རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱིས་རྟ་རིགས་གསུམ་གཏན་ལ་ཕབ་པ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 16 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དམངས་རྩོམ། »རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱིས་རྟ་རིགས་གསུམ་གཏན་ལ་ཕབ་པ།
རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱིས་རྟ་རིགས་གསུམ་གཏན་ལ་ཕབ་པ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-04-18ལྟ་ཀློག (677)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱིས་རྟ་རིགས་གསུམ་གཏན་ལ་ཕབ་པ།

ཆོས་སྐྱོང་བའི་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་ཞལ་ནས། རྟ་ཐོད་རིགས་གསུམ་དུ་འདུས་ཏེ། ཅང་ཤེས། གྱི་ལིང་། བྱོལ་སོང་དང་གསུམ་མོ།

ཅང་ཤེས་རྟ་མཆོག་ནི།

མངོན་ཤེས་ཡོད་པས་ལེགས་ཉེས་ཚོར།། གཟུགས་ནི་ཆེ་ཆུང་མ་ངེས་ཏེ།། གང་ལྟར་བྱས་ཀྱང་ཡིད་དུ་འོང་།། སེམས་པ་ཆུང་ལ་འཛེམ་བག་ཆེ།། གང་ཞིག་ལྟས་ངན་མཐོང་བའི་ཚེ།། ངོ་ནག་འབྲོས་འདོད་རྐང་ལག་འཚབ།། བཟའ་ཆུ་མི་འདོད་བདག་ལ་བལྟ།། སྐད་ཐུང་འཚེར་པག་ཉན་རྣ་བྱེད།། མཐོངས་དང་སྒོ་ནས་སྒྲེང་ནས་བལྟ།། ཉན་དང་གཉིད་ཡུར་གཏན་ནས་སྤངས།། བདག་ལ་སྐུལ་ཞིང་སྣ་སྒྲ་འདོན།། འདར་ཡོ་བྱེད་ཅིང་མཇུག་མ་ཚུབ།། ཅང་ཤེས་མཛད་ཕྱོགས་དེ་འདྲ་ན།། གདོན་དང་དགྲ་དང་མི་མཐུན་ཕྱོགས།། སྡེབ་དེ་འོང་དང་དུག་འོང་དང་།། ལྟས་ངན་ཡིད་ཀྱིས་ཚོར་བ་ཡིན།། བློ་དང་ཡིད་དང་རིག་པ་གསུམ།། བློ་ཡི་ཡུལ་དུ་ཤར་བའི་དུས།། རྒྱངས་མིག་བལྟ་ཞིང་རྐང་ལག་འཚབ།། ཡིད་ཀྱི་ཡུལ་དུ་ཤར་བའི་དུས།། ལུས་ཀྱི་འདུག་ལྟས་སྤྱོད་པ་འགྱུར།། རིག་པའི་ཡུལ་དུ་ཤར་བའི་དུས།། མིག་གི་དབང་བོས་མཐོང་བ་ལྟར།། མཐུར་བཅད་འབྲོས་ཤིང་འདྲོགས་པར་འབྱུང་།། ལེགས་པའི་དངོས་གྲུབ་བྱུང་བའི་དུས།། བག་ཞི་གློད་ཅིང་སེམས་པ་དལ།། བྱ་རྨྱང་བྱེད་ཅིང་ཞེ་འཕྲུག་འདོན།། སྐད་སྣ་རིང་བའི་འཚེར་བ་དང་།། བཟའ་དང་ཆུ་ལ་འགྲུས་པ་དང་།། མདངས་དང་ངོ་ཚུལ་དཀར་བ་དང་།། ཉལ་གཉིད་ཡུན་རིང་རྟ་སྔགས་འདྲེན།། འདྲེ་མོ་འདྲེལ་དང་རྟ་རྒན་རྒོད།། རྐང་པས་མགོ་དང་མཇིང་བ་འཕྲུག། སོ་ཡིས་རྐང་ལག་ལུས་པོ་འཕྲུག། བདག་གི་ངོ་བོ་བསུ་ཚུལ་སྟོན།། ཟ་འདོད་ཧ་ཧ་ཧོ་ཧོ་ཟེར།། བྲེས་སུ་འདྲེ་མོ་འདྲེ་བ་དང་།། ལག་པ་ཅབ་ཅབ་ལན་གསུམ་བྱེད།། བདག་པོར་བལྟས་ནས་པུས་མོ་ཚུགས།། དངོས་གྲུབ་འོང་བའི་རྟགས་པར་གྱིས།། ཆད་དེ་མཆོད་གཏོར་མ་གཏང་བར།། བག་ཟོན་དགོས་པའི་ཡུལ་འཁྱམས་སུ།། མ་ཡོང་ལེགས་པར་རྟོག་དཔྱོད་མཐོང་།།

གྱི་ལིང་རིགས་ཀྱི་རྣམ་པ་ནི།

ལེགས་ཤིང་བརྗིད་ལ་ཡིད་དུ་འོང་།། ལྟས་ཤིང་ལེགས་ལ་འགྲོགས་ཉམས་དགའ།། སོ་དང་རྐང་ལག་མི་འཕྲ་ཞིང་།། འགྲོས་བདེ་རྩལ་ཆེ་ཡིད་དུ་འོང་།། ཇི་ལྟར་བསམ་པ་བཞིན་དུ་འགྲོ།། འདི་ཡང་རྟ་མཆོག་ཆ་ལ་གནས།། སེམས་ཆུང་མངོན་ཤེས་བག་ཙམ་ཡོད།། རྟ་མཆོག་གྱི་ལིང་གཉིས་ཀ་ནི།། ནོར་བུ་རིན་ཆེན་ཡིན་པའི་ཕྱིར།། དངོས་གྲུབ་ཟས་དང་ནོར་ཆེན་འདུ།། འདི་རྣམས་བཙོངས་ན་ཆ་གཡང་ཉམས།། བཟུང་ན་ནོར་སྣ་རྐང་བཞི་འདུ།།

བྱོལ་སོང་དུད་འགྲོའི་རྟ་ཞེས་པ།

ཁྱི་དང་ནོར་ཕྱུགས་མི་ལ་འཕྲ།། སོ་འདེབས་ལག་པ་བྲང་ལ་རྡེག། སྐང་བས་འཕྲ་ཞིང་ཕྱུགས་རྒོལ་བྱེད།། སྟེང་གི་མི་ལའང་ཡལ་བར་འདོར།། འཕག་ཅིང་ཕྱི་འགྲོས་ཕྱིར་འཐེན་བྱེད།། བཟའ་བཏུང་སྟེར་ལ་རྨུགས་པ་དང་།། འགྲོས་པའི་རྗེས་ལ་ཧོབ་སྟེ་མཆོངས།། ལེགས་ཉེས་གང་ཡང་མི་བསམ་པར།། སྟེང་ལ་ཞོན་ཚེ་སྲོག་ལ་སྒོམ།། ཆུ་བླུགས་རྗེས་ལ་མགོ་འཕང་བསྟོད།། བསམ་དང་སྦུགས་ངན་སྦྲགས་ནས་གཏོང་།། ཁྱད་པར་ཆུང་ལ་བརྙས་པར་བྱེད།། རྟ་གཞན་མཐོང་ཚེ་འཐབ་དང་འཚབ།། འཐབ་དང་རྒྱག་ལག་མ་གཏོགས་པ།། ཡིད་ལ་གང་ཡང་མི་བསམ་པར།། ཁྱི་སྨྱོན་དུག་འབར་བསམ་པ་ཅན།།རྩ་སྔོན་ཞིང་སྔོན་མཐོང་བའི་ཚེ།། ཐག་ཁྱི་ཤོར་བཞིན་སྔོ་འགྲོས་བྱེད།། དེ་ནི་བྱོལ་སོང་རྟ་ཞེས་བྱ།། སྤེལ་བས་འོས་མིན་བཙོངས་པས་འོས།། གཟུགས་དང་རྩལ་སྣ་ཚང་གྱུར་ཀྱང་།། རང་དང་འཁོར་གྱི་སྲོག་ལ་བསྡོས།། ཞེན་ཆགས་སྤངས་ལ་གཞན་ལ་སྤྱུགས།།   ཞེས་ཆོས་སྐྱོང་བའི་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱིས་རྟ་རིགས་གསུམ་གཏན་ལ་ཕབ་པའི་ལེའུ་སྟེ་བཅུ་བཞི་བའོ།།

ནོར་ལྷའི་འཕྲིན་སྟེགས་ལས་བཤུས།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། if7l བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5925084
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号