དགོན་སྡེ་དག་གི་གནས་བབ་ཀྱི་གནད་དོན་འགའ་གླེང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགོན་སྡེའི་སློབ་གསོ། » དགོན་སྡེ་དག་གི་གནས་བབ་ཀྱི་གནད་དོན་འགའ་གླེང་བ།
དགོན་སྡེ་དག་གི་གནས་བབ་ཀྱི་གནད་དོན་འགའ་གླེང་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-04-04ལྟ་ཀློག (3239)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

༄༅།། དགོན་སྡེ་དག་གི་གནས་བབ་ཀྱི་གནད་དོན་འགའ་གླེང་བ།
 
བྱ་གཞུང་བློ་བཟང། (ཀླུ་ཚང་དགོན་པ)
 
        ལོ་རྒྱུས་ཁྲོད་རང་རེའི་བོད་གངས་ཅན་ཀྱི་ལྗོངས་སུ་སྨག་ནང་དུ་ཤེས་རིག་གི་སྒྲོན་མེ་བཏེགས་ནས་ལོ་ངོ་སྟོང་ཕྲག་ལྷག་འགོར་དུས་རབས་ཉེར་གཅིག་པའི་དུས་མགོར་འདིར།  ལོ་རྒྱུས་ཁྲོད། བོད་ཁ་བའི་ལྗོངས་སུ་ཤེས་རིག་ལ་ཆག་འཇིག་ཐེབས་ནས་སླར་ཡང་ཚེ་སྲོག་གི་དབྱངས་རྟ་འཐུང་བཞིན་པའི་ཉིན་མོ་འདིར།  ངས་རང་གི་ལྟ་ཚུལ་ཙམ་ཡི་གེར་བཀོད་པ་དང་། ངས་རང་གིས་བསམ་ཚུལ་ཙམ་ཁ་བརྡའི་ཚུལ་དུ་གླེང་བ་ལས། ཁོ་བོར་དམ་པའི་ཆོས་ཀྱི་ལུང་དང་  །མཁས་པའི་ཤེས་རིག་འཕྲུལ་གྱི་མདའ་སོགས་ཅི་ཡང་མེད་པར་མ་ཟད།  ཚན་རིག་པས་བཀོད་པའི་སྡོམ་ཚིག་དང་། སྙན་ངག་པས་བྲིས་པའི་དཔྱད་བརྗོད་སོགས་དེ་བས་ཀྱང་མེད་ལ། ང་རང་གིས་བསམ་ཚུལ་ཙམ་ཁ་ཁོག་མེད་པར། གྲོགས་པོ་ཚོར་བཤད་འདོད་པའི་སྐད་ཆ་ཙམ་དང་། ང་རང་གི་ལྟ་ཚུལ་ཙམ་གྲོགས་པོ་ཚོར་བརྗོད་འདོད་པའི་སྙིང་གཏམ་ཙམ་ཡིན་ནོ།།
      དེ་ཡང་མི་རིགས་ཤིག་སྐྱོབ་དགོས་ན། རྨང་གཞི་ནི་མི་རིགས་དེའི་བསམ་བློ་སྐྱོབ་དགོས་ལ། མི་རིགས་དེའི་བསམ་བློ་གོང་འཕེལ་ཏུ་གཏོང་བ་ལ་ཐབས་ལམ་ངེས་པར་དུ་ཤེས་རིག་ལ་བརྟེན་དགོས་པ་དེ་རེད།    འོ་ན། ང་ཚོའི་ཤེས་རིག་གི་དཔུང་མཐུག་ས་དང་། ང་ཚོའི་ཤེས་རིག་གི་གཞི་འཛིན་ས། ང་ཚོའི་ཤེས་རིག་གིཁོང་བཅོལ་ས་ནི་གང་ཡིན་སྙམ་ན།  དེ་ནི་དགོན་སྡེ་དག་ཡིན་ལ། དགོན་སྡེ་ལ་བརྟེན་ནས་ད་གཟོད་ང་ཚོའི་རིན་ཐང་བྲལ་བའི་ཤེས་རིག་གི་ཟུར་ཁ་འཛམ་གླིང་གིས་ཤེས་པ་རེད།   དེའི་རྐྱེན་གྱིས་ང་ཚོའི་ཤེས་རིག་གི་རྩ་བ་དགོན་སྡེ་ལ་ཐུག་ཅིང་། དགོན་སྡེའི་ཤེས་རིག་ལ་འཕེལ་རྒྱས་མེད་ཀྱང་།  དེ་བཞིན་མི་རིགས་ལ་འཕེལ་རྒྱས་མེད་པ་དང་།དགོན་པའི་ཤེས་རིག་འཕེལ་རྒྱས་མེད་པ་དང་།  དགོན་པའི་ཤེས་རིག་ཉམས་རྒུད་དུ་གྱུར་ཚེ།  ད་གཟོད་མི་རིགས་འདི་ཉམས་རྒུད་དུ་གྱུར་ཚེ།  དེའི་རྐྱེན་གྱིས་ང་ཚོའི་ཤེས་རིག་གི་ཕ་ས་དགོན་སྡེའི་གནས་བབས་ལ་ཅིས་ཀྱང་བསམ་བློ་གཏོང་དགོས་ལ། དགོན་པའི་མདུན་ལམ་ལ་དེ་བས་ཀྱང་བསམ་གཞིགས་བྱེད་དགོས་སོ།།
༡ དེང་སྐབས་དགོན་སྡེ་དག་གི་སྤྱིའི་གནས་བབས།
        དེང་སྐབས་སྤྱི་ཚོགས་ཐོག་ཕར་བལྟས་ན། བོད་ཀྱི་དགོན་སྡེ་དག་ལ་དུས་ཀྱི་འཕེལ་རིམ་གྱི་དབང་གིས་མི་འདང་ས་མང་པོ་ཞིག་ཡོད་ལ།  ལྷག་པར་དུ་ང་ཚོ་མཚོ་ལྷོ་ས་ཁུལ་ལ་མཚོན་དེ་བཤད་ནའང་དགོན་སྡེ་ཤིན་ཏུ་མང་པོ་ཞིག་ཡོད་པར་མ་ཟད། ཁྲི་ཀ་ལྟ་བུ་ལ་མཚོན་ནའང་ཕལ་ཆེར་སྡེ་བ་རེ་ལ་དགོན་སྡེ་རེ་ཡོད་པའི་ཚོད་དུ་འདུག་མོད།  འོན་ཀྱང་། སློབ་གཉེར་གྱི་ཕྱོགས་ནས་བཤད་ན་དགོན་པ་རེ་གཉིས་ལས་མི་འདུག་ལ། མང་ཆེ་བ་སྒྲུབ་སྡེ་དང་གྲོང་ཆོག་ལ་འགྲོ་བ་ཤ་སྟག་རེད།   གྲོང་ཆོག་འདི་ཡང་སྤྱིར་བཤད་ན་དད་ལྡན་མང་ཚོགས་མང་པོ་ཞིག་གི་བསམ་པའི་དགོས་མཁོ་དང་། ཡང་ན་བདག་མེད་ཀྱི་གྲྭ་བཙུན་་མང་པོ་ཞིག་གི་འཚོ་བའི་རྟེན་གཞིར་གྱུར་ཡོད་པས་མཐའ་གཅིག་ཏུ་འགོག་དགོས་ཟེར་ན་ཤིན་ཏུ་དཀའ་མོད།    འོན་ཀྱང་དགག་ཕྱོགས་ནས་བཤད་ན། སློབ་གཉེར་དང་། ཤེས་རིག་རྒྱུད་འཛིན། ཡང་ན་ཤེས་རིག་དང་བསམ་བློ་འཕེལ་རྒྱས་ཀྱི་ཕྱོགས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པ་མ་ཟད།    ནང་བསྟན་ཆོས་ལུགས་ཀྱི་ལྟ་བ་དང་དགོངས་དོན་ལག་ལེན་གྱི་ཐད་དུའང་གནོད་སྐྱོན་མང་པོ་ཞིག་ཐེབས་ཡོད་པ་ནི་ང་ཚོས་ཅིས་ཀྱང་ཁས་ལེན་དགོས་པ་རེད།  དེང་སྐབས་འཛམ་གླིང་ཧྲིལ་བོར་ཚན་རིག་དང་ནུབ་ཕྱོགས་ཤེས་རིག་གི་ཡོ་ལང་རྣམ་པར་རྒྱས་ཏེ། རྒྱལ་ཁབ་དང་རྒྱལ་ཁབ་བར།མི་རིགས་དང་མི་རིགས་བར། ཡང་ན་ཤེས་རིག་་ཤེས་རིག་དང་ཤེས་རིག་གི་བར་ལ་འགྲན་རྩོད་ཀྱི་མཐོ་རླབས་གསར་བ་ཞིག་འཕྱུར་བཞིན་པའི་སྒང་འདིར།  ང་ཚོའི་དགོན་སྡེ་ལ་འང་མཚོན་ནའང་། སྔོན་ཆད་ཤེས་རིག་གི་འབྱུང་ཁུངས་ཙམ་དང་། ཡང་ན་ཤེས་རིག་གི་ཕ་ས་ཡིན་ཟེར་བ་ཙམ་གྱིས་མི་ཆོག་པར།དོན་དངོས་ཀྱི་ཕ་ས་ཡང་རྨང་གཞི་ཞིག་ཅིས་ཀྱང་མཁོ་ལ། སྡོམ་པ་སྲུང་བ་ཙམ་དང་འདོན་ཆོག་བྱང་བ་ཙམ་གྱིས་མི་ཆོག་པ་ང་ཚོས་ཀྱང་ཤེས་དགོས་པ་རེད།   དོན་དངོས་ཀྱི་གནས་ཚུལ་འདིའི་འོག་ནས་རིག་གནས་བཅུ་བོ་ཕར་ཞོག དགོན་སྡེ་དག་ལ་རྩོད་གྲྭ་ཙམ་བཙུགས་ནས་ཚད་མ་དང་ནང་རིག་ཙམ་ལ་སྦྱངས་བཞིན་པའི་དགོན་སྡེའང་ཤིན་ཏུ་མྱོང་བས།ད་གཟོད་ང་ཚོའི་ཤེས་རིག་གི་སྟོབས་ཤུགས་ཉམས་ཤིང་། ང་ཚོའི་དགོན་སྡེ་དག་གི་རིན་ཐང་ཤོར་བ་རེད།
༢ དགོན་སྡེ་དག་གི་རྒྱུ་སྤུས་ཇེ་མཐོར་གཏོང་དགོས་པ།
        དེས་ན་ང་ཚོས་གནས་བབས་འདི་ནས། ཕ་རོལ་ཏུ་བགྲོད་པའི་གོམ་ཁ་དང་པོ་གང་ནས་སྤོ་དགོས་སྙམ་ནས།   དེ་ནི་ང་ཚོ་གྲྭ་བ་ཚོ་ནས་འགོ་རྩོམ་དགོས་ལ། ང་ཚོའི་དགོན་སྡེ་དག་ནས་གཞི་འཛིན་དགོས་པ་རེད། སྔོན་ཆད་ཀྱང་ང་ཚོ་གྲྭ་བཙུན་ནང་འགོ་བཙུགས་ཏེ་མཐའ་འཁོབ་མུན་པའི་གླིང་དུ་ཤེས་རིག་གི་གིས་སྒྲོན་མེ་བཏེགས་མྱོང་ལ།ང་ཚོའི་དགོན་སྡེ་ལ་བརྟེན་ནས་ཤེས་རིག་གི་ཕ་ས་དྲོན་མོའམ། ཤེས་རིག་གི་ཁྱིམ་གཞི་དྲོན་མོ་ཞིག་གི་རྨང་བཏང་མྱོང་། དེའི་རྐྱེན་གྱིས་ང་ཚོས་དགོན་སྡེ་དག་ནས་སྒྲུབ་སྡེ་ཙམ་དང་གྲོང་ཆོག་ལ་འགྲོ་བ་ཙམ་མ་ཡིན་པར་ང་ཚོའི་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་།   ཐུན་མོང་མ་ཡིན་པའི་བསམ་བློའི་ལྟ་བ། གཞན་ཕན་དགེ་སྒྲུབ་དང་། འཛམ་གླིང་ཞི་བདེའི་སློབ་གསོའི་གཞི་བཙུགས་ཏེ། དགེ་རྒན་གདན་ཞུ་དང་སློབ་གཉེར་གྱི་རིམ་པ་འཐུས་ཚང་དུ་བཏང་ན།   ད་གཟོད་ང་ཚོ་གྲྭ་བཙུན་བྱིངས་ཡོངས་ཀྱི་བསམ་བློ་དང་སྤུས་ཀ་ཇེ་མཐོར་འགྲོ་བ་མ་ཟད། དེ་ལ་བསྟེན་ནས་དགོན་པའི་སྤུས་ཀ་ཇེ་བཟང་དང་།   མཐར་ཐུག་མི་རིགས་དང་འགྲོ་བ་མིའི་རིགས་ཀྱི་སྤུས་ཀ་ཇེ་བཟང་དུ་སོང་ནས། རང་གི་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ཟུར་ཁ་དང་།   ཐུན་མོང་མ་ཡིན་པའི་ཁ་དོག་འཛམ་གླིང་གིས་ཤེས་ཐུབ་པར་མ་ཟད། མེས་པོའི་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་དང་། དོན་དམ་གྱི་ཤེས་རིག་འབྱུང་ཁུངས་ཤིག་གི་ཁྱད་ཆོས་ལྷང་ངེར་ངོམ་ཐུབ་པ་རེད།
༣ དད་ལྡན་མང་ཚོགས་ཀྱིས་ཀྱང་ཐུགས་ཁུར་གནང་དགོས།
        མི་རིགས་ཤིག་འཚོ་ཐུབ་མིན་ནི་ཤེས་རིག་ལ་ཐུག་ཅིང་། ཤེས་རིག་དེ་ཉིད་འཚོ་ཐུབ་མིན་ནི་བོད་ལ་མཚོན་ན་དགོན་སྡེ་དག་ལ་ཐུག་འདུག་པས།   དད་ལྡན་མང་ཚོགས་གིས་ཀྱང་དོན་འདི་ལ་ཐུགས་ཁུར་དང་བསམ་གཞིག་གནང་སྟེ་རང་གི་དགོས་མཁོ་ཙམ་ལ་མི་དམིགས་པར་སྤྱིའི་ཆ་ནས་བོད་བྱིངས་ཀྱི་ཁེ་ཕན་ལའང་ཅིས་ཀྱང་ལྟ་དགོས་པ་དང་།   གྲྭ་བཙུན་རེ་གཉིས་རང་གི་ཁྱིམ་དུ་ཞུས་ནས་བསྙེན་བཀུར་བ་ལས། ཕར་དགོན་པ་གྲྭ་ཚང་བྱིངས་ལ་རང་གི་ཅི་འབྱོར་གྱིས་འབྲེལ་ཐོག་ན་གྲྭ་ཚང་མང་བོའི་བྱིན་རླབས་དང་།    དགེ་འདུན་མང་བོ་ལ་བསྙེན་བཀུར་བའི་ཕན་ཡོན་དཔག་ཏུ་མེད་པ་མདོ་ལས་གསུངས་བ་བཞིན་འབྱུང་ཞིང་། སྔ་མ་ལས་ལྡབ་འགྱུར་གྱི་ཕན་ཡོན་ཆེ་བ་དང་།   དགོན་པ་གྲྭ་ཚང་གི་སློབ་གཉེར་གྱི་རྐང་ཚུགས་པ་དང་ཆོས་སྒྲུབ་པའི་མཐུན་རྐྱེན་དུའང་འགྲོ་བའི་རྒྱུ་མཚན་གྱིས། ཐམས་ཅད་ཀྱིས་འདིའི་ཕྱོགས་ལ་འབད་བརྩོན་དང་།   དགོན་པའི་ཆོས་ལྡན་གྱི་བྱ་བའི་མདུན་ལམ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །
     མཐར། ང་ཚོའི་ཤེས་རིག་གི་རིན་ཐང་དང་ནང་བསྟན་གྱི་མདུན་ལམ་བསམ་ནས། དགོན་སྡེའི་སོ་སོས་རང་ཉིད་ཀྱི་ཕྲག་ཏུ་བབས་པའི་འོས་འགན་དང་དུ་ལེན་དགོས་པར་མ་ཟད།  ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ལྟ་བ་དང་། ཞི་བདེ་དང་ཀུན་སྤྱོད། ཤེས་རིག་དང་བསམ་བློའི་སྙིང་སྟོབས་སོགས་སྤྱིར་མི་རིགས་དང་།  ཡང་ན་འཛམ་གླིང་གི་ཡང་རྩེར་བསྙེག་ཐུབ་པའི་སྨོན་འདུན་ཞུའོ། ། 
རྩོམ་སྒྲིག་འགན་འཁུར་བ།   ཁཱ་ཤེས་རབ་རྒྱ་མམཚོ།  མགར་རྩེ་འོད་ཟེར།  ཨ་བུ་འབྲོང་། 

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། c91f བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23531812
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།