བོད་པའི་རིག་གནས་ཀྱི་སྐྱེད་ཡུམ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 30 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ལོ་རྒྱུས།» གནའ་རབས། »བོད་པའི་རིག་གནས་ཀྱི་སྐྱེད་ཡུམ།
བོད་པའི་རིག་གནས་ཀྱི་སྐྱེད་ཡུམ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-04-07ལྟ་ཀློག (2722)རྩོམ་ཁུངས: བཙན་པོ་ཚང་།པར་འདེབ།

བོད་པའི་རིག་གནས་ཀྱི་སྐྱེད་ཡུམ།  གནའ་བོའི་རྒྱ་གར།

   རྒྱ་གར་ཞེ་ན།  བོད་ཀུན་པོའི་སྣང་ངོར་ཅུང་སྙིང་ཉེ་བ་འདྲ་ལ། དེའི་རྒྱུ་མཚན་ཞིབ་ཏུ་བསམ་དུས། དེ་ནི་གནའ་བོའི་དུས་ནས་དབུ་བརྩམས་པའི་རིག་གནས་བརྗེ་རེས་ཀྱི་དོན་ཆེན་ཞིག་དང་འབྲེལ་བ་ག་ལེར་རྟོགས་འོངས་ཤིང་། རྒྱ་གར་འདི་བོད་ཙམ་དུ་མ་ཟད། ས་སྒང་འདིའི་རིག་པ་སྔ་དར་གྱི་རྒྱལ་ཁབ་བཞིའི་གྲས་སུ་རྩི་ལ། ཤར་ནུབ་གཉིས་སུ་དབྱེ་བའི་ཤར་ཕྱོགས་རིག་པའི་འབྱུང་ཁུངས་སུའང་མི་འདེད་རང་འདེད་དུ་འགྱུར།

  སྤྱིར་རྒྱ་གར་ཞེས་པའི་མིང་རྐྱང་མར་དུས་རིམ་མི་འདྲ་བའམ་ལོ་རྒྱུས་ཀྱི་དཀྱོག་མཚམས་མི་འདྲ་བ་བརྟེན་ནས་སྒྲ་བཤད་སྣ་མང་བ་ཞིག་མཆིས་ནའང་། དེ་དག་རེ་རེ་བཞིན་བསལ་ནས་བརྟགས་ན། དེ་ནི་དུས་རིམ་ག་གེ་མོ་དང་རྒྱབ་ལྗོབས་ཆེ་ག་མོའི་མཁས་པ་ཚོས་ཕར་བཏགས་པ་ངེས་ཤིང་། དེས་དུས་རིམ་རེ་རེའི་རྒྱ་གར་ཞེས་པའི་མིང་གི་ཁྱབ་ཁོངས་དང་བརྗོད་སྙིང་དག་ཉར་ཡོད་པའང་གཞི་ནས་རྟོགས་པས།  ང་ཚོ་རྒྱ་གར་ཞེས་པའི་མིང་ཙམ་ལ་འཁྲུལ་བའི་དགོས་པ་མ་མཆིས་པས་འདིར་རྒྱ་གར་འདི་བོད་པའི་རིག་གནས་ཀྱི་སྐྱེད་ཡུམ་ལྟ་བུར་བསྔགས་ཆོག་པ་མདོ་ཙམ་ར་སྤྲད་པར་བྱའོ། །

གཅིག  ཐུབ་པའི་བསྟན་པ་①རྒྱ་ཡུལ་ནས་དྲངས།

  དེང་སང་ང་ཚོ་བོད་དུ་དར་བའི་ཐུབ་པའི་བསྟན་པ་རིན་པོ་ཆེ་འདི་ནི་ལོ་ངོ་ཉིས་སྟོང་སྔ་རོལ་ཏུ་རྒྱ་གར་ནས་དབུ་ཚུགས་པར་གྲགས་ཤིང་། དེའི་ཁུངས་དང་ཕྱི་མོ་ལྟ་བུ་ནི་རིག་བྱེད་བཞི་རྨང་གཞིར་གྱུར་བའི་བྲམ་ཟེ་ཆོས་ལུགས་དེ་ཡིན་ལ། ཕྱིས་སུ་སྟོན་པ་བཅོམ་ལྡན་འདས་སྐུ་འཁྲུངས་ཏེ། དེར་དུས་དང་འཚམ་པའི་འདོར་ལེན་དང་ཁ་སྣོན་བྱས་ཤིང་།  བདེན་བཞིའི་གཙོས་རང་ལུགས་རྒྱ་ཆེར་བཏོད་པ་ལ། ཕྱི་རབས་འཕགས་པ་ཀླུ་སྒྲུབ་དང་ཐོགས་མེད་ལྟ་བུ་སྐྱེས་ཆེན་མང་བོས་རིག་པས་དཔྱད་ཅིང་།  བློ་ཡིས་བརྟག་སྟེ། དེའི་འགྲེལ་དུ་རབ་འབྱམས་གཞུང་ལུགས་མཐའ་ཡས་པ་བརྩམས་ཤིང་བརྩམས་ནས། རྒྱལ་བའི་བསྟན་པ་འཛམ་གླིང་ཤར་ནུབ་ཀུན་ཏུ་དར་ཞིང་རྒྱས་པར་མཛད་པ་དང་། ངེད་ཕྱི་རབས་ལོ་ཙཱ་བ་མང་བོས་སློག་སློག་པ་ལས་ད་ལྟར་ཆོས་འདི་རང་རེ་བོད་ཙ་ན། དར་ཆེ་བར་གྲགས་ཏེ། དོན་ལ་ཐུབ་པའི་བསྟན་པ་རྒྱ་ཡུལ་ནས་དྲངས།

གཉིས།  སྙན་གཞུང་མེ་ལོང་རྒྱ་ཡུལ་ནས་བསུས།

   དེ་ཡང་ང་ཚོ་བོད་དུ་དར་ཆེ་བའི་མེ་ལོང་མ་འདི་སྙན་ངག་གམ་དངགས་གང་རུང་དུ་འདོད་པའི་སྲོལ་ཡོད་ཅིང་། གཞུང་འདིའི་བྱེད་པོ་ནི་རྒྱ་གར་བྲམ་ཟེ་རིགས་ཕྱག་ཏུ་དབྱུག་པ་ཐོགས་པ། མཚན་དཎྡྀ་སྟེ་བོད་སྐད་དུ་དབྱུག་པ་ཅན་དུ་འབོད་པ་དེ་ཡིན་ལ། ཕལ་ཆེར་སྲོང་བཙན་དང་དུས་མཉམ་པར་བཤད། ②ཁོང་གིས་བརྩམས་པའི་གཞུང་འདི། ངེད་ཀྱིས་དུས་རབས་བཅུ་གསུམ་པར་ཆ་ཚང་བོད་ལ་བསྒྱུརད་ཅིང་། དེ་སྔོན་ས་པཎ་གྱིས་ཐོར་རེ་ལོང་ངེ་ཙམ་ཞིག་བསྒྱུར་ཡོད་ལ། དེའི་སྔོན་དུའང་འདི་ཕྱི་མོ་བྱས་པའི་སྙན་ངག་ཁག་ཆེན་མོ་ལྟ་བྱེད་མིག་གི་མཐོང་ལམ་དུ་སྣང་སྟེ། ③དེ་ལྟ་དེ་ལྟར་བོད་ཆེན་མོའི་རྩོམ་རིག་རུ་བའི་སྣ་འདྲེན་དུ་བྱས་ཏེ། དུས་ཕྱིས་ཙ་ན། དེར་བསྟུན་གྱི་སྙན་ངག་གླེགས་བམ་མཛོ་ཁལ་ལོངས་པ་ཞིག་བརྩམས་ཤིང་། དེང་སང་ནའང་། སྙན་གཞུང་འདི་རྒྱུག་ཆེ་ལ། ཉེ་རབས་མཁས་པ་དུང་དཀར་རིན་པོ་ཆེ་ དང་། ཨ་ལག་དམུ་དགེ་སོགས་ནས་ཀྱང་འགྲེལ་བ་འགྲེལ་བཤད་གྱ་ནོམ་རེ་བྲིས་ནས་འཆད་ཉན་གྱི་སྲོལ་ད་བར་ཟམ་མ་ཆད་པར་གནས་ཡོད་དེ། དོན་ལ་སྙན་གཞུང་མེ་ལོང་རྒྱ་ཡུལ་ནས་བསུས།

གསུམ།  ཁྱིམ་མདོ④འདོད་བསྟན་རྒྱ་ཡུལ་ནས་བླངས།

  རྩོམ་དབུར་འཆད་ཟིན་པ་བཞིན་རྒྱ་གར་འདི་བོད་ཙམ་དུ་མ་ཟད། ཤར་ཕྱོགས་རིག་པའི་མགོ་ཁུངས་གཙོ་བོ་ཞིག་ཏུའང་བརྩི་དགོས་ཏེ། ནུབ་ཕྱོགས་རིག་པའི་སྐྱེད་ཡུམ་དུ་རུང་བའི་གནའ་བོའི་རཱོ་མར<<བརྩེ་བསྟན >>༼爱经༽⑤བྱུང་བ་བཞིན་འདིར་ཡང་འདོད་བསྟན་བྱུང་མྱོང་ལ། དེ་བྱེ་བྲག་སུས། དུས་ག་ཙམ་དུ་མཛད་པ། དེ་འདྲ་ཁ་མི་གསལ་ནའང་། ཧ་ལམ་དུས་རབས་དང་པོ་ནས་བཞི་བ་ཙམ་དུ། མཚན་ལ་ཕེར་རྒྱ༼ལེགས་སྦྱར་ལྟར་རོ།།༽དུ་འབོད་པས་བརྩམས་པར་གྲགས་ཏེ། གུབྟའི་རྒྱལ་རབས་སུ་འཁེལ་ཡོད་པ་འདྲ། དེར་མ་ཡིག་གཞུང་ངོས་ན་ཚན་པ་དྲུག་ཡོད་ལ། སོ་སོར་རིམ་པར་ཆོས་ནོར་ཐར་འདོད་ཀྱིས་བསྡུས་པའི་སྐབས་དེ་དུས་ཀྱི་མི་ཚེའི་ལྟ་བ་དང་། ལྷག་པར་ཅི་ལྟར་འདོད་པ། དེ་ཚུལ་ཇི་ལྟར་སྤྱོད་པ་ལ་སོགས་མེས་པོའི་ཉམས་མྱོང་ལ་བརྟེན་ནས་ཇི་བཞིན་མྱངས་ཤིང་བརྟགས་ཏེ་བྲིས་པའི་མིའི་རིགས་བདེ་ཐང་ཐད་མེད་ཐབས་བྲལ་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཞིག

  འདི་རྙིང་མའི་ཆོས་རྒྱུད་འཛིན་པ་འཇུ་མི་ཕམ་ལགས་ནས་ཐོག་མར་བོད་དུ་བསྒྱུར་བའམ་སློག་པའི་ཚུལ་མཛད་ནའང་། དེ་ནི་ཆོས་ཀྱི་ལྟ་བའི་དགོས་མཁོ་ཙམ་ལས་མ་འདས། འོན་ཀྱང་ཕྱིས་སུ་དགེ་ཆོས་ཉིད་ནས་རང་གི་མྱོང་བར་སྦྱར་ཏེ། དེར་ཁ་སྐོང་དང་ས་བཅད་བསྒྲིགས་ནས་ད་ལྟར་ང་ཚོའི་མཐོང་ཆོས་སུ་སྣང་བའི་བོད་ལུགས་རྣམ་པའི་འདོད་བསྟན་འདི་མངོན་པར་གྲུབ་ཅིང་།  འདི་ནི་བོད་པའི་ཐུབ་བསྟན་ནང་འདྲེན་གྱི་དུས་སུ། མེ་ལོང་མ་ཕན་ཆད་ཀྱི་རྐྱང་མར་དྲངས་པའི་མི་ཆོས་རིག་པ་འབའ་ཞིག་ཡིན་ལ།⑥ འདིར་དམིགས་སུ་འཆད་དོན་ཡང་འདི་ཁོ་ན་ལ་རག་ལས་ཏེ།  དོན་ལ་ཁྱིམ་མདོ་འདོད་བསྟན་རྒྱ་ཡུལ་ནས་བླངས།

  ཡང་རིམ་པར་འདི་ཙམ་ངོ་ཤེས་ན་ནི།   རྒྱ་གར་འདི་བོད་ཆེན་མོའི་རིག་གནས་ཀྱི་སྐྱེད་ཡུམ་དུ་ངེས་པ་རྟོགས་ཤིང་། བོད་ཀྱི་རིག་གནས་དངོས་ཤིག་ཤེས་དགོས་ན། གནའ་བོའི་རྒྱ་གར་དང་འབྲེལ་བའི་ལོ་རྒྱུས་ཁག་ཆེན་མོ་ཞིག་ངེས་དགོས་པའང་བསྟུད་མར་གོ་ཐུབ་སྟེ།  ཁོ་བོས་འཆད་བྱའི་དམིགས་ཀྱི་དགོས་པའང་ཏན་ཏན་འདི་ཁོ་ན་ཉིད་ལས་མ་འདས་པས། འདིར་ན་མཉམ་ཚོར་འདིའི་ཐད་ནས་སྤྲོ་བའི་དབུ་བརྩམས་པ་ལགས།

མཆན།

① འདིར་བསྟན་གྱི་ཐུབ་པའི་བསྟན་པ་ཞེས་པ་ནི་སྟོན་པ་ཤཱཀྱ་ཐུབ་པ་ནས་དབུ་བརྩམས་པའི་རྒྱ་གར་མཁས་པས་བཀའ་འགྲེལ་ལུང་རིགས་ཏུ་གོ
②  ཕལ་ཆེར་དུས་རབས་བདུན་པར་འཁྲུངས་པར་བཤད་ཅིང་། ཁོ་བོས་འུ་ཚོར་གོ་བདེ་བའི་ཕྱིར་དེ་ལྟར་དུ་བྲིས།
③   འདིའི་ཚུལ་ས་སྐྱའི་གདུང་རབས་སྔ་མའི་གསུང་འབུམ་དུ་གསལ།
④  དེ་ཡང་འདོད་བསྟན་གྱི་དབུར། སངས་རྒྱས་འཇིག་རྟེན་ཁམས་སུ་མ་བྱོན་གོང་།། ལོ་ནི་སྟོང་ཕྲག་དུ་མའི་སྔ་རོལ་ན།། རྒྱ་གར་ཡུལ་ན་བྲམ་ཟེའི་གཞུང་ལུགས་ཀྱི།། མདོ་དང་བསྟན་བཅོས་བྱ་བ་མང་དུ་ཡོད།། ཁྱིམ་གྱི་མདོ་དང་རབ་ཏུ་བྱུང་བའི་མདོ།། ཞེས་འཁོད་པ་ལྟར་འདོད་བསྟན་ནི་རྒྱ་གར་ཁྱིམ་པ་བའི་མདོ་རྨ་མེད་པ་ཞིག་ཏུ་གོ་ དགོས་ལ། འདིར་དེར་སྦྱར་བའོ།།
⑤འདི་ནི་སྤྱི་ལོ་དུས་རབས་དང་པོ་ཙམ་དུ་བརྩམས་པར་གྲགས་པའི་གནའ་བོའི་རཱོ་མའི་ ཕོ་མའི་འབྲེལ་བ་གཙོ་ཆེར་བརྗོད་པའི་བསྟན་བཅོས་ཤིག་སྟེ།  མཛད་པ་པོའི་མཚན་ལ་ ཨོའུ་བེ་ཏེ༼奥维特༽རུ་འབོད།
⑥འདི་ཟེར་དོན་མེ་ལོང་མ་ནི་ཐད་ཀར་ཐུབ་པའི་བསྟན་པ་དང་བསྡོངས་ཆོས་ཀྱི་དགོས་ མཁོ་ལྟར་བོད་དུ་དྲངས་པ་མ་ཡིན་པར་སྙན་ངག་གི་དམིགས་པ་ལྟར་བླངས་ཞེས་པའི་དོན་ ཏེ། འདོད་བསྟན་ཡང་དེ་ལྟར་རོ།།
རྩོམ་འདིའི་སྦྲེལ་ཐགhttp://www.tsanpo.com/forum/11306.html


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། c91f བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23558420
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།