འཛམ་གླིང་ཁེ་ལས་པ་གྲགས་ཅན་གྱི་གདམ་ངག ཁག་གསུམ་པ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 18 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཀུན་འདུས།» རྒྱལ་སྤྱིའི་དཔལ་འབྱོར། »འཛམ་གླིང་ཁེ་ལས་པ་གྲགས་ཅན་གྱི་གདམ་ངག ཁག་གསུམ་པ།
འཛམ་གླིང་ཁེ་ལས་པ་གྲགས་ཅན་གྱི་གདམ་ངག ཁག་གསུམ་པ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-04-18ལྟ་ཀློག (1088)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

འཛམ་གླིང་ཁེ་ལས་པ་གྲགས་ཅན་གྱི་གདམ་ངག་བོད་འགྱུར་མ། ཁག་གསུམ་པ།

བརྩེ་དུང་རྡོ་རྗེས་བསྒྱུར།

1.མཚན་མོ་བསམ་དུས་ལམ་ུརབུ་ཁྲི་སྟོང་དྲན། སྔ་མོ་འགྲོ་དུས་སྔོན་གྱི་ལམ་བུར་སྐྱོད།

 མ་ཡེན། (ཀྲུང་གོ) 马云(中国)

2.ཁྱེད་རང་ལ་རྒྱལ་ཁ་ཐོབ་ཚེ། ཁྱེད་ཀྱིས་བཤད་པ་ཡོད་ཚད་བདེན་གཏམ་ཡིན།

མ་ཡེན། (ཀྲུང་གོ) 马云(中国)

3.ཁེ་ལས་གསར་གཉེར་པ་ཡོད་ཚད་ཀྱིས་དུས་ཚོད་མང་ཙམ་སྤྱད་ནས་གཞན་དག་ཇི་ལྟར་ཕམ་སོང་བ་སློབ་སྦྱོང་བྱེད་དགོས་ས་རེད།

མ་ཡེན། (ཀྲུང་གོ) 马云(中国)

4. བདག་གིས་བརྙན་ཆས་དངུལ་ཁང(银软)འདི་འཛུགས་སྐབས། སྒོར་མོ་དང་ཉམས་མྱོང་མེད་པ་མ་ཟད། དེ་བཞིན་ཚོང་ལས་ཐོག་གི་འབྲེལ་འདྲེས་ཀྱང་མེད། ཡོད་པ་ཉག་གཅིག་ནི་སྤྲོ་སེམས་དང་ངར་སེམས། ད་རུང་ལེགས་འགྲུབ་འོང་ན་འདོད་པའི་ཕུགས་བསམ་བཅས་སོ། 

སིན་ཀྲང་ཡེ། (ཉི་ཧོང) 孙正义(日本)

5. དངུལ་སྒོར་ལ་རྨོངས་ཞེན་བྱེད་པའི་མི་ནི་ཀུན་སྤྱོད་ཐ་ཤལ་བའི་མི་ཡིན།

 ཁ་ནེ་ཅེས། (ཨ་རི) 卡内基(美国)

6.བྱ་བཞག་ཆེན་པོ་ཞིག་འགྲུབ་པའི་སྔོན་འགྲོ་ནི་ཕུགས་བསམ་རླབས་ཆེན་ཞིག་ཡོད་པ་དེ་ཡིན།

ཤེར་བདུད།(ཨ་རི) 希尔顿 (美国)

7.རྒྱལ་ཁ་ལ་བརྒྱ་ཆའི་གཅིག་ཙམ་ལས་གདེང་ཚོད་མེད་སྲིད། ཁོ་ནི་བརྒྱ་ཆ་དགུ་བཅུ་གོ་དགུའི་ཕམ་ཁ་བརྒྱུད་རྗེས་ད་བཟོད་ཐོབ་སྲིད་པ་ཞིག་རེད།

 པིན་ཐན་ཙོང་ཡས་ལཱང་། (ཉི་ཧོང) 本田宗一郎(日本)

8.དོན་དམ་གྱི་ནོར་འཁྲུལ་ནི་ནོར་འཁྲུལ་གྱི་ཁྲོད་ནས་ཤེས་བྱ་གང་རུང་ཞིག་སློབ་མ་ཐུབ་པ་དེ་ཡིན།

  ཧྥོ་ཐི། (ཨ་རི) 福特(美国)

9. དཀོན་མཆོག་གིས་ང་ཚོར་རྐང་པ་གཉིས་བསྐྲུན་ཆེད་ནི། ང་ཚོ་རང་ཉིད་ཀྱི་རྐང་པ་གཉིས་ལ་བརྟེན་ནས་འགྲོ་དགོས་པ་བསྟན།

(ཨ་རི)རོ་ཁེ་ཧྥེ་ལེར། (美国)洛克菲勒

10. ང་རང་གནས་སྐབས་ཀྱི་རྒྱལ་ཁ་ཐོབ་པ་ལ་དགའ་པོ་མེད། ང་ལ་དགོས་པ་དེ་རྒྱུན་མཐུད་ཆད་མེད་ཀྱི་རྒྱལ་ཁ་དེ་ཡིན། དེ་ལྟར་ཡིན་ན་ད་བཟོད་སྟོབས་ལྡན་དུ་འགྱུར་ཐུབ་པ་རེད།

(ཨ་རི)རོ་ཁེ་ཧྥེ་ལེར། (美国)洛克菲勒

11. ཁ་གཡར་ས་བཙལ་བ་ནི་ཕམ་ཁ་བཟོ་བའི་འབྱུང་རྩ་ཡིན།

(ཨ་རི)རོ་ཁེ་ཧྥེ་ལེར། (美国)洛克菲勒

12. གོམ་པ་གཞུག་མ་དེར་འདང་ཡག་པོ་ཞིག་ཕོག་མེད་ན། གོམ་པ་དང་པོ་དེ་གཏན་ནས་མ་སྤོ།

(ཨ་རི)རོ་ཁེ་ཧྥེ་ལེར། (美国)洛克菲勒

13.མི་རེ་རེ་ནི་རང་གི་ལས་དབང་གི་འཆར་འགོད་པ་དང་བཟོ་བསྐྲུན་པ་ཡིན།

(ཨ་རི)རོ་ཁེ་ཧྥེ་ལེར། (美国)洛克菲勒

14.ལས་ཀ་ནི་ཚེ་སྲོག་ལ་བྲོ་བ་སྟེར་བའི་ལན་ཚྭ་ཡིན།

(ཨ་རི)རོ་ཁེ་ཧྥེ་ལེར། (美国)洛克菲勒

15.རད་ཉིད་ཀྱིས་ཇི་ལྟར་འགྲུབ་བསམ་ན། ཁྱེད་རང་དེ་ལྟར་ཐབས་མཁས་པོར་འགྱུར། སྤྲོ་སྣང་གི་སེམས་ཁམས་ཀྱིས་རྒྱལ་ཁ་བསྐྲུན་ཐུབ།

(ཨ་རི)རོ་ཁེ་ཧྥེ་ལེར། (美国)洛克菲勒

16.གསོག་འཇོག་གི་ཤེས་བྱ་ཇི་ལྟར་མང་ན། ལེགས་འགྲུབ་ཀྱི་རེ་བ་དེ་ལྟར་ཆེ།

(ཨ་རི)རོ་ཁེ་ཧྥེ་ལེར། (美国)洛克菲勒

17.རྒྱལ་ཁ་ཐོབ་འདོད་ན་ངེས་པར་དུ་ཉེན་མཆོང་གི་རིན་ཐང་ཤེས་དགོས། མ་ཟད་ངེས་པར་དུ་རང་ཉིད་ལ་ལམ་འགྲོ་བསྐྲུན་པའི་ཤེས་རྒྱ་ཡོད་དགོས། ཉེན་ཁ་ཇི་ལྟར་ཆེ་ན། ཐོབ་འབྲས་དེ་ལྟར་བཟང་།

(ཨ་རི)རོ་ཁེ་ཧྥེ་ལེར། (美国)洛克菲勒

18,དེ་རིང་གི་རྒྱལ་ཁ་དེ་ཐོབ་དགོས་ན། སློབ་གསོ་དང་འབད་བརྩོན་མ་ཡིན་པའི་རྒྱུ་ཆ་གཞན་དག་འགའ་སྣོན་དགོས་ཏེ། ---- གསར་གཏོད་རང་བཞིན་ཡོད་པ་དང་། བསམ་པའི་བཀོད་ཤུགས་ཕྱུག་པོ་ཡིན་པའི་སེམས་ཁམས་སོགས་ཡོད་དགོས།

(ཨ་རི)རོ་ཁེ་ཧྥེ་ལེར། (美国)洛克菲勒

19.འཇིག་རྟེན་འདི་དབང་ཡོད་དག་གི་འཇིག་རྟེན་མ་རེད་ལ། དངུལ་བདག་མཁན་གྱི་འཇིག་རྟེན་ཡང་མ་རེད། དེ་ནི་སེམས་ཡོད་དག་གི་འཇིག་རྟེན་ཡིན་ནོ།

(ཀྲུང་གོ) ཉིས་ཀུན་ཧྲེང་།(中国)牛根生

20.རྒྱུ་ནོར་ཀླད་པ་ནང་ན་ཡོད་པ་ལས་གློ་ཁུག་ནང་ན་ཡོད་མ་ཡིན། གློ་ཁུག་ནི་ཀླད་པར་རག་ལས་ཡོད།

(ཀྲུང་གོ)ཉིས་ཀུན་ཧྲེང་།(中国)牛根生

21.རླབས་ཆེན་ཡོད་ཚད་ཀྱི་བསམ་བློ་དང་འགུལ་བསྐྱོད་དག་ནི། ཧ་ཅང་ཆུང་བའི་བྱ་ལས་ནས་མགོ་བརྩམས་པ་རེད།

(ཀྲུང་གོ)ལིས་ཅ་ཁྲེང་།(中国)李嘉诚

22.སང་ཉིན་གྱི་རེ་བས། དེ་རིང་གི་དཀའ་སྡུག་སེལ་ཐུབ།

(ཀྲུང་གོ)ལིས་ཅ་ཁྲེང་།(中国)李嘉诚

23. ཉེ་འགྲམ་གྱི་མི་དག་ནམ་ཡང་ཁྱོད་ལས་རིག་རྒོད་ཡིན་པ་ཡིད་ཆེས་བྱོས།

( ཀྲུང་གོ) མ་ཡེན།( 中国) 马云

24.ཆེས་ཕུལ་བྱུང་གི་དཔེ་དབྱིབས(模式)ནི་ནམ་ཡང་ཆེས་སྟབས་བདེ་ཡི་དངོས་པོ་ཡིན།

( ཀྲུང་གོ) མ་ཡེན།( 中国) 马云

25.འགྲན་ཟླ་ནི་ནམ་ཡང་ཆེས་སྟོབས་ལྡན་ཞིག་ཡིན་པར་བསམ་དགོས། གལ་ཏེ་ཁས་ཞན་ཞིག་ཡིན་ནའང་། ཁྱེད་ཀྱིས་དེ་ཆེས་སྟོབས་ལྡན་ཞིག་ཏུ་འཇོག་དགོས།

( ཀྲུང་གོ) མ་ཡེན། ( 中国) 马云

26.གྲུབ་འབྲས་ཡོད་པ་ནི་ལེགས་འགྲུབ་བྱུང་བའི་མཚོན་རྟགས་མིན་ལ། གྲུབ་འབྲས་མེད་པ་ནི་ཕམ་ཁ་ཁུར་བ་གཏན་ཁེལ་ཡིན།

( ཀྲུང་གོ) མ་ཡེན།( 中国) 马云

27.གཞན་གྱིས་ཁྱེད་ལ་སྐྱོན་བརྗོད་བྱས་པ་དེ་ནམ་ཡང་སེམས་ལ་ཟུངས། གཞན་གྱིས་ཁྱེད་ལ་བསྔགས་བརྗོད་བྱས་པ་དེ། དེ་ག་ནས་བརྗེད་ཀི་ཆུག

( ཀྲུང་གོ) མ་ཡེན།( 中国) 马云

28. དོན་དག་ཡག་པོ་དག་གཏན་ནས་བཤད་སླ་མོ་ཞིག་མིན། བཤད་སླ་བའི་དོན་དག་ནི་གཏན་ནས་དོན་དག་ཡག་པོ་ཞིག་མིན།

( ཀྲུང་གོ) མ་ཡེན།( 中国) 马云


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། nkdr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5931015
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号