​ཐོག་འགོག་པའི་སྲོལ་དར་ཚུལ་སྐོར་རགས་ཙམ་བརྗོད་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 16 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» དམངས་སྲོལ།» དམངས་སྲོལ། » ​ཐོག་འགོག་པའི་སྲོལ་དར་ཚུལ་སྐོར་རགས་ཙམ་བརྗོད་པ།
​ཐོག་འགོག་པའི་སྲོལ་དར་ཚུལ་སྐོར་རགས་ཙམ་བརྗོད་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-04-15ལྟ་ཀློག (5913)རྩོམ་ཁུངས: ཀྲུང་གོའི་བོད་ཀྱི་དྲ་བ།པར་འདེབ།

  ཐོག་འགོག་པའི་སྲོལ་དར་ཚུལ་སྐོར་རགས་ཙམ་བརྗོད་པ།

 རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།

      བོད་ཀྱི་ས་ཆ་ནི་རྫ་མཐོ་ལ་གནམ་གཤིས་ཀྱི་འགྱུར་ལྡོག་སྐྱེན་པས། རང་བྱུང་གི་འབྱུང་བ་ཤིན་ཏུ་རྩུབ་པས་རྒྱུན་པར་ཐོག་ལྡིར། གློག་འཁྱུག རླུང་གཡུག སེར་འབབ། ས་ཆ་གངས་ཀྱིས་བཟུང་བ་སོགས་ཀྱི་སྣང་ཚུལ་མངོན། དེ་འདྲའི་ཡུལ་འདི་ལ་གདོད་མ་ནས་གནས་འཆའ་བའི་བོད་རིགས་དམངས་ཁྲོད་དུ་རང་བྱུང་གི་འཇིགས་པ་དེ་དག་ལས་ཐར་བའི་ཆེད་དུ་གདོད་མའི་ཆོས་ལུགས་ཀྱི་ཆོ་ག་རབ་དང་རིམ་པར་བྱུང་བ་ལས་གཞན། ཐོག་འགོག་ཐབས་སྣ་ཚོགས་སྤྱོད་པ་ཡིན་ཏེ། དཔེར་ན། སྦྲ་གུར་ལ་ལྕགས་ཀྱི་ཕུར་བ་བརྡབ་པ་དང་། སྦྲ་གུར་གྱི་འདབས་སུ་སྟ་རེ་ཐང་ལ་གདབ་པའམ་གྲི་ས་ལ་འཛེར་བ་སོགས་བྱེད་ཅིང་། དེ་ནི་རང་གི་སྦྲ་ཁྱིམ་གྱི་ཉེ་འདབས་སུ་ས་བདག་གྲོད་པུ་མི་འོངས་པའི་ཐབས་ཡིན་ཟེར། དྲག་ཆར་འབབ་དུས་ས་བདག་གྲོད་པུ་མི་འོངས་པའི་ཐབས་ཡིན་ཟེར། དྲག་ཆར་འབབ་དུས་ས་བདག་གྲོད་པུ་ཐོག་ལ་གཡོལ་ཆེད་སྦྲ་གུར་གྱི་ཕག་ལ་བྲོས་འོངས་སྲིད་པས། སྔོན་ཚུད་ནས་གྲི་དང་སྟ་རེ། ཕུར་བ། འབིག་སོགས་ས་ལས་གདབ་ན་ས་བདག་གྲོད་པུའང་སྐྲག་ནས་ཉེ་སར་བཏུད་མི་ནུས་ཤིང་། ཉེ་སར་བཏུད་ཀྱང་མཚོན་ལ་ཐོགས་ནས་ཚལ་བར་གཤགས་ཏེ་སྦྲ་གུར་གྱི་འོག་ཏུ་འཛུལ་མི་ཐུབ་ཟེར། ཡང་རི་མགོར་ཕྱུགས་འཚོ་རུ་ཕྱིན་ན། ཆར་ཞོད་འོང་དུས་ཕྱུགས་རྫི་དག་གིས་ས་བདག་གྲོད་པུ་རང་གི་ཕག་ནས་མི་གཞའ་བའི་ཆེད་དུ་གློག་གྲི་ས་ལ་གདབ་པར་བྱེད། ཕྱིང་ཞྭ་དང་ཝ་ཞྭ། རས་ཞྭ་སོགས་རང་གིས་གྱོན་པའི་ཞྭ་གང་ཡིན་གྱི་སྟེང་དུ་ཡང་ཁབ་མོག་འཛེར་བའི་སྲོལ་མཆིས་ལ། དེ་ཡང་ས་བདག་གྲོད་པུ་རང་གི་ཕག་ནས་མི་གཞའ་བའི་ཆེད་ཡིན་ཟེར། ས་བདག་གྲོད་པུ་ཟེར་བ་ནི་མིའི་རིགས་ལ་གནོད་སྐྱེལ་བའི་ལྷ་འདྲེ་སོགས་གང་ཡང་མིན་པར། ཁོ་རང་ས་འོག་ན་གནས་པའི་ས་བདག་ཅིག་ཡིན་ལ་གཟུགས་ནི་གྲོད་པུའི་དབྱིབས་ལྟར་དང་། ཕར་ཚུར་བགྲོད་དུས་རྐང་ལག་བྲལ་བས་གྲོད་པུ་འགྲིལ་ནས་འགྲོ་བ་དང་མཚུངས་ཟེར། བོད་ཀྱི་ཁྱིམ་ཚང་ཕལ་མོ་ཆེའི་ཁང་བར་དར་ལྕོག་འཛུགས་པའི་སྲོལ་མཆིས་ལ། གང་ན་བོད་རིགས་ཡོད་པ་དེ་ན་དར་ལྕོག་འཛུགས་པའི་སྲོལ་སྔ་མོ་ནས་དར་ཞིང་། དར་ལྕོག་ཁང་སྟེང་དུ་བཙུགས་ཚེ་ཐོག་གི་འཇིགས་པ་ཡོང་མི་ཐུབ་ཟེར། དར་ལྕོག་གི་རྩེ་མོར་ལྕགས་ཀྱི་ཉི་ཟླ་སྤྲོད་ཅིང་། ཉི་ཟླ་སྤྲོད་མ་ནུས་ན་ལྕགས་མདུང་རེ་སློང་བར་བྱེད་པ་ཡིན། དེ་གཉིས་མེད་པའི་དར་ལྕོག་ནི་ཕལ་ཆེར་མེད་ཅེས་བཤད་ཆོག དར་ལྕོག་སྟེང་གི་ཐོག་འགོག་བྱེད་ནི་ལྕགས་ཀྱི་ཉི་ཟླ་དང་ལྕགས་མདུང་དེ་ཡིན་པ་བོད་པ་རྣམས་ཀྱིས་སྔ་མོ་ནས་ཤེས་ཡོད། ཁྱིམ་ཚང་གི་དར་ལྕོག་ལས་གཞན་རི་མགོར་བསྐྱོན་པའི་རླུང་རྟའི་དར་ལྕོག་གི་རྩེ་མོར་ལྕགས་ཀྱི་ཉི་ཟླ་དང་། ལྕགས་མདུང་སོགས་གང་ཡང་མ་སྤྲོད་པར་གསོམ་ཤིང་གི་ཐང་ལོ་དང་ཤུག་ལོ་ཙམ་གྱིས་འཐུས་པར་བྱེད་པ་རེད། དེ་བཞིན་སྔོན་དམག་དཔུང་གི་རུ་མཚོན་དུ་བྱེད་པའི་རྒྱལ་མཚན་དང་བ་དན། གདུགས་སོགས་ཀྱི་རྩེ་མོར་ཡང་ལྕགས་ཀྱི་ཉི་ཟླ་དང་མདུང་སྤྲོད་སྲོལ་ཡོད་པ་རེད། 

 རྩོམ་སྒྲིག་འགན་འཁུར་བ།  མགར་རྩེ་ཉི་ཟེར།  ཁཱ་ཤེས་རབ་རྒྱ་མཚོ། ཨ་བུ་འབྲོང་། 

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། gd5j བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23479095
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།