ཨ་རབ་ཀྱི་གསར་འགྱུར་ཞིག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཨ་རབ་ཀྱི་གསར་འགྱུར་ཞིག
ཨ་རབ་ཀྱི་གསར་འགྱུར་ཞིག
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-04-01ལྟ་ཀློག (3920)རྩོམ་ཁུངས: མཚོ་སྔོན་བོད་སྐད་དྲྭ་ཚིགས།པར་འདེབ།

ཨ་རབ་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ནས་ཨ་རབ་རྒྱལ་ཁབ་ཀྱི་མཉམ་འབྲེལ་དམག་དཔུང་འཛུགས་རྒྱུ་ཐག་བཅད།

3月29日,埃及总统塞西出席在埃及沙姆沙伊赫举行的阿拉伯国家联盟首脑会议的闭幕会议。当日,埃及总统塞西在阿拉伯国家联盟首

      ཟླ་གསུམ་པའི་ཚེས་ཉེར་དགུའི་ཉིན།   ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཨེ་ཅིབ་ཧྲ་མུའུ་ཧྲ་དབྱེ་ཧི་ནས་བསྡུས་པའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་མཇུག་བསྡུ་བའི་ཚོགས་འདུར་ཞུགས།    ཉིན་དེར་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་མཇུག་བསྡུ་བའི་ཚོགས་འདུའི་སྟེང་བཤད་རྒྱུར།    ཨ་རབ་རྒྱལ་ཁབ་ཀྱི་མགོ་གཙོས་ཨ་རབ་རྒྱལ་ཁབ་ཀྱི་མཉམ་འབྲེལ་དམག་དཔུང་འཛུགས་པར་ཡིད་འཐད་བྱུང་ཡོད་ཟེར།

3月29日,也门外长里亚德·亚辛出席在埃及沙姆沙伊赫举行的阿拉伯国家联盟首脑会议的闭幕会议。.jpg

     ཟླ་གསུམ་པའི་ཚེས་ཉེར་དགུའི་ཉིན། ཡེ་མིན་གྱི་ཕྱི་འབྲེལ་བློན་ཆེན་ཡཱ་ཞིན་ཨེ་ཅིབ་ཀྱི་ཧྲ་མུའུ་ཧྲ་དབྱེ་ཧི་ནས་བསྡུས་པའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་མཇུག་བསྡུ་བའི་ཚོགས་འདུར་ཞུགས།

      ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་སྐབས་ཉེར་དྲུག་པ་ཚེས་ཉེར་དགུའི་ཉིན་ཨེ་ཅིབ་ཀྱི་ཧྲ་མུའུ་ཧྲ་དབྱེ་ཧི་ནས་གྲོལ།     གྲོས་ཚོགས་ནས་ཨ་རབ་རྒྱལ་ཁབ་ཀྱི་མཉམ་འབྲེལ་དམག་དཔུང་འཛུགས་རྒྱུ་ཐག་བཅད་པར་མ་ ཟད། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་རྩ་འཛུགས་ཀྱིས་མཚོན་ཆ་བསྐྱུར་ནས་བཙན་བཟུང་བྱས་ པའི་ས་ཁོངས་ནས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན།

      སྐབས་འདིའི་མཐོ་རིམ་གྲོས་ཚོགས་ནས་ཨ་རབ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་བརྗོད་སྙིང་ཡིན་པའི་ཧྲ་མུའུ་ཧྲ་དབྱེ་ཧིའི་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་།   བསྒྲགས་གཏམ་ལས་བཤད་རྒྱུར།   ཨ་རབ་རྒྱལ་ཁབ་ཀྱིས་མཉམ་དུ་མིག་སྔའི་ས་ཁུལ་གྱི་བདེ་འཇགས་ཐད་གནས་པའི་འགྲན་རྩོད་དང་སྔར་ལས་ཛ་དྲག་ཏུ་འགྱུར་བཞིན་པའི་བདེ་འཇགས་གནས་བབ་ཐག་གཅོད་བྱེད་པ་དང་།   དེའི་ཐད་སྔོན་འགོག་འགུལ་སྐྱོད་སྤེལ་བའི་ཆོད་སེམས་ཡོད་ཟེར།    བསྒྲགས་གཏམ་ལས་ད་རུང་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་རྩ་འཛུགས་ཀྱིས་མཚོན་ཆ་བསྐྱུར་ནས་རྒྱལ་ས་སཱ་ནཱ་དང་བཅས་པའི་བཙན་བཟུང་ས་ཁུལ་ནས་ཕྱིར་འཐེན་བྱས་ཏེ།   ཡེ་མིན་གྱི་བདེ་འཇགས་དང་བརྟན་འཇགས་སླར་གསོ་བྱེད་དགོས་པའི་རེ་བ་བཏོན་ཡོད།

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཉིན་དེར་མཇུག་བསྡུ་བའི་ཚོགས་འདུའི་སྟེང་བཤད་རྒྱུར།    ཨ་རབ་རྒྱལ་ཁབ་ཀྱི་མཉམ་འབྲེལ་དམག་དཔུང་གིས་འབྲེལ་ཡོད་རྒྱལ་ཁབ་ཀྱི་རེ་བ་ལྟར་དུ་མངའ་ཁོངས་བདེ་འཇགས་དང་རྒྱལ་ཁབ་བདག་དབང་ལ་ཐད་ཀར་དུ་འཇིགས་ཉེན་ཐེབས་པའི་ཁོངས་གཏོགས་རྒྱལ་ཁབ་ལ་དམག་དོན་འགུལ་སྐྱོད་སྤེལ་བ་དང་།   དབང་ཆ་བསྩལ་ནས་ལག་བསྟར་བྱེད་པའི་ལས་འགན་གཞན་པ་སོགས་ཀྱི་འགན་ཁུར་དགོས་ཟེར།    དེ་ལས་གཞན་མཉམ་འབྲེལ་དམག་དཔུང་རྩ་འཛུགས་བྱེད་པའི་གནད་དོན་དང་འཁོར་སྐྱོད་ནང་རྐྱེན་ལ་གྲོས་བསྡུར་བྱེད་པའི་འགན་ཁུར་བའི་མཐོ་རིམ་ཨུ་ཡོན་ལྷན་ཁང་ཞིག་ཟླ་གཅིག་གི་དུས་ཚོད་ནང་འཛུགས་རྒྱུ་ཡིན་པ་དང་།    མཉམ་འབྲེལ་དམག་དཔུང་རྩ་འཛུགས་བྱེད་པའི་མཇུག་མཐའི་མཇུག་འབྲས་དེ་ཟླ་གསུམ་གྱི་ ནང་ཆེད་དོན་གྲོས་ཚོགས་ལ་བརྟེན་ནས་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར།

3月29日,在埃及沙姆沙伊赫,阿拉伯国家联盟(阿盟)秘书长阿拉比在新闻发布会上讲话。.jpg

      ཟླ་གསུམ་པའི་ཚེས་ཉེར་དགུའི་ཉིན། ཨེ་ཅིབ་ཀྱི་ཧྲ་མུའུ་ཧྲ་དབྱེ་ཧི་ནས། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཨ་ལཱ་པུས་ཀྱིསི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་བཞིན་པ།

      ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཨ་ལཱ་པུས་ཀྱིས་ཨ་རབ་རྒྱལ་ཁབ་ཀྱི་མཉམ་འབྲེལ་དམག་དཔུང་རྩ་འཛུགས་བྱེད་པ་དེས་ཨ་རབ་མནའ་འབྲེལ་ལ་གསོན་ཤུགས་གསར་བ་རྒྱས་སྲིད་པར་བཤད།   ཁོས་ད་རུང་མཉམ་འབྲེལ་དམག་དཔུང་གིས་སི་རི་ཡཱའི་ཉམས་ཉེན་དང་ཕཱ་ལེ་སི་ཐན་སོགས་ཀྱི་གནད་དོན་ལ་ཐེ་གཏོགས་བྱེད་མི་སྲིད་ཟེར།   ཡེ་མིན་གྱི་གནས་བབ་ཐད་ནས་ཨ་ལཱ་པུས་ཀྱིས་བཤད་རྒྱུར།   ཨ་རབ་རྒྱལ་ཁབ་དག་གིས་ཡེ་མིན་གྱི་དམག་དོན་ཐེ་གཏོགས་འགུལ་སྐྱོད་དེ་ཧུའུ་སེ་དྲག་ཆས་རྩ་འཛུགས་ཀྱིས་མཚོན་ཆ་བསྐྱུར་ནས་བཙན་བཟུང་ས་ཁུལ་ནས་ཕྱིར་འཐེན་བྱེད་རག་བར་མུ་མཐུད་དུ་སྤེལ་རྒྱུ་ཡིན་ཟེར།

     སྐབས་འདིའི་ཨ་རབ་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། གྲོས་ཚོགས་ལ་ཞུགས་པའི་ཨ་རབ་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་ཡེ་མིན་དང་ལི་པུ་ཡཱ། སི་རི་ཡཱ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ། ས་ཁུལ་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་སོགས་གནད་དོན་ཐད་ནས་གྲོས་བསྡུར་བྱས།


རྩོམ་སྒྲིག་འགན་འཁུར་བ།    མགར་རྩེ་ཉི་ཟེར།   འབའ་སྣང་གྲོལ།    ཨ་བུ་འབྲོང་།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། eb4i བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23504048
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།