠ ཡར་སྔོན་གྱི་དཔེ་ཆ་ཀྲོའུ་རབས་རིག་དངོས་ཀྱི་ལོ་རྒྱུས་(史籀篇)ཞེས་པའི་དཔེ་ཆ་དེའང་ཡིག་གཟུགས་དེས་བྲིས་པར་ངོས་འཛིན་བྱས་ཡོད།དེ་བཞིན་ལྕགས་ཆས་བཟོ་ལས་ཀྱི་ལག་རྩལ་སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པའི་སྨད་ཙམ་ལ་འབྲི་ཆུའི་འགྲམ་རྒྱུད་ལ་དར་ཡོད། གནའ་རྫས་རེ་འགའ་ཡང་ཧོ་ནན་མངའ་སྡེའི་ཤར་ཁུལ་གྱི་ཁྲིང་ཧྲཱ་(长沙)དང་ཅིང་སོ་མངའ་སྡེའི་ལྷོ་ནུབ་ཁུལ་གྱི་ནན་ཅེན་(南京)སོགས་ནས་རྙེད་ཡོད། བང་སོ་སྔོག་འདོན་བྱས་ནས་བདེན་པ་ར་སྤྲོད་ཅུང་བྱུང་བ་ནི་ལྕགས་རིགས་ཀྱི་ཅོང་དང་སྣོད།མཚོན་ཆ་དང་རྒྱན་ཆ་གང་མང་ཞིག་རྒྱལ་འཁྲུག་དུས་རབས་(TheWarring States period. simplifiedChinese: 战国时代; traditionalChinese: 戰國時代; pinyin: ZhànguóShídài) སྐབས་ཀྱི་བཟོ་ལས་ལས་བྱུང་ངོས་འཛིན་གྱིན་ཡོད། རྒྱལ་འཁྲུག་དུས་རབས་ནི་གནའ་བོའི་རྒྱ་ནག་དཔྱིད་དང་སྟོན་གྱི་དུས་རབས་(TheSpring and Autumn period. simplifiedChinese: 春秋时代; traditionalChinese: 春秋時代; pinyin: Chūnqiū Shídài)ཀྱི་སྐབས་ཆེན་རྒྱལ་རབས་(Qin dynasty)ཀྱིས་རྒྱ་ནག་གི་རྒྱལ་ཕྲན་སོ་སོ་གཅིག་གྱུར་གྱིས་དབང་དུ་བསྡུས་པའི་དུས་རབས་ལ་ཟེར།དུས་ཀྱི་ཆ་ནས་མཁས་པོ་སོ་སོར་བཞེད་སྲོལ་མི་མཐུན་པ་རེ་ཡོད་རུང་། སྤྱི་ལོའི་སྔོན་གྱི་དུས་རབས་ལྔ་བ་དང་བཞི་བ་ཡས་མས་ཤིག་ཡིན་པ་བསྙོན་དུ་མེད།

༢ བོད། (Tibet)

   བོད་ཀྱི་རིག་གནས་ཀྱི་དཔལ་ཡོན་ཐོག་མ་དར་ས་བོད་ཀྱི་ནུབ་ཕྱོགས་དང་ནུབ་བྱང་གི་ཕྱོགས་ཡིན།སྐབས་དེར་དེའི་རིག་གནས་དང་མངའ་མཛད་དག་ནི་ཞང་ཞུང( Zhangzhung.Tibetan: ཞང་ཞུང་ ; Tibetan pronunciation: [ɕaŋɕuŋ];Chinese: 象雄; Chinese pinyin :Xiàngxióng)གི་རིག་གནས་ཡིན། ཞང་ཞུང་ལ་མཚོན་ན་ཆོས་ལུགས་ནི་བོན་ཡིན་པ་དང་། བོན་གྱི་ཆོས་དང་ཆོ་གས་བོད་ལ་སངས་རྒྱས་བསྟན་པ་ནང་འདྲེན་བྱས་ནས་དར་ཁྱབ་བཏང་བར་ཕྱོགས་སོ་སོ་ནས་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད།གང་ལྟར་ལྕགས་ཆས་དུས་རབས་ཀྱི་རིག་གནས་མི་དམན་པ་ཞིག་བོད་ནུབ་བྱང་གི་ས་ཁུལ་བྱང་ཐང་(Changtang羌塘)ནས་འཕེལ་རྒྱས་སུ་སོང་ཡོད་པ་འདོད། བྱང་ཐང་ནི་བོད་ཀྱི་གནའ་བོའི་འབྲོག་པ་འདུས་སྡོད་བྱེད་ས་ཞིག་ཡིན།ཚོད་དཔག་ལྟར་ན་འབྲོག་པ་འབུམ་ལྔ་དྲུག་ཅིག་ཡོད་ངེས། ས་ཁུལ་དེའི་མཚོ་འཕགས་ཧ་ཅང་མཐོ་ལ། བོད་ཀྱི་ནུབ་ཕྱོགས་དང་བྱང་ཕྱོགས་ནས་བཟུང་ལ་དྭགས་ཀྱི་ཤར་ལྷོའི་ཕྱོགས་བར་བརྐྱངས་ཡོད།མདོར་བབས་ནས་བཤད་ན། བོད་མཐོ་སྒང་གི་ལྕགས་ཆས་ཀྱི་རིག་གནས་ཤིག་ཞང་ཞུང་གི་རིག་གནས་དང་འབྲེལ་ནས་དར་ཡོད་པ་བོད་ཀྱི་གནའ་བོའི་ཡིག་ཚགས་དག་ན་ཟུར་ཙམ་རེ་གླེང་འདུག


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xum1 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
24455741
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།