འབག་དཀར་ལྷ་མོའི་སྒྱུ་རྩལ་རྒྱུན་འཛིན་ལེགས་པར་བྱས་ཡོད་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »འབག་དཀར་ལྷ་མོའི་སྒྱུ་རྩལ་རྒྱུན་འཛིན་ལེགས་པར་བྱས་ཡོད་པ།
འབག་དཀར་ལྷ་མོའི་སྒྱུ་རྩལ་རྒྱུན་འཛིན་ལེགས་པར་བྱས་ཡོད་པ།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-04-02ལྟ་ཀློག (3712)རྩོམ་ཁུངས: མི་དམངས་དྲ་བ།པར་འདེབ།

      མི་དམངས་དྲ་བའི་འཕྲིན།    འབག་དཀར་ལྷ་མོ་ནི་ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ནས་བྱུང་བ་ཡིན་ལ། མིག་སྔའི་བར་དུ་ལོ་600ལྷག་གི་ལོ་རྒྱུས་ལྡན། འབག་ དཀར་ལྷ་མོ་ནི་བོད་ཀྱི་རིག་གནས་ཀྱི“འགྱུར་རྡོ་གསོན་པོ”དང་།    བོད་ཀྱི་ལྷ་མོའི་སྲོལ་གཏོད་མེས་པོ་ཡིན་པར་གྲགས།   དེ་ནི་ལྷ་མོ་འདི་འཁྲབ་མཁན་གྱིས་ར་ལྤགས་དཀར་པོས་བཟོས་པའི་གདོང་འབག་སྤྲས་ཏེ་འཁྲབ་སྟོན་བྱེད་ཀྱི་ཡོད་པས་མིང་ལ་ཡང་འབག་དཀར་ལྷ་མོ་ཞེས་གྲགས་པ་རེད།
     དུས་རབས་བཅུ་བཞི་པའི་དུས་མཇུག་ཏུ་ཐང་སྟོང་རྒྱལ་པོས་ཡར་ཀླུང་གཙང་པོ་སོགས་ཆུ་བོ་དང་གཙང་པོ་ཐོག་ལྕགས་ཟམ་སྐྲུན་པའི་མ་དངུལ་གྲབས་གསོག་བྱེད་ཆེད།   བུ་མོ་བདུན་གྱིས་གྲུབ་པའི་ལྷ་མོ་ཚོགས་པ་ཞིག་བཙུགས་ཏེ་ཡར་ཀླུང་འཕྱོངས་རྒྱས་རྒྱུད་དུ་ལྷ་མོ་འཁྲབ་སྟོན་བྱས་པ་རེད།   ཐང་སྟོང་རྒྱལ་པོས་ལྷ་མོ་འཁྲབ་སྟོན་བྱས་ཏེ་ཞལ་འདེབས་བསྡུས་པའི་རྒྱུ་དངུལ་ལ་བརྟེན་ནས་ལྕགས་ཟམ་13བསྐྲུན་པ་རེད།   ཁོང་གིས་ལྕགས་ཟམ་བསྐྲུན་པ་མ་ཟད།   སྙན་ཞིང་གཟིགས་མོ་ཆེ་བའི་ལྷ་མོ་ཡང་མང་པོ་བརྩམས་ཤིང་འཁྲབ་སྟོན་བྱས་པས་འབག་དཀར་ལྷ་མོ་ཡུལ་ལུང་ཀུན་ཏུ་གྲགས་པར་གྱུར།
     རྗེས་སུ་བོད་ཀྱི་ལྷ་མོའི་སྒྱུ་རྩལ་མི་རབས་ནས་མི་རབས་བར་གྱི་སྒྱུ་རྩལ་པ་ཚོས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་མ་ཟད།   ལྷ་མོ་འཁྲབ་ལུགས་མི་འདྲ་བ་མང་པོའང་བྱུང་ཞིང་། དམངས་ཁྲོད་དུ་ས་ཆ་མི་གཅིག་པ་དང་།  ཡུལ་དུས་མི་འདྲ་བ།   ཡུལ་སྲོལ་གོམས་གཤིས་མི་འདྲ་བ།   ཆོས་ལུགས་ཆོ་ག་མི་གཅིག་པ་སོགས་ལ་གཞིགས་ནས་ཡུལ་བབ་དང་མཐུན་པའི་ལྷ་མོའི་འཁྲབ་གཞུང་གསར་རྩོམ་དང་འཁྲབ་སྟོན་བྱེད་ཀྱི་ཡོད་པ་རེད།

༄༅།།འབག་དཀར་ལྷ་མོའི་སྒྱུ་རྩལ་རྒྱུན་འཛིན་ལེགས་པར་བྱས་ཡོད་པ།



རྩོམ་སྒྲིག་འགན་འཁུར་བ།  མགར་རྩེ་ཉི་ཟེར།    འབའ་སྣང་གྲོལ།   ཨ་བུ་འབྲོང་།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xvn2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23503269
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།