ཀླུ་མཆོད་དུས་ཆེན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» དམངས་སྲོལ།» རོང་བའི་དམངས་སྲོལ། »ཀླུ་མཆོད་དུས་ཆེན།
ཀླུ་མཆོད་དུས་ཆེན།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-05-05ལྟ་ཀློག (5765)རྩོམ་ཁུངས: མཚོ་སྔོན་པོའི་དྲ་བ།པར་འདེབ།

ཀླུ་མཆོད་དུས་ཆེན།

     ཀླུ་མཆོད་དུས་ཆེན་ནི་ལྷ་སའི་ཉེ་འཁོར་གྱི་ཡུལ་གྲོང་སོ་སོ་ནས་ལོ་རེའི་བོད་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་ཀླུ་རིགས་དད་མཆོད་བྱེད་པའི་དུས་ཆེན་ཁྱད་པར་བ་ཞིག་ཡིན། བོད་རིགས་ཀྱི་མེས་པོ་གོང་མ་རྣམས་ཀྱིས་ཁམས་གསུམ་འཇིག་རྟེན་ཧྲིལ་བོར་སྟེང་ལྷ་ཡུལ་དང་བར་མི་ཡུལ། འོག་ཀླུ་ཡུལ་ཆགས་ཡོད་པའི་ལྟ་བ་འཛིན་པས། འོག་ཀླུ་ཡི་རིགས་རྣམས་ཕལ་ཆེར་རྒྱ་མཚོ་ལ་གནས་ཤིང་། རྒྱ་མཚོ་ཆེན་པོ་ནི་ཀླུ་ཡི་ཕོ་བྲང་དངོས་ཡིན་པར་འདོད་པ་དང་། མཚོ་དང་ཀླུ་ལ་དུས་ངེས་ཅན་དུ་མཆོད་ན་ཆར་ཆུ་དུས་སུ་འབབ་ཅིང་རྒྱུ་ནོར་ལོངས་སྤྱོད་ཀྱི་དངོས་གྲུབ་ཅི་འདོད་དུ་བསྩལ་ཡོང་བར་བསམས། བཤད་རྒྱུན་དུ་གནའ་སྔ་མོའི་དུས་སུ་མདོ་དབུས་མཐོ་སྒང་གི་ཡུལ་གྲུ་ཧྲིལ་བོ་ནི་ཆུས་ཁེངས་པའི་རྒྱ་མཚོ་ཆེན་པོ་ཞིག་ཡིན་ལ། ལོ་དང་བསྐལ་བ་མང་བོ་བགོར་པའི་རྗེས་སུ་མཚོ་ཆུ་རིམ་གྱིས་འགྲིབ་ཀྱང་མཚོ་ན་གནས་པའི་ཀླུ་རྣམས་ཀྱིས་སྔར་བཞིན་ཆུའི་འཇིག་རྟེན་ལ་དབང་སྒྱུར་དང་དོ་དམ་བྱས་ཡོད་པར་བསམས་པས། མི་རྣམས་ཀྱི་འཚོ་རྟེན་ལོ་ཏོག་ལ་ཉེ་བར་མཁོ་བའི་ཆར་ཆུ་ཞིག་དབབ་དགོས་ན། ངེས་པར་ཀླུ་ལ་མཆོད་དེ་ཀླུས་ལོངས་སྤྱོད་ཀྱི་དངོས་གྲུབ་གནང་བར་བསྒུག་དགོས་པས། ལོ་རེར་བྱིས་པ་སྟག་ལོ་བ་ཞིག་མཚོ་ནང་དུ་འཕངས་ཏེ་ཀླུའི་རྒྱལ་པོ་ལ་མཆོད་པ་བྱེད་པའི་སྲོལ་ཡོད། ལོ་གཅིག་གི་མཆོད་པའི་སྐབས་སུ་རྒྱལ་པོའི་བཀའ་ལྟར་བློན་པོ་རྣམས་ཀྱིས་བཙལ་བཙལ་མཐར་བླ་སྤྲུལ་ཆེན་པོ་ཞིག་གི་ཐུགས་འདང་ཆེ་བའི་སློབ་མའི་སྟེང་དུ་ཁེལ། དེ་ལྟ་ནའང་རྒྱལ་པོ་སྨྲ་བ་ལན་གཅིག་ཡིན་ཕྱིར་དེའི་བཀའ་གྱེན་ལྡོག་མ་ནུས་པར་བླ་སྤྲུལ་གྱི་སློབ་མ་དེ་ཡང་སྔར་སྲོལ་ཇི་བཞིན་མཚོ་མཆོད་དུ་ཕུལ། དེ་ནས་ཡུན་རིང་ཞིག་བགོར་རྗེས་མཚོ་མཆོད་དུ་ཕུལ་པའི་མི་དེ་གནོད་སྐྱོན་ཅི་ཡང་མེད་པར་ཕྱིར་རྒྱལ་པོའི་མདུན་དུ་བསླེབས་ཏེ། རྒྱལ་པོའི་སྲས་མོ་ཆུང་མར་བསླངས་ཤིང་རྒྱལ་པོས་ཀྱང་ཡ་མཚན་དང་བཅས་རང་གི་བུ་མོ་དེར་སྟེར་རྒྱུ་ཁས་བླངས། དུས་དེ་ནས་བཟུང་ལོ་ལྟར་བུ་ཆུང་སྟག་ལོ་བ་རེ་མཚོ་ནང་དུ་འཕེན་པའི་སྲོལ་བཅད་དེ། ལོ་རེ་བཞིན་རང་འཁོས་དང་བསྟུན་པའི་དངོས་རྫས་གང་རུང་ཀླུ་རྒྱལ་ལ་མཆོད་ཆོག་པའི་བཀས་བཅད་གནང་། སྲོལ་དེ་ལ་བརྟེན་ནས་ད་ལྟ་ཡང་ལྷ་སའི་ཉེ་འཁོར་གྱི་ཡུལ་གྲོང་སོ་སོ་ནས་ལོ་རེའི་བོད་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་ཆར་ཆུ་དུས་སུ་འབབ་པ་དང་རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་དར་བའི་སྨོན་འདུན་འཆང་བཞིན་ཀླུ་རིགས་དད་མཆོད་བྱེད་པའི་དུས་ཆེན་ལ་རོལ་བ་ཡིན།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། b80e བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23533935
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།