མཛངས་བློན་མི་བདུན་དང་སོ་སོའི་མཛད་རྗེས་བསྡུས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 30 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ལོ་རྒྱུས།» གནའ་རབས། »མཛངས་བློན་མི་བདུན་དང་སོ་སོའི་མཛད་རྗེས་བསྡུས་པ།
མཛངས་བློན་མི་བདུན་དང་སོ་སོའི་མཛད་རྗེས་བསྡུས་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-04-08ལྟ་ཀློག (3015)རྩོམ་ཁུངས: མཚོ་སྔོན་པོའི་དྲ་བ།པར་འདེབ།

མཛངས་བློན་མི་བདུན་དང་སོ་སོའི་མཛད་རྗེས་བསྡུས་པ།

རྩོམ་པ་པོ།  མི་གསལ། 
 

 1.མཛངས་མི་སོ་སོའི་གསར་སྐྲུན་གྱི་རང་བཞིན།
མཛངས་བློན་དང་བོ།
  རུ་ལུ་སྐྱེས་ནི(པུ་དེ་གུང་རྒྱལ་དང་མ་ཡུམ་གཅིག་ཅིང་།དེའི་གཉེན་ཚན་ཞིག་ཡིན་པའི་བཤད་ལུགས་གཉིས)བོད་རྒྱལ་དགུ་བ་པུ་དེ་གུང་རྒྱལ་གྱི་བཀའ་ཡི་བློན་ཆེན། བོད་རྒྱལ་རྒྱུད་སླར་གསོ་བྱེད་མཁན་གྱི་དཔའ་བོ་ཞིག་ཡིན་པར་མ་ཟད། དུས་སྐབས་དེར་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་གཏོང་མཁན་གྱི་དམིགས་བསལ་མི་སྣ་ཞིག་ཡིན་པ་རྒྱལ་རབས་ལོ་རྒྱུས་དག་ལས་ཤེས་ཐུབ་སྟེ། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས།“བོད་ཡུལ་འཕྲུལ་བློན་མཛངས་པའི་མི་བདུན་གྱི། །ཐོག་མར་གྱུར་བ་རུ་ལས་སྐྱེས་འདི་ཡིན། །མཛངས་པའི་ལས་སུ་ཤིང་བསྲེགས་སོལ་བ་བྱུང་། །དེ་ཡིས་རྡོ་བཞུ་གསེར་དངུལ་ཟངས་ལྕགས་ཕྱུང་། །ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས། ། ས་གཞི་བརྐོས་ནས་ཕུ་ཆུ་ཡར་དུ་དྲངས། །རྨོན་པ་དོར་བསྡེབས་སྤང་ཐང་ཞིང་དུ་རྨོས། །བརྒལ་བའི་མི་ཐར་ཆུལ་ལ་ཟམ་པ་བཙུགས། །རྨོས་པའི་ལོ་ཐོག་ཐོག་མར་འདི་ནས་བྱུང་།  །”ཞེས་གསུངས། ལོ་རྒྱུས་ཀྱི་ཤོག་ལྷེ་འདིའི་ཐོག་ནས་ཁོང་གིས་གསར་བཏོད་ཀྱི་ལྟ་བ་བདུན་ལ་བརྟེན་ནས། བོད་འབངས་སྤྱིའི་དཔལ་འབྱོར་ཐོན་སྐྱེད་ལ་གསར་སྐྲུན་རང་བཞིན་གྱི་ནུས་པ་བཏོན་ཞིང་། གཞན་ཡང་འགྲིམ་འགྲུལ་ཐད་ནས་སྟབས་བདེ་རུ་བཏང་སྟེ། མི་དམངས་ཀྱི་འཚོ་བར་དངོས་ཡོད་ཀྱི་ཕན་པ་ཆེན་པོ་བྱུང་བ་སོགས་ཀྱིས་མཚོན།
མདོར་ན་མཛངས་བློན་རུ་ལུ་སྐྱེས་ཀྱི་རིག་གནས་སྙིང་སྟོབས་ཀྱི་ནུས་ཤུགས་ལ་བརྟེན། དུས་རབས་དེའི་བོད་ཀྱི་སྤྱི་ཚོགས་ལ་སྤྱིའི་ཆ་ནས“བཟོ་ཞིང་འགྲིམ”གསུམ་ཐད། སྔར་མེད་ཀྱི་བོགས་སྐྱེད་ཆེན་པོ་བྱུང་བས་ཁོང་ནི་བོད་ཀྱི་མཛངས་བློན་མི་བདུན་གྱི་ཐོག་མར་བགྲངས་པར་མ་ཟད། ཁོང་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་གི་གསར་བཏོད་པ་ཐོག་མ་དེའང་ཡིན་སྙམ། 
མཛངས་བློན་གཉིས་པ།
     བུ་ལྷ་བུ་མགོ་དཀར་ནི་མཛངས་བློན་རུ་ལུ་སྐྱེས་ཀྱི་བུ་ཡིན་ཞིང་། བོད་རྒྱལ་བཅུ་བ་ཨེ་ཤོ་ལེགས་ཀྱི་སྲིད་ཀྱི་བློན་ཆེན།  བོད་ཀྱི་སྤྱི་ཚོགས་ཐོན་སྐྱེད་ཀྱི་ཁྱབ་ཁོངས་ནས་མཛངས་པའི་ནུས་པ་འདོན་མཁན་གྱི་མི་སྣ་གྲགས་ཆེན་ཞིག་ཏུ་གྱུར་འདུག་སྟེ།  ཡང་དེ་ཉིད་ལས། “དེ་ཡི་བློན་པོ་ལྷ་བུ་མགོ་དཀར་གྱིས། །ཁུ་ཁུ་རུ་ལས་སྐྱེས་ཀྱི་བུ་ཡིས་བྱས། །འཕྲུལ་བློན་མཛངས་མི་བདུན་གྱི་གཉིས་པ་ཡིན། ། མཛངས་པའི་ལས་སུ་ཞིང་ལ་དོར་ཁ་བརྩིས། །འབྲོག་ལ་ཐུལ་རྩིས་ཕུ་ཆུ་ཡུར་དུ་དྲངས།  །མདའ་རུ་ཆུ་མ་རྨོ་བ་འདི་ནས་ནས་དར། ། ”ཞེས་གསུངས་པའི་ཚིག་རྐང་དེ་ཚོའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ནས་བལྟས་ན།  ཁོ་ཡིས་གསར་བཏོད་ཀྱི་འདུན་པ་དྲག་པོའི་རླབས་རྒྱུན་ཞིག་གི་མི་ཚེའི་ཁྲོད་ནས“ཞིང་ལ་དོར་ཁ”དང“འབྲོག་ལ་ཐུར་ཁ”སོགས་གསར་རྙེད་ཀྱི་རིག་པ་གསུམ་གྱི་རྩ་བ་བྱས།  ཐུ་བྷོད་སང་ཟེར་བའི་མི་རིགས་དེ་ལ“རྩིས་རིག”གི་ལམ་སྲོལ་གསར་བའམ་ཞིང་ཕྱུགས་ལས་ཀྱི་འབབ་སྒོ་རྩིས་གྲངས་རྒྱག་པའི་བསམ་བློའི་འཆར་སྒོ་ཐོག་མར་ཕྱེས་སོང་བས།  ཁོང་ནི་འུ་ཅག་གི་ལོ་རྒྱུས་དེབ་ཐེར་དག་གི་ནང་རླབས་པོ་ཆེའི་མི་སྣ་ཞིག་ཏུ་ངོས་འཛིན་བྱས་འདུག་ལ། དེ་ལྟར་དོན་ལའང་གནས་འདུག་སྙམ།
མཛངས་བློན་གསུམ་པ།
  མཛངས་བློན་མང་ཁྲི་ངོར་སྣང་བཙན་ཁོང་ནི། བོད་རྒྱལ་སོ་གཅིག་པ་སྟག་རིག་གཉན་གཟིགས་སྐབས་ཀྱི་བློན་ཆེན་ཡིན་ཞིང་། ཁོང་ནི་དུས་རབས་དེའི་སྐབས་ན་བོད་ཀྱི་ཚོང་ལས་རིག་པ་བ་ཞིག་ཡིན་ན་ཆོག་པར་སེམས། ཅིའི་ཕྱིར་ཞེ་ན། ཡང་དེ་ཉིད་ལས། “འདི་དུས་ཁྲི་ངོར་སྣང་བཙན་མོང་གི་བུས།  །བྲེ་ཕུལ་སྲང་བཅོས་འབྲུ་མར་ཚད་ཀྱིས་བཅལ། །དགའ་གཉིས་ཚོང་བྱས་མཐུན་གཉིས་ལ་ལུང་བསྡེབས། །དེ་གོང་བོད་ན་ཚོང་དང་བྲེ་སྲང་མེད། །དེ་ཕྱིར་མཛངས་མི་བདུན་གྱི་གསུམ་པར་གྲགས། །”ཞེས་སོ། ། ལེགས་བཤད་འདི་དག་མཇལ་ཐེངས་རེ་ལ་ལོ་རྒྱུས་ཀྱི་བར་གསེང་ནས་བདེན་དོན་གྱི་ཞལ་རས་ཤིག་མཐོང་ཐུབ་པ་ནི། མོང་ཁྲིས་ནི་བོད་ཀྱི་ཚོང་ལས་འགྱུར་ལྡོག་ཕྱིན་ཐབས་གཙིགས་འཛིན་མཛད་དེ། བོད་ཀྱི“ཚོང་ལས་ཐོན་སྐྱེད”དར་རྒྱས་རྒྱ་ཆེན་བཏང་བར་མ་ཚད།  གོང་དུ“མཐུན་གཉིས”སོགས་ཀྱི་ཚིག་གི་བསྟན་དོན་ལ་གཞིག་ན། དུས་ཚོད་དེར་ཁོང་གིས་རྒྱལ་ཁམས་གཞན་ལ་ཚོང་ལས་ཀྱི་སྤྱི་འབྲེལ་བཙུགས་ཏེ་བོད་ཀྱི་ཚོང་ལས་རིག་པར་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་། དེ་འདྲའི་ཚོང་ལས་ཀྱི་གསར་སྐྲུན་ཐད་གོ་གནས་གལ་ཆེན་ཟིན་པའི་སྐྱེ་བུ་དེར་མཛངས་པ་ཞེས་པའི་བཀུར་སྟིའི་ཆོ་ལོ་རང་ཤུགས་ཀྱིས་སྦྱིན་པ་དེ་ནི་ཐུ་བྷོད་ཀྱི་རིག་གནས་སྙིང་སྟོབས་སོ། །  
མཛངས་བློན་བཞི་བ།
  སློན་དཔོན་ཐོན་མི་ལགས་ནི། གངས་ལྗོངས་ལོ་རྒྱུའི་ཁྲོད་ན་དཔའ་མཛངས་མཁས་གསུམ་གྱི་ཡོན་ཏན་གྱི་ཕྱུག་པའི་རྗེ་སྲོང་བཙན་སྒམ་པོའི་མེད་ཐབས་མེད་པའི་བློན་ཆེན་བཞིའི་ནང་གི་ཐོག་མ་ཡིན་ལ།  ཁ་བ་གངས་ཅན་པའི་ཕྱི་འགྲིམ་སློབ་མའི་ཐོག་མའང་འདི་ཆགས་ཡོད།  ཁོང་གི་མཛངས་པའི་ལས་གཙོ་བོ་དེ་སྲིད་འབྱོར་རིག་གསུམ་ལས་གཙོ་བོ“རིག་གནས་གསར་སྐྲུན”ཐོག་ལ་བསུབ་ཏུ་མེད་པའི་བྱས་རྗེས་རླབས་པོ་ཆེ་བཞག་ཡོད་དེ། ཡང་དེ་ཉིད་ལས། “ཐོན་མིའི་བོད་ཡིག་ཐོག་མ་མཛད་པའི་ཕྱིར། །  བོད་ཕྲུག་མཛངས་བློན་བདུན་གྱི་བཞི་བར་གྲགས། །”ཞེས་གསུངས་པ་དེ་དོན་ལ་གནས་འདུག ཁོང་དང་ཁོང་གི་མི་ཚེའི་ལོ་རྒྱུས་དག་ལ་མཇལ་ཐེངས་རེ་རེར་ཁོང་གི་མཛད་རྗེས་གཙོ་ཤོས་དེ།  དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་བླངས་ཤིང་། རྒྱལ་ཁབ་གཞན་གྱི་སྐད་ཡིག་དང་། རིག་གནས་ལག་རྩལ་སོགས་བསླབས་ནས་བོད་ཡིག་གསར་བཏོད་བྱས་པ་འདི་ཁོ་ན་ཁོང་གི་རླབས་པོ་ཆེའི་མཛད་པ་རེད། སྐབས་དེར་བོད་ལ་ཡིག་གེ་མེད་པའི་ལོ་རྒྱུས་མཇུག་རྗོགས་ནས་ཁོང་གི་བརྩམས་ཆོས་གསར་བ《སུམ་ཅུ་བ》དང་《རྟགས་འཇུག》སོགས་ཀྱི་བསྟན་བཅོས་བརྒྱད་མཛད་པར་གྲགས། ལོ་རྒྱུས་དེ་གཅིག་པོས་གངས་ལྗོངས་བོད་ལ་དར་མགོ་བརྩམས་པའི་བོད་ཀྱི་ཡིག་ཐོག་གི་རྩོམ་རིག་གསར་རྩོམ་བྱེད་མཁན་ཐོག་མ་དེ་ཆགས་ཡོད། དེས་ན། ལོ་ཙཱ་བ་ཁོང་ནི་བོད་ཀྱི་རིག་གནས་གསར་སྐྲུན་ལོ་རྒྱུས་ཟིན་ཐོ་རུ་བཀོད་བཞག་ན་དུང་ཞེན་གྱི་བློས་བསླངས་ཙམ་མ་ཡིན་པར་དངོས་ཐོག་བདེན་འཚོལ་གྱི་ལོ་རྒྱུས་རང་བཞིན་དང་ལྡན་པར་འདོད།  དེར་བརྟེན།  ཁོང་ནི་བོད་ཁམས་མུན་པའི་གླིང་འདིར་རིག་གནས་ཀྱི་སྒྲོན་མེ་ཐོག་མར་སྤར་མཁན་གྱི་མཛངས་བློན་དྲག་ཤོས་སུའང་གྱུར་སོང་བ་རེད། 
མཛངས་བློན་ལྔ་བ།
      སྙགས་ཁྲི་བཟང་ཡང་སྟོན་ཟེར་བ་དེའང་བོད་རྒྱལ་སོ་གསུམ་པ་ཁོང་གི་མེད་ཐབས་མེད་པའི་བློན་ཆེན་བཞིའི་ཡ་གྱལ་གཅིག་གི་གྲས་ཡིན་ལ། ལོ་རྒྱུས་ཞིབ་འཇུག་གི་ངོས་ནས་བལྟས་ན་ཁོང་ནི་གངས་ལྗོངས་ས་མཐོའི“འཛུགས་སྐྲུན་རིག་པ”ར་དམིགས་བསལ་གྱིས་དོ་སྣང་དང་བཀོད་འདོམས་པ།
ལྷག་ཏུ། ཁོང་གིས་ཁ་བ་གངས་ཅན་པའི་ཁོར་ཡུག་དེར་འཛུགས་སྐྲུན་གྱི་བརྩམས་ཆོས་གསར་བའི་མཐོ་རླབས་ཤིག་འཕྱུར་དུ་བཅུག་ཅིང་།  བོད་འབངས་སྤྱིའི་འཛུགས་སྐྲུན་ཡར་རྒྱས།  མི་སྒེར་གྱི་ཕུགས་བསམ་མངོན་འགྱུར་ཐུབ་མཁན་གྱི་འགྲོ་མིའི་ལོ་རྒྱུས་ནང་གི་མི་སྣ་ཞིག་ཡིན་ཤག་ཤག་རེད། གང་གི་ཕྱིར་ན།  《མཁས་པའི་དགའ་བསྟོན》ལས། “གཞན་ཡང་ཁྲི་བཟང་ཡང་སྟོན་སྙགས་ཀྱིས་བུས། །མཛངས་པའི་ལས་སུ་རི་ཁྱིམ་ཀླུངས་སུ་ཕབ། །སྤོ་མཐོས་མཁར་དུ་བརྩིགས་ནས་གྲོང་ཁྱེར་བཅོས། །འདི་ཡན་བོད་ཀྱི་ཁང་ཁྱིམ་རི་ལ་ཡོད། །དེ་ཕྱིར་བོད་ཀྱི་མཛངས་མི་ལྔ་བ་ཡིན། །”གསུངས་པ་དེའི་སྟེང་ནས་ཞིབ་འཇུག་བྱས་ན་དོན་འདི་དགོས་པར་སྣང་སྟེ། དུས་རབས་དེའི་མཚམས་སུ་ཁོང་གིས་བོད་ཀྱི་སྤྱི་ཚོགས་ཡར་ཐོན་ལ་ནུས་ཤུགས་ག་རེ་བཏོན་ཡོད་ཟེར་ན། བོད་ཀྱི་ཁོར་ཡུག་ལེགས་བཅོས་བྱས་ཏེ་སྤོ་མཐོ་རི་ལ་མཁར་ལས་ཀྱི་འཛུགས་སྐྲུན་གཏན་ཁེལ་དང་། གྲོང་ཁྱེར་དང་གྲོང་བརྡལ་གྱི་འཛུགས་སྐྲུན་རི་འདབས་དང་ཀླུངས་སུ་ཕབ་ནས། མི་རིགས་རང་གི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་། གྲོང་བརྡལ་ལེགས་བཅོས་ཀྱི་རྩ་བར་ཚེ་གང་ནུས་ཤུགས་ཡོད་དགུ་ཕུད་དེ། མཐར་ཁོང་སྤྱི་དམངས་ཀྱིས་གདེང་འཇོག་ཐོབ་པའི་མཛངས་པའི་གྲུབ་འབྲས་ཀྱི་རྒྱལ་ཁ་ལོན་སོང་བ་གོར་མ་ཆག  
མཛངས་བློན་དྲུག་པ། 
  མགོས་ཁྲི་བཟང་ཡབ་ལྷག་ནི། བོད་རྒྱལ་སོ་བརྒྱད་པ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་ཡི་བློན་ཆེན་ཡིན་ཞིང་།  ཁོང་གི་མི་ཚེའི་ཕུགས་བསམ་གཙོ་བོ་མི་རིགས་མཐུན་སྒྲིལ་དང་། བོད་ཀྱི་སྤྱི་ཚོགས་བདེ་འཇགས་ལ་ནུས་པ་འདོན་སྤེལ་བྱེད་རྒྱུ་དེ་ཡིན་པར་མངོན་ཞིང་།  ཡང་དེ་ཉིད་ལས། “མགོས་ཀྱི་བློན་ཆེན་ཁྲི་བཟང་ཡབ་ལྷག་གིས། །མཛངས་པའི་ལས་སུ་གསོས་ཐང་སྟོང་ཐང་བཅད། །ཕྱི་རབས་བློན་པོ་གཡར་ཁྲལ་ཆུང་བར་བྱས། །”ཞེས་པའི་ལེགས་བཤད་འདིའི་ནང་དུ་སྦྲུམ་པའི་ལོ་རྒྱུས་དེ་ཅུང་ཟད་གསེད་བཀྲོལ་ཞིག་བྱས་ན། བློན་ཆེན་ཁོང་གི་ལས་ཀ་ཆེ་ཤོས་ཤིག་བོད་མི་རིགས་ཀྱི་སྤྱི་ཚོགས་གནས་བབ་ལ་བསྟུན་ཏེ“མ་བསད་གསོས་ཐང”དང་། “བསད་པ་སྟོང་ཐང”གི་ཞལ་ལྕེ་སྟེ་ཁྲིམས་ཡིག་དང་། ཁྲིམས་བྱང་གསར་བཟོའམ་གསར་བཏོད་བྱས་པར་རྟེན།  ཁོང་ནི་དེ་སྔོན་བོད་ལ་དར་མ་མྱོང་བའི་ཁྲིམས་ལུགས་ཆེད་བཟོ་པ་ཞིག་ཡིན་པའི་ངོས་ནས། བོད་མི་བྱིངས་ཀྱིས་གུས་བཀུར་ཐོབ་ཡོད་པར་མངོན།  འོན་ཀྱང་བློན་ཆེན་ཁོང་ནི་ཐུ་བྷོད་བཙན་རྒྱལ་གྱི་ཐོག་མའི་ཁྲིམས་ཡིག་གསར་བཟོ་བ་དེ་མ་ཡིན་ཡང་། གོང་དུ་བཤད་པའི་ཁྲིམས་ཡིག་ཐོག་མར་གསར་བཟོ་བ་ཡིན་པའི་ཆ་ནས་ཁོ་རང་མཛངས་མི་དྲུག་པའི་མཚན་སྙན་ཐོབ་ཅིང་།  ཁྱད་པར་དུ་ཁོང་གི་བྱ་བ་དེ་ལས་བོད་སྤྱི་དང་། རུས་རྒྱུད་ཚོ་ཁག་བར“མཐུན་སྒྲིལ”དང“ཞི་བདེ”ལ་གྲུབ་འབྲས་ལེགས་པོ་བཞག་ཡོད་པར་སེམས།
མཛངས་བློན་བདུན་པ།
  ལོ་རྒྱུས་ཀྱི་ཆུ་བོ་ཤག་ཤག་ཏུ་བཞུར་བའི་འབབ་རྒྱུན་ཁྲོད། བོད་མི་མཁས་པ་ཡོངས་ཀྱིས་ཞེ་ནས་སྨོན་ཞིང་། ཁ་ནས་གླེང་གིན་ཡོད་པའི་གཉེར་སྟག་བཙན་གདོང་གཟིགས་ཁོང་ནི། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྲིད་བློན་ཡིན་པ། མཛངས་མི་ཚང་མིའི་གྲས་ནས“འབྲོག་ལས་ཐོན་སྐྱེད”ལ་དམིགས་བསལ་གྱི་ནུས་པ་འདོན་མཁན་ཞིག་ཏུ་གྱུར་ཡོད་དེ། དཔའ་བོ་གཙུག་ལག་ཕྲེང་བས།“སྟག་བཙན་གདོང་གཟིགས་བློན་པོ་གཉེར་གྱི་བུས། །མཛངས་པའི་ལས་སུ་དབྱར་རྩྭ་དགུན་དུ་བསྐམས། །  མཛངས་མི་བདུན་ལས་ཐ་མ་གཉིས་སུ་གྲགས། །”ཞེས་གསུངས་པའི་ལོ་རྒྱུས་ཀྱི་སྟེང་ནས་ཕྱིར་རྟོགས་ཐེངས་གཅིག་མཛད་ན། སྟག་བཙན་ཁོང་གི་མཛད་པ་ཅུང་ཙམ་མཇལ་ཐུབ་སྟེ།  སྒང་བ་བོད་ཀྱི་འབངས་མི་ཁྱིམ་རེར། མ་མཐའི་སྒོ་ཟོག་འདྲ་མཉམ་དུ་གཏན་འབེབ་བཟོས་ཤིང་། སྒོ་ཟོག་དེ་དག་འཚོ་སྐྱོང་བྱེད་དགོས་པའི་ཁྲིམས་བཟོས་ནས།  ཕྱུགས་ལས་ཀྱི་འཕར་གྲངས་ལོ་རེ་ནས་ཇེ་མཐོར་སོང་བས།  ཕྱུགས་ཟོག་གི་རྩྭ་ས་མ་འདང་ནས་བོད་འབངས་སྤྱིའི་ཕྱུགས་ཟོག་ལ་གྱོང་རྒུད་ཚབས་ཆེན་ཐེབས་པའི་སྐབས་དེར། ཁོང་གིས་དབྱར་རྩྭ་དགུན་དུ་སྐམ་པའི་རིག་པ་གསར་དུ་རྙེད་ནས་བཟུང་། ཕྱུགས་ལས་སྲུང་སྐྱོབ་ལ་དངོས་ཡོད་ཀྱི་ཕན་ཐོག་འབྱུང་ཕྱིར། འབྲོག་ལས་ཐོན་སྤེལ་ཐད་ནས་གཞན་པས་མ་འཇོན་པའི་བྱ་བ་བསྒྲུབས་བཞག་པས་འབྲོག་ལས་གསར་སྐྲུན་གྱི་བློ་འབྱེད་པ་ཞིག་དུས་རབས་དེར་མཚོན་ན་ཡིན་ཆོག་ཆོག་རེད།
2.རྩོམ་འདི་འབྲི་དོན་དང་། དཔའ་མཛངས་མཁས་གསུམ་གྱི་ཁྱད་པར།
        གོང་དུ་མཛངས་མི་བདུན་གྱི་རིག་གནས་སྙིང་སྟོབས་ལ་ཨེན་ཙམ་གླེང་བ་དེ་གཞི་འཛིན་ས་གཙོ་བོ་དེ《ཆོས་འབྱུང་མཁས་པའི་དགའ་སྟོན》གྱི་གཙོ་བྱས་ས་ཞིག་ནས། བོད་ཀྱི་དེབ་ཐེར་ཁ་ཤས་ལ་ཁུངས་བཅོལ་ཏེ་བདག་གིས་གོ་བ་ལེན་ཕྱོགས་དང་། གཞན་གྱི་གསུང་སྒྲོས་དང་རྐྱ་བསྒྲིལ་ནས་བཤད་པ་ལས་སྔོན་ཆད་མ་བྱུང་བ་ཞིག་བཤད་ག་ལ་ནུས།
འོན་ཏེ། བདག་གིས་ལོ་རྒྱུས་མི་སྣ་ལ“གོམས་པ་ལྷུར་ལེན་བསྐྱེད་ཕྱིར”ཞིག་དང་། རང་དང་ཤེས་རིག་གི་ན་ཚོད་མཉམ་པའི་སློབ་གྲོགས་སྐོར་རེ་ཕན་པ་ཅུང་ཟད་འགྱུར་བསྙམས་ནས། བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་མི་སྣ་གྲགས་ཆེན་བདུན་གྱི་གསར་བཏོད་ཀྱི་རིག་གནས་སྙིང་སྟོབས་ངོས་སྦྱོར་བྱས་པ་ཙམ་ཡིན།  རེད་དེ། མཛངས་མི་བདུན་གྱི་ལོ་རྒྱུས་མཇལ་ཚེ་དུས་རྒྱུན་ང་ཚོ་ལ་དོགས་པ་འདི་འདྲ་ཞིག་སླེབས་ཡོང་སྟེ། བསིལ་ལྗོངས་ལོ་རྒྱུས་ནང་གི་མི་སྣ་གྲགས་ཆེན། སྟག་སྒྲ་ཀླུ་ཁོང་། འགོས་ཁྲི་བཟང་། མགར་སྟོང་བཙན་ཕ་བུ་སོགས་ཅི་ཕྱིར་མཛངས་བློན་གྱི་གྲལ་དུ་མ་བགྲངས་པ་རེད་ཟེར་ན།  བདག་གིས་བསམ་ཚུལ་ལྟར་ན། དེ་དག་ལ་ནི “དཔའ”“མཛངས”“མཁས”གསུམ་ནང་གི་དཔའ་བོའི་རིན་ཐང་ངམ་མཚན་ཉིད་ཡོད་པ་ལས། དཔའ་མཛངས་མཁས་གསུམ་གྱི་ནང་གི་མཛངས་པའི་ནུས་པའམ་བྱེད་ལས་མ་ལྡན་པས། མཛངས་པའི་གྲལ་དུ་མ་བཞག་པ་རེད་སྙམ།  དེ་ལྟ་ནའང། རང་སྲུང་གཞན་འཇོམས་ཀྱི་དཔའ་བོ་དང་། སྤྱི་ཚོགས་དར་སྤེལ་གྱི་མཛངས་པ། རིག་གནས་གསར་བཏོད་ཀྱི་མཁས་པ་རྣམས་ཀྱི་ཆེ་ཕྱོགས་ནས་ངོ་བོ་དང་བྱེད་ནུས་སོགས་ཀྱི་གོ་བ་སོ་སོར་ཡོད་དམ། ཡོད་ན་དེ་དག་གི་ཁྱད་པར་སོ་སོར་ཤེས་རྒྱུ་གལ་ཆེ་བར་སེམས། 
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 85wb བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23557980
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།