འཛམ་གླིང་ཁེ་ལས་པ་གྲགས་ཅན་གྱི་ལེགས་བཤད་བོད་འགྱུར་མ། ཁག་དང་བོ།
བརྩེ་དུང་རྡོ་རྗེས་བསྒྱུར།
1. དངུལ་སྒོར་རང་གིས་གཡོགས་པོ་རུ་སྒྱུར་དགོས་པ་ལས། རང་ཉིད་དངུལ་སྒོར་གྱི་བྲན་དུ་འགྱུར་མི་རུང་།
(ཨ་རི)རོ་ཁེ་ཧྥེ་ལེར། (美国)洛克菲勒
2. གོམས་ལོབས་སུ་གྱུར་མ་སོང་ན། ཕམ་ཁ་ནི་དོན་དག་ངན་པ་ཞིག་གཏན་ནས་མིན།
(ཨ་རི)རོ་ཁེ་ཧྥེ་ལེར། (美国)洛克菲勒
3. དངུལ་སྒོར་ནི་མིས་བཟོས་པ་ཞིག་ཡིན་པས། དངུལ་སྒོར་གྱིས་མི་བཟོ་བསྐྲུན་བྱེད་མི་ཐུབ།
( ཨ་རི) པཱ་ཧྥེ་ཐཱི(美国)巴菲特
4. ང་ཚོ་ལ་ངེས་པར་དུ་ངར་སེམས་ཡོད་དགོས། ང་ཚོས་སྒྲུབ་བཞིན་པའི་བྱ་བ་ཡོད་ཚད་ནི་ང་ཚོ་རང་ཉིད་དགའ་ཞེན་ཡོད་སའི་བྱ་བ་ཡིན་པས། དེ་ནི་ཕྱུག་པོར་འགྱུར་ཕྱིར་མིན། དེ་བཞིན་གལ་ཏེ་ང་ཚོས་བྱ་བ་ཡག་པོ་ཞིག་འགྲུབ་སོང་ན། ཕྱུག་པོ་རུ་འགྱུར་བའང་དཔེ་སྲིད་པ་ཞིག་རེད། ཡིན་ནའང་། ང་ཚོས་བསླུ་བྲིད་ག་གེ་མོ་ཞིག་གི་དབང་གིས་བྱ་བ་སྒྲུབ་བཞིན་མེད་པས། ངས་བསམ་ན། ངར་སེམས་ནི་ཧ་ཅང་གལ་ཆེན་རེད་འདོད།
( ཨ་རི) པཱ་ཧྥེ་ཐཱི(美国)巴菲特
5. མི་ཡག་པོ་ཞིག་བྱེད་པ་ནི་ཆེས་གལ་ཆེན་རེད། དེ་ནི་མི་གཞན་དག་རྒྱུ་ཤུགས་ཀྱི་ངོས་ནས་ཁྱེད་རང་ལ་དགའ་བ་དང་ཕྱི་ཚུལ་གྱི་ཐོག་ནས་ཁྱེད་ཀྱི་ངོ་སྲུང་བ་དང་གཏན་ནས་མི་འདྲ་བར་། དེས་ནི་མི་གཞན་དག་ཁྱེད་ལ་སེམས་གཏིང་ནས་དགའ་བ་དང་། ཁྱེད་རང་ལ་དོན་དམ་གྱི་གུས་བཀུར་ཐོབ་ཏུ་འཇུག་ཐུབ།
(ཀྲུང་གོ) ལཱས་ཅཱ་ཁྲེང་།(中国)李嘉诚
6. རང་ཉིད་ཁྱེར་ནས་འཇིག་རྟེན་ཐོག་གི་མི་གཞན་དག་དང་བསྡུར་བ་བྱེད་ས་ལར་ནས་མ་འགྲོ། གལ་ཏེ་རང་ཉིད་མི་གཞན་དག་དང་བསྡུར་བ་བྱས་ན། དེ་ནི་ཁྱེད་ཀྱིས་ཁྱེད་རང་ཉིད་ལ་དམའ་འབེབས་བྱས་པ་ཁོ་ནའོ།
(ཨ་རི)བྷེར་ཀེ་ཚི (美国)比尔盖茨
7. ipodཐོག་གི་གཅུས་སྒོ(按钮)ཆུང་ཆུང་ཞིག་ཡིན་ནའང་དེ་ལ་མཐོང་ཆུང་མ་བྱེད། ཁོ་དང་གཞན་དག་མི་འདྲ་བ་ནི་ང་ཚོས་དེ་ལ་འཆར་གཞི་21བཟོས་པ་དང་། ཚོད་ལྟ84000བྱས་པ། ཇེ་ལེགས་སུ་ཐེངས57བཏང་བས་ཡིན། འཛད་སྤྱོད་པའི་འཐད་མོས(满意)ནི་དགོས་མེད་ཀྱི་རྒྱུན་འཁྱོངས་ལས་འབྱུང་ཀི་ཡོད།
( ཨ་རི) ཇོབ་སི (美国)乔布斯
8. ལེགས་འགྲུབ་འོང་བར་འདོད་ན་ཆེས་མྱུར་བའི་བྱ་ཐབས་ནི་རང་གིས་སྒྲུབ་ན་འདོད་པའི་བྱ་བ་སྒྲུབ་ནས། དེ་ལ་སྟོབས་ཤུགས་ཡོད་རྒུ་འདོན་པའོ།
( ཨ་རི) ཇོབ་སི (美国)乔布斯
9. རླབས་ཆེན་གྱི་བྱ་བཞག་ཞིག་འགྲུབ་པའི་ཐབས་ལམ་ཉག་གཅིག་ནི་རང་ཉིད་ཀྱི་བྱ་བ་ལ་དགའ་ཞེན་ཡོད་དགོས་པ་དེའོ། གལ་ཏེ་ཁྱེད་ཀྱིས་ད་རུང་ཡང་རང་ཉིད་དགའ་རུ་འཇུག་ཐུབ་པའི་བྱ་བཞག་ཞིག་ལག་ཏུ་སོན་མེད་ཚེ། ལས་སླ་བོར་ཕུགས་བསམ་མ་འདོར་བར། མུ་མཐུད་དུ་འཚོལ་སྙེག་བྱོས། རང་ཉིད་ཀྱི་སེམས་འདུན་ལྟར་འཚོལ་སྙེག་བྱོས། ནམ་ཉི་མ་ཞིག་ལ་ལག་ཏུ་འོང་ངེས་སོ།
( ཨ་རི) ཇོབ་སི (美国)乔布斯
10. ཁྱེད་ཀྱི་དུས་ཚོད་ལ་ཚད་ཡོད་པ་རེད། གཞན་དག་གི་འཚོ་བ་བསྐྱར་བཟློས་བྱས་ནས་རང་ཉིད་ཀྱི་དུས་ཚོད་ཆུད་ཟོས་སུ་མ་གཏོང་། གཞན་གྱི་ལྟ་སྟངས་ཀྱིས་རང་གི་འདུན་པ་སྣུབ་ཀི་མ་འཇུག
( ཨ་རི) ཇོབ་སི (美国)乔布斯
11. ངས་རང་གི་སྒྲུབ་པའི་བྱ་བ་ཡོད་ཚད་ལ་ང་རང་ཉིད་དགའ་བ་ཡིད་ཆེས་བརྟན་པོ་ཡོད། དེ་ནི་ལོ་འདི་དག་ལ་ང་རང་མུ་མཐུད་དུ་མདུན་བསྐྱོད་བྱེད་ཐུབ་པའི་རྒྱུ་མཚན་ཉག་གཅིག་གོ
( ཨ་རི) ཇོབ་སི (美国)乔布斯
12.འཇིག་རྟེན་འདིའི་ཐོག་ཏུ། གལ་ཏེ་ཁྱེད་རང་ཡིད་ཆེས་ཀྱི་ངང་ནས་འགྲེང་ཐུབ་ཚེ། ཁྱེད་ཉིད་ས་རུ་འགྱེལ་ཏུ་འཇུག་ཐུབ་མཁན་གཅིག་ཀྱང་མེད།
(ཨ་རི) བྷེར་ཀེ་ཚི (美国)比尔盖茨
13. གོམས་གཤིས་ཡག་པོ་ནི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་ཏེ། ནམ་ཞིག་ལ་དེ་རང་ཉིད་ལ་ཡོད་ཚེ། ཁྱེད་ཀྱིས་མི་ཚེ་གང་ལ་ཁེ་བཟང་རྙེད་ཐུབ། དེའི་ཕྱིར། "ལམ་སང་འགུལ་སྐྱོད"ཀྱི་གོམས་གཤིས་ཡག་པོ་ཞིག་གསོ་སྐྱོང་བྱེད་ཐུབ་ན། ཁྱེད་ཀྱི་མི་ཚེ་དེ་དོན་སྙིང་ལྡན་པ་ཞིག་ཏུ་འགྱུར་ཐུབ།
(ཨ་རི) བྷེར་ཀེ་ཚི (美国)比尔盖茨
14. བདག་གིས་ལས་ཀ་ནི་སྤྲོ་སྣང་གི་ཆེད་དུ་ཡིན།
(ཨ་རི) བྷེར་ཀེ་ཚི(美国)比尔盖茨
15.ཆེས་འཇིགས་སུ་རུང་བའི་དགྲ་བོ་ནི། རང་ཉིད་རང་ལ་ཡིད་ཆེས་བརྟན་པོ་ཞིག་མེད་པ་དེ་ཡིན།
(ཨ་རི) བྷེར་ཀེ་ཚི (美国)比尔盖茨
16. རྗེས་ལུས་ནི་ངོ་ཚ་ཡིན།
(ཨ་རི) བྷེར་ཀེ་ཚི (美国)比尔盖茨
17. ལེགས་འགྲུབ་ཡོད་ཚད་ལ་གསང་བ་ཞེས་པ་ཞིག་གཏན་ནས་མེད། དེ་ནི་ཁོ་ཚོ་དེང་རབས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་མཚམས་སོང་བ་ཙམ་རེད།
(ཨ་རི) བྷེར་ཀེ་ཚི (美国)比尔盖茨
18.གསར་གཏོད་ནི་ཀུང་སི་ཆེན་པོའི་ལམ་བུ་ཉག་གཅིག་ཡིན།
(ཨ་རི) བྷེར་ཀེ་ཚི (美国)比尔盖茨
19. དུས་ཚོད་གང་འདྲ་ཞིག་ཡིན་རུང་། མི་ཡི་ཀླད་པ་ཆེས་མང་ས་དེ་བཀོལ་སྤྱོད་བྱེད་ཐུབ་ཀྱིན་མེད། དེའི་ཕྱིར། ཁྱེད་ཀྱིས་ཉེ་འཁོར་ལ་ལྟ་ཞིབ་བྱེད་དུས། རང་ཉིད་ཀྱི་ཀླད་ཆེན་འདང་ངེས་ཤིག་བཀོལ་སྤྱོད་གནང་དགོས་པ་ཡིན།
(ཨ་རི) བྷེར་ཀེ་ཚི (美国)比尔盖茨
20.ངས་བསམ་ན། ཚོང་གཉེར་བ་ཞིག་ལ་ཆེས་མེད་དུ་མི་རུང་བའི་ཆ་རྐྱེན་ནི། རང་གི་ཚོང་ལས་ལ་དགའ་ཞེན་ཡོད་དགོས་པ་དེ་རེད་བསམ།
(ཨ་རི) བྷེར་ཀེ་ཚི (美国)比尔盖茨
21.ཕམ་ཁ་ནི་དོན་དག་ངན་པ་ཞིག་གཏན་ནས་མིན། ཕམ་ཁ་ཐེངས་གཅིག་གིས་ཁྱེད་ལ་ཤེས་བྱ་མང་པོ་ཞིག་ཤེས་སུ་འཇུག་ངེས། ཐ་ན་ཁྱེད་ཀྱིས་སློབ་ཆེན་ལས་སྦྱང་བ་དག་ལས་ཀྱང་སྤྱོད་སྒོ་ཆེ་ངེས།
(ཨ་རི) བྷེར་ཀེ་ཚི(美国)比尔盖茨
22.དོན་དག་ལ་ལ་ཞིག་འབད་བརྩོན་བྱས་ཀྱང་འགྲུབ་པ་ཞིག་མིན། ཡིན་ནའང་། འབད་བརྩོན་མ་བྱས་ན་དེ་ལས་ཀྱང་མི་འགྲུབ་ཐག་ཆོད་ཡིན།
( ཉི་ཧོང)སུང་ཤཱ་ཤིན་ཀྲི་ཀྲོ(日本)松下辛之助
23. སུ་ཞིག་གིས་ང་ལྟ་བུར་འབད་བརྩོན་བྱས་ན། གང་དེའང་ང་བཞིན་ཏུ་ལེགས་འགྲུབ་འོང་ངེས།
( ཉི་ཧོང)སུང་ཤཱ་ཤིན་ཀྲི་ཀྲོ(日本)松下辛之助
24.ང་ཚོས་སྤོབས་སེམས་ཀྱི་ངང་ནས་འཚོལ་སྙེག་བྱས་ན། ང་ཚོའི་རྨི་ལམ་ཡོད་ཚད་མངོན་འགྱུར་བྱེད་རུང་བ་ཞིག་ཡིན།
(ཨ་རི)ཏི་སི་ཉི(美国)迪斯尼
25. ཕམ་ཁ་ནི་ཅི་ཞིག་རེད་དམ དེ་ནི་ཅི་ཡང་མ་རེད། རྒྱལ་ཁ་ལ་གོམ་གང་བཅར་བ་ཙམ་རེད། དེ་ན་རྒྱལ་ཁ་ཅི་ཞིག་རེད་དམ། དེ་ནི་ཕམ་ཁའི་ལམ་བུ་ཡོད་ཚད་བརྒྱུད་ནས་ཆེས་མཐའ་འཇུག་གི་ལམ་བུ་དེ། རྒྱལ་ཁའི་ལམ་བུའོ།
(ཀྲུང་གོ)མ་ཧྥ་ཐིང་།(中国)马化腾
26. དུས་ཚོད། དམ་འཛིན་བྱས་ན་གསེར་རེད། དམ་འཛིན་མ་བྱས་ན་ཆུ་རེད།
(ཀྲུང་གོ)ལས་ཅ་ཁྲེང་།(中国)李嘉诚
27. གཞན་གྱིས་སྒྲུབ་མི་འདོད་པའི་བྱ་བ་སྒྲུབ་ན། ད་བཟོད་གཞན་ལ་ཐོབ་མ་མྱོང་བའི་གྲུབ་འབྲས་ཐོབ་ངེས།
(ཀྲུང་གོ)ལས་ཅ་ཁྲེང་།(中国)李嘉诚
28. ནམ་རྒྱུན་རང་གིས་རང་ལ"ང་ངོ་མ་ངར་ཀི"ཞེས་ཐེངས་རེ་བཤད་དགོས།
(ཀྲུང་གོ)ལས་ཅ་ཁྲེང་།(中国)李嘉诚
29. གཡོ་འོག་ཏུ་ཚུད་པ་ནི་གཞན་དག་གཡོ་སྒྱུ་ཆེ་སོང་བས་མ་ཡིན་པར། རང་ཉིད་ཧམ་སེམས་ཆེ་སོང་བས་རེད། དེ་འདྲ་ཡིན་པས་ད་བཟོད་གཞན་གྱི་གཡོ་འོག་ཏུ་ཚུད་སྲིད་པ་རེད།
( ཀྲུང་གོ) མ་ཡེན།( 中国)马云
30.མི་མང་པོ་ཞིག་གིས་ཕམ་ཁ་ཁུར་བའི་རྒྱུ་རྐྱེན་ནི། ཁོ་ཚོ་ལ་སྒོར་མོ་མེད་སོང་བས་མ་ཡིན་པར། སྒོར་མོ་མང་སོང་བས་རེད།
( ཀྲུང་གོ) མ་ཡེན།( 中国)马云
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ།
|