བོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» གནའ་རྩོམ། »བོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས།
བོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-04-08ལྟ་ཀློག (5698)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས།

༡སྔ་དྲོ་རྟ་ཕོ་ཆས་ཀྱིས་གསོས་ན།། ཕྱི་དྲོ་དྲིན་ལན་འཕྲ་ཡིས་འཇལ་བ།། 

༢ཟས་ཁམ་གང་ཡོད་ན་མཉམ་ཟ།། གོས་ཡུག་གཅིག་ཡོད་ན་མཉམ་གོན།། 

༣མི་ངན་ཞིག་གི་ཟས་འཕྲོ་ན།། ཁྱི་ངན་ཞིག་ལ་རྒྱགས་བྱེད་ཡོད།།

༤ཤིག་གི་སྟེང་ལ་སྟ་རེ།། མར་གྱི་སྟེང་ལ་སོག་ལེ།།

༥སངས་རྒྱས་ལ་ཀ་ཁ་དང་།། ཉི་མ་ལ་སྒྲོན་མེ།།

༦གསེར་གྱི་དྲལ་ཁར།། འཇག་མའི་ལྷན་པ།།

༧ཟོག་གི་ཁྲ་ཁྲ་ཕྱི་དང་།། མིའི་ཁྲ་ཁྲ་ནང་ལ་ཡོད།།

༨རྒྱ་མཚོ་རྩིབ་ལ་བཞག་ནས།། ཀོ་གྱོང་མཆིལ་མས་སྦངས།།

༩ཁ་ཁ་རོག་བསྡད་ན་ཁ་མཆུ་མེད།། མགོ་ལག་པས་བསྐྱོར་ན་རྒྱག་མཁན་མེད།།

༡༠ཕོ་ཉལ་རྒྱུ་མང་ན་དགྲ་མགོ་ཤོར།། མོ་ཉལ་རྒྱུ་མང་ན་ལས་མགོ་ཤོར།།

༡༡གྲོག་མར་འགྲོ་འདུག་མང་ན་རྐང་ལག་ཐང་ཆུར་འབྱར།། སྦལ་བ་མཆོང་རྒྱུ་མང་ན་བྲང་ཁ་རྡོ་ལ་རྒྱག།

༡༢བཀྲ་ཤིས་བརྩེགས་པ་བཏོན་ན་ལྷ་དགའ།། གནམ་ས་སྣང་བརྒྱད་བཏོན་ན་ཀླུ་དགའ།།
༡༣སྐྱོན་མ་བཤད་ན་ངན་ཇེ་མང་།། སྨན་མ་བླུད་ན་ནད་ཇེ་སྡུག། 
༡༤འགྲོ་རོགས་གྲིབ་མ་ནག་རིལ།། འདུག་རོགས་པུས་མོ་སྐྱ་རིལ།། 
༡༥དགུང་ཨ་སྔོན་ཐང་རེས་འཐིབ་རེས།། ས་དོག་མོ་སྐྱ་རེས་སྔོ་རེས།། 
༡༦འགྲོ་མ་ཤེས་རྐང་སྣེ་རྡོ་ལ་ཐོགས།། བཤད་མ་ཤེས་ཚིག་སྣེ་སྐྱོན་ལ་ཐོགས།།

༡༨རྐང་པ་ཕར་བརྐྱངས།། ཉི་མ་ཚུར་བསུ།།

༡༩རྐང་བས་སར་མ་རེག་པར། སྤྱི་བོས་གནམ་བརྟོལ།

༢༠རྐྱང་ལྷོ་ལ་ཤི་ཡང་། མགོ་བྱང་ལ་གཏད།

༢༡སྐད་ཆ་ཉུང་རུང་མགོ་རྔ་ཚང་།། ལུང་པ་ཆུང་རུང་རྩྭ་ཆུ་འཛོམས།།

༢༢སྐད་ཅོར་ཆེ་བའི་བྱ་མོར་སྒོ་ང་མེད།། ཁ་ཕོ་ཆེ་བའི་མི་ལ་སྙིང་སྟོབས་མེད།།

༢༣སྐད་སེང་གེ་དཀར་མོ་ཆེ་ཡང་།། ཕན་སྒོ་ཁྱི་ནག་ཆུང་ཐོགས།།

༢༤བསྐལ་པ་ཆགས་པའི་གངས་རྒན།། དུས་རབས་བརྒྱུད་པའི་མི་རྒན།།
༢༥སྐྱིད་ཀྱིས་སྡུག་ཉོས།། མར་གྱིས་ཚིལ་ཉོས།།

༢༦སྐྱུང་ཀས་སྐྱུང་ཀ་ཟེར་རེས་མ་བྱེད།། མཆུ་ཏོ་དམར་པོ་འདྲ་འདྲ་རེད།།

༢༧སྐྱེས་པའི་མི་ལ་གྲགས་པའི་གཏམ་དགོས།། བྱས་པའི་ལས་ལ་འགྲུབ་པའི་མཐའ་དགོས།།

༢༨སྐྱེས་པའི་ལོ་གྲངས་རྒན་ན་རྒན་རྒྱུ་མེད།། རྣམ་རིག་ཤེས་པ་རྒན་ན་རྒན་པ་ཡིན།།

༢༩ཁ་གཅིག་རུང་ཁོག་པ་མི་གཅིག། སྔས་གཅིག་རུང་རྨི་ལམ་མི་གཅིག།

༣༠ཁ་སྟོང་པའི་གཡང་འབོད།། ལག་སྟོང་པའི་ཕྱག་རྒྱ།།

༣༡ཁྭ་ཏ་ནག་པོའི་མིག་ལམ་ན།། སྐྱག་པ་གསེར་གྱི་མཆོད་རྟེན་རེད།།

༣༢ཁྭ་ཏ་ནག་པོའི་ཚང་ནང་ན།། སྐྱ་ཀ་ཁྲ་ཁྲ་སྐྱེས་མི་སྲིད།།

༣༣ཁྭ་ཏ་བཀྲུས་ཀྱང་དཀར་རྒྱུ་མེད།། ཕ་བོང་བཙོས་ཀྱང་ཚོས་རྒྱུ་མེད།།

༣༤ཁང་སྟེང་གི་ཁྭ་ཏ་ནག་པོས།། ཁང་ཞབས་ཀྱི་ཕག་ལ་འཕྱ་སྨོད།།

༣༥ཁུ་བྱུག་མོན་ལ་ལོག་ཀྱང་།། གསུང་སྐད་བོད་ལ་བཞག།

༣༦མཁས་པ་ཇི་ལྟར་ཐབས་རྡུགས་ཀྱང་།། བླུན་པོ་འཇུག་པའི་ལམ་མི་འགྲོ།།

༣༧ཁྱོད་རྒྱ་ཁབ་འདྲ་བར་སོང་དང་།། ང་སྐུད་པ་འདྲ་བར་ཐོན་ཡོང་།།

༣༨ཁྲི་གདུགས་འོད་ཀྱིས་མ་དེད་ན།། སྐྱ་རེངས་ཤར་བ་ག་ལ་སྲིད།།

༣༩གངས་དཀར་སེང་གེའི་གཡུ་རལ་ལ།། ཁྱི་ནག་དོམ་བུའི་རྔ་མ་འགྲན།།

༤༠གོ་རྒྱུ་མེད་པའི་བཤད་རྒྱུ།། བཟའ་རྒྱུ་མེད་པའི་ལས་རྒྱུ།།

༤༡མགར་བ་རང་གི་རལ་གྲིས་བསད།།

༤༢མགོ་བོ་རུལ་བ་སྣ་ཡིས་མི་ཚོར།

༤༣མགོ་མ་ཚོས་གོང་དུ་ལྕེ་ལ་སྙོབ།

༤༤མགོ་ཐོག་གི་བུམ་པ།། ལྕེ་ཐོག་གི་བདུད་རྩི།།

༤༥གྱོད་མགོ་རི་ལས་ལྕི།། གྱོད་རྔ་ཆུ་ལས་རིང་།།


རྩོམ་སྒྲིག་འགན་འཁུར་བ། མགར་རྩེ་ཉི་ཟེར། ཁཱ་ཤེས་རབ་རྒྱ་མཚོ། འབའ་སྣང་གྲོལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 41t8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23505473
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།