རིན་ཆེན་གཟིའི་འབྱུང་ཁུངས་འཆད་པ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 12 ཚེས 8 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» དམངས་སྲོལ།» དམངས་སྲོལ། »རིན་ཆེན་གཟིའི་འབྱུང་ཁུངས་འཆད་པ།
རིན་ཆེན་གཟིའི་འབྱུང་ཁུངས་འཆད་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-04-15ལྟ་ཀློག (873)རྩོམ་ཁུངས: ཀྲུང་གོའི་བོད་ཀྱི་དྲ་བ།པར་འདེབ།

རིན་ཆེན་གཟིའི་འབྱུང་ཁུངས་འཆད་པ།

རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།

    གཟི་བྱུང་སྟངས་ཀྱི་བཤད་ཚུལ་ལ། མཚོའི་ནང་གི་སྲོག་ཆགས་ཀྱི་འགྱུར་རྡོ་ལས་བྱུང་ཟེར་བ་དང་། གནམ་ནས་ས་ལ་ལྷུང་བའི་སྐར་རྡོས་བཟོས་ཟེར་བ། སྦྲུལ་དང་འདྲ་བའི་སྲོག་ཆགས་ཤིག་ལས་བྱུང་ཟེར་བ། ཞིང་དང་ཕྱུག་རིགས་ཀྱི་ལྕི་བའི་ནང་ནས་རྙེད་ཟེར་བ། འཕུར་རྒྱུགས་བགྲོད་གསུམ་ཐུབ་པའི་འབུ་ཞིག་གི་འགྱུར་རྡོ་ལས་བྱུང་ཟེར་བ། ལྷ་མ་ཡིན་ཨ་ཤྭ་རས་བརྒྱ་བྱིན་བཏུལ་བྱེད་དུ་བསྐྲུན་པའི་གོ་མཚོན་ཡིན་ཟེར་བ། ལྷ་ཡི་རྒྱན་ཆ་ཡིན་ཟེར་བ། གཟི་ཁུང་ནས་རྙེད་པའི་ནོར་བུ་ཡིན་ཟེར་བ། མངའ་རིས་གཟི་ཆུ་ནས་ཐོན་ཟེར་བ། སྟག་གཟིག་རྒྱལ་པོའི་བང་མཛོད་དུ་བཞུགས་པའི་ནོར་བུའི་རིགས་གཅིག་ཡིན་ཟེར་བ། གསོ་རིག་ལས་བྱུང་བའི་སྨན་ཡིན་ཟེར་བ། ལ་ལས་སྔགས་འཆང་དག་གིས་གཏེར་ནས་བཏོན་པའི་ནོར་བུ་ཁྱད་འཕཌ་ཤིག་ཡིན་ཚུལ་སོགས་སྣ་ཚོགས་པ་བཤད་ཡོད་མོད། འོན་ཀྱང་གཟི་འདི་ནི་བོད་མ་གཏོཊ་ཡུལ་གཞན་ལ་མེད་པའི་རྩ་ཆེན། ད་ལྟའི་རིན་ཐང་འཇལ་བྱེད་ཀྱི་སྒོར་མོ་ལྟ་བུ་ཡིན། གནའ་སྔ་མོ་བོད་ཀྱི་མེས་པོ་ཚོས་རིན་ཆེན་གྱི་རྫས་སྦྱོར་ལ་བརྟེན་ནས་བཟོས་པ་ལས་ལྷ་འདྲེའི་རྫུ་འཕྲུལ་སོགས་གང་གིས་ཀྱང་བཟོས་པ་ཞིག་མིན་ཏེ། འཇར་མན་གྱི་འབུམ་རམས་པ་ཏ་ཝེ་ཨའེ་པིན་ཧའོ་སེ་དང་མ་ཁེར་ཝུན་སི་ཐེང་གིས་དུས་ཡུན་ལོ་ངོ་བཅུ་ཕྲག་དུ་མའི་རིང་གཟི་རིགས་མི་འདྲ་བ་བརྒྱ་ཕྲག་ཁ་ཤས་ལ་བརྟག་དཔྱད་ཞིབ་འཇུག་བྱས་ནས། དུས་རབས༢༠པའི་ལོ་རབས༨༠པར༼བོད་ཀྱི་གཟི༽ཞེས་པའི་དེབ་དེའི་ནང་གཟིའི་རི་མོ་དག་བསླད་བརྐོས་ཀྱི་ཐབས་ལ་བརྟེན་ནས་གྲུབ་པའོ།། ཞེས་བཤད་དོ།། གཟི་ཁ་ཤས་ས་འོག་ནས་ཐོན་པ་ལ་ཡ་མཚན་རྒྱུ་གང་མེད། དེ་ནི་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ས་ཡོམ་སོགས་ཀྱིས་ས་འོག་ཏུ་མནན་པ་དེ་དག་རྗེས་སོར་ས་ཁ་རུ་ཐོན་པ་ཡིན། རྒྱན་ཆ་ཡིན་མིན་སོགས་ཚིག་ཐག་ཆོད་དཀའ་ཡང་མིག་གྲངས་མང་ཉུང་ལ་བལྟས་ན་ད་ལྟའི་སྒོར་མོ་ལྟར་ཅ་ལག་ཉོ་སའི་དངོས་པོ་ཞིག་ཡིན་པ་དང་། དེ་དག་འཁྱེར་བདེའི་ཆེད་ཨི་ཁུང་ཕུག་པ་ཞིག་ཡིན། སྔོན་དུས་རྒྱ་ནག་གི་དོང་ཙེ་(铜子)ཞེས་པ་དངུལ་སྒོར་གྱི་མིང་སྟེ། དབྱིབས་སྒོར་མོ་ལ་དཀྱིལ་དུ་ཁུང་བུ་གྲུ་བཞི་གཏོད་པ་ཐག་པ་ལ་བརྒྱུས་ནས་སྐེད་པར་འདོཊ་ཀྱི་ཡོད། དེ་ལ་མཚོན་ནས་ཤེས་ཐུབ་ཀྱི་འདུག་སྙམ་མོ།། དུས་ཀྱི་འཕོ་འགྱུར་དབང་གིས་སྔ་མོ་རིན་ཐང་འཇལ་བྱེད་ཀྱི་སྒོར་མོ་དེ་དག་གསར་བཟོ་མི་བྱེད་པའམ་བཟོ་མ་ཐུབ་པ་སོཊ་ལ་བརྟེན་ནས་དཀོན་པོར་གྱུར། དེ་ནས་མི་རྣམས་ཀྱིས་འགང་ཆེན་བརྩིས་ཏེ་རྒྱན་ཆ་བྱས་པ་ཡིན་སྲིད། དཔེར་ན། ངའི་ཕ་ཡུལ་ལ་ཊམ་ཀ་སྐ་རགས་ཀྱི་སྟེང་དུ་བརྒྱན་པ་དང་། རྣ་རྒྱན་ཡང་བྱེད། ད་དུང་(ཡུལ་སྐད་)སྲང་ཕྲུག་ལ་ལུང་བཟོས་ཏེ་སྟོད་ཐུང་ངམ་ལྭ་བའི་སྒྲོག་གུ་བྱེད་ཀྱི་ཡོད་པ་མཐོང་མྱོང་། གཟི་ཡང་བརྒྱུད་རིམ་དེ་ལྟར་ལུས་རྒྱན་དུ་གྱུར་པ་རེད་སྙམ། རྒྱུ་མཚན་ཆུང་ཆུང་དེ་འདྲ་ཞིག་ལ་དཔགས་ནས་གཟི་ནི་ཐོག་མར་ང་ཚོའི་མེས་པོའི་ལུས་རྒྱན་སོཌ་མ་ཡིན་ཟེར་བ་ལ་གད་མོ་ཤོར་སྲིད་ཀྱང་ག་ལེར་བསམ་གཞིགས་བྱས་ན་གོ་རྒྱུ་ཡོད་དོ།།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་། 


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xum1 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5999410
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号