བོད་ལྷོ་ཁ་ས་ཁུལ་གྱི་དཔྱིད་རྨོས་གཉའ་སྦྲེལ་བྱེད་སྒོ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 4 ཚེས 4 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» དམངས་སྲོལ།» རོང་བའི་དམངས་སྲོལ། »བོད་ལྷོ་ཁ་ས་ཁུལ་གྱི་དཔྱིད་རྨོས་གཉའ་སྦྲེལ་བྱེད་སྒོ།
བོད་ལྷོ་ཁ་ས་ཁུལ་གྱི་དཔྱིད་རྨོས་གཉའ་སྦྲེལ་བྱེད་སྒོ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-04-08ལྟ་ཀློག (437)རྩོམ་ཁུངས: མཚོ་སྔོན་པོའི་དྲ་བ།པར་འདེབ།

བོད་ལྷོ་ཁ་ས་ཁུལ་གྱི་དཔྱིད་རྨོས་གཉའ་སྦྲེལ་བྱེད་སྒོ།

རྩོམ་པ་བོ། ཨོ་རྒྱན་ཚེ་རིང་།

   སྤྱི་ཟླ་༣ཚེས་༡༥ཉིན་ཏེ་བོད་ལྕགས་སྦྲུལ་ལོའི་བོད་ཟླ་༡པོའི་ཚེས་༢༠ཉིན་མོ་ནི་བོད་ལྷོ་ཁུལ་དུ་བོད་ལུགས་ལོ་ཐོའི་གནམ་དཔྱད་སྐར་རྩིས་ཀྱི་ནང་དོན་གཞིར་བཟུང་ ཞིང་པ་རྣམས་ཀྱིས་སྲོལ་རྒྱུན་གྱི་དཔྱིད་རྨོས་གཉའ་སྦྲེལ་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ་བ་གང་སར་མཐོང་རྒྱུ་ཡོད་ཅིང་དེ་ཉིན་ནས་བཟུང་དཔྱིད་རྨོས་དངོས་སུ་བྱེད་འགོ་ཚུགས། འདིར་ངོ་སྤྲོད་བྱ་རྒྱུ་ནི་རྩེད་ཐང་ནས་བར་ཐག་སྤྱི་ལེ་༡༣ཙམ་ཡོད་པའི་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཁྲ་འབྲུག་གྲོང་རྡལ་ཁོངས་ཚ་རུ་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ ཞིང་པས་གཉའ་སྤྲེལ་རྟེན་འབྲེལ་གཟབ་རྒྱས་བྱས་ཚུལ་སྐོར་ཡིན།

 དང་ཐོག་ལོ་ཐོའི་ནང་དུ་འཁོད་པའི་དུས་ཚོད་དང་ཕྱོགས་གཙང་ལྟར་སྔ་དྲོའི་ཆུ་ཚོད་༩པ་ཡོལ་ཙམ་ནང་གྲོང་ཚོའི་དགེ་འདུན་པ་ཞིག་གིས་ཆོ་ག་བཏོན་ནས་ཁ་འདོན་བྱེད་པ་དང༌། གྲོང་ཚོའི་རྒན་རབས་ཚོས་ལྷ་བསངས་ལྷ་གསོལ་བྱས་ཏེ་སྐྱེ་ཕོ་མོ་རྒན་གཞོན་ཚོས་གཟབ་མཆོར་ལེགས་པར་སྤྲས་ཏེ་གཉའ་སྦྲེལ་རྟེན་འབྲེལ་བྱེད་ཁུལ་དུ་འདུ་འཛོམས་བྱེད་པ་དང༌། བཀྲ་ཤིས་རྟེན་འབྲེལ་མཚོན་བྱེད་དུ་གྲོ་སོ་ཕྱེ་མར་དང༌། སྡེར་ཁ། ཇ་ཆང་བཅས་ཟས་རིགས་སྣ་ཚོགས་སྒྲིག་གཤོམ་བྱེད་ཀྱི་འདུག་ལ་དགེ་འདུན་པར་ཁ་བཏགས་བསྒྲོན་ནས་བཀྲ་ཤིས་སྨོན་ལམ་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཡང་ཞུ། དེ་ནས་དུད་འགྲོས་རྨོས་བསློག་བྱེད་པའི་ལོ་རྒྱུས་མཇུག་སྒྲིལ་བའི་ཚ་རུ་གྲོང་ཚོའི་གྲོང་མི་ཚོས་འཚང་ཁ་ཤིག་ཤིག་གི་ངང་ནས་ལག་སྐྱོར་འདྲུད་འཐེན་འཁོར་ལོ་གཏོང་མཁན་དང༌།  སོན་འདེབས་མཁན་ལ་མཆོད་ཆང་གསུམ་འདྲེན་མཉེས་དག་བླུགས་པ་དང་ཁ་བཏགས་དཀར་གཙང་བསྒྲོན་པ་མ་ཟད། ལྕགས་གླང་ཡང་རྨོན་ཕྱུགས་ལ་བརྩིས་ནས་ཁ་བཏགས་གཡོག་གི་འདུག དེ་ནས་དབང་པོ་ཡན་ལག་མཚར་ལ་ཕ་འཛོམས་མ་འཛོམས་ཡིན་པའི་ཆུ་ཁྱི་ལོ་པ་ཉི་མ་ཚེ་རིང་དང༌། མེ་འབྲུག་ལོ་པ་པདྨ་མཚོ་མོ་གཉིས་ཀྱིས་ལོ་ལེགས་ཤིང་ཆར་ཆུ་དུས་སུ་འབབ་པའི་བཀྲ་ ཤིས་སྨོན་འདུན་མཚོན་བྱེད་དུ་དཔྱིད་རྨོས་གཉའ་སྦྲེལ་རྨོན་མཛོ་ལྕགས་གླང་གིས་རོལ་ཁ་ཐོག་མར་ཕྱེ་སོང༌། དེ་ནས་མུ་མཐུད་དེ་ལྕགས་གླང་གིས་རོལ་ཁ་གཏོད་མཁན་བཞི་གཅིག་མཇུག་གཉིས་མཐུད་ཀྱི་ངང་ནས་རོལ་ཁ་གཏོད་ཀྱི་འདུག དེར་ཁྱོན་ལྕགས་གླང་ལྔ་འདུག་པ་ནི་གནའ་བོའི་དུས་ནས་རྨོན་མཛོ་ཡ་འགྲིག་པ་ལས་ཆ་སྒྲིག་སྲོལ་མེད་པ་རྒན་རྒོན་ཚོས་གསུངས་བྱུང༌། ད་དུང་ས་བོན་ནང་གྲོ་ནས་སྲན་གསུམ་ཚང་མ་ཡོད་པ་དང༌། གཉའ་སྦྲེལ་བྱས་ནས་ཉིན་གསུམ་བཞི་སོང་རྗེས་གཉའ་སྦྲེལ་རྟེན་འབྲེལ་བྱ་ཡུལ་གྱི་ཞིང་ཁའི་ས་བསྔོགས་ནས་ཁྱོན་ཡོངས་ཀྱི་དཔྱིད་རྨོས་དངོས་སུ་ག་དུས་འགོ་འཇུགས་དགོས་ཀྱི་རྟོག་ཞིབ་བྱེད་པའི་བཤད་སྲོལ་དེ་འདྲ་འདུག་པ་ནི་སོན་རྩའི་རྩེ་ནས་མཆེ་བ་ཐོན་ན་སྔ་བཏབ་དང༌། སོན་རྩའི་བར་ནས་མཚེ་བ་ཐོན་ན་བར་བཏབ། སོན་རྩའི་རྩ་བ་ནས་མཆེ་བ་ཐོན་ན་ཕྱི་བཏབ། དེ་བཞིན་རྒན་རབས་ཚོས་དཔྱིད་རྨོས་དངོས་སུ་འགོ་འཛུགས་དགོས་མིན་ཐད་ལ་ལས་ཁང་པའི་རྒྱབ་ཀྱི་ཉི་ཚད་ལ་ལྟ་བ་དང༌། ཡུལ་སོ་སོའི་ས་བབ་དང་བསྟུན་ནས་གྲོང་ཚོ་ཨུ་ལྷན་གྱིས་གཅིག་གྱུར་བཀོད་སྒྲིག་བྱེད་ཀྱི་ཡོད། རོལ་ཁ་ཚར་རྗེས་བུ་མོ་ཚང་མས་འཚང་ཁ་ཤིག་ཤིག་གི་ངང་ནས་ཁ་བསུབ་ནས་གྲལ་གཞལ་རྒྱག་པ་བཅས་ཀྱི་སོ་ནམ་དཔྱིད་རྨོས་བྱེད་ལུགས་ཆ་ཚང་བྱེད་ཅིང༌། ད་དུང་བུ་དང་བུ་མོ་ཕན་ཚུལ་གླུ་བཏང་སྟེ་རྩིས་རྒྱག་གི་རྣམ་པ་ཐོག་ནས་སྙན་འཇེབས་ལྡན་པའི་གླུ་དབྱངས་ཀྱིས་ཁེངས་པ་དང༌། སྔར་སྲོལ་གཉའ་སྦྲེལ་ཀྱི་བྱེད་སྒོ་སྤེལ་ཐོག་སྒོར་ཧྲེལ་པོ་འཇུག་འགྲིལ།
 དགོང་དྲོའི་དུས་ཚོད་ནང་དུ་གྲོང་ཚོའི་སྐྱེས་ཕོ་མོ་ཚང་མ་གྲོང་ལྷན་དུ་འཛོམས་ཐོག་ཐུན་མོང་གི་དགའ་གཏོང་ལེགས་པར་བྱས་ཏེ་རང་སོ་སོའི་འདོད་འདུན་ལྟར་དུ་ཤོ་སྦག་རྩེད་འཇོར་རོལ་བ་དང༌། སྒོར་གཞས་རྒྱག་པ། གླུ་གཞས་བཏང་ནས་ཆང་འཐུང་བ། རྡོ་འཁོར་རྒྱག་པ་སོགས་ཀྱི་བྱེད་སྒོ་འཁྲུག་པོ་ཞིག་སྤེལ་ནས་གཉའ་སྦྲེལ་གྱི་ ཉིན་ཧྲིལ་པོ་དགའ་སྤྲོའི་གླུ་དབྱངས་དང༌། རེ་བས་ཁེངས་པའི་ངང་ནས་དུས་འདའ།
རྩོམ་སྒྲིག་འགན་འཁུར་བ། མགར་རྩེ་ཉི་ཟེར། ཁཱ་ཤེས་རབ་རྒྱ་མཚོ། འབའ་སྣང་གྲོལ།



དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། oldr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
6239859
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།