ཞི་ཅིན་ཕེན་གྱིས་ཝུ་ཀན་ཏའི་ཙུང་ཐུང་མུའུ་སེ་ཝེ་ཉི་དང་གྲོས་མོལ་མཛད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཞི་ཅིན་ཕེན་གྱིས་ཝུ་ཀན་ཏའི་ཙུང་ཐུང་མུའུ་སེ་ཝེ་ཉི་དང་གྲོས་མོལ་
ཞི་ཅིན་ཕེན་གྱིས་ཝུ་ཀན་ཏའི་ཙུང་ཐུང་མུའུ་སེ་ཝེ་ཉི་དང་གྲོས་མོལ་མཛད།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-04-01ལྟ་ཀློག (3939)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

    ཟླ་གསུམ་པའི་ཚེས་སོ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཝུ་ཀན་ཏའི་ཙུང་ཐུང་མུའུ་སེ་ཝེ་ཉི་དང་གྲོས་མོལ་མཛད། གྲོས་མོལ་མ་བྱས་གོང་། ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མའི་ནང་མཛད་སྒོ་བསྡུས་ཏེ་མུའུ་སེ་ཝེ་ཉི་ལ་དགའ་བསུ་ཞུས།

     ཟླ་གསུམ་པའི་ཚེས་སོ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཝུ་ཀན་ཏའི་ཙུང་ཐུང་མུའུ་སེ་ཝེ་ཉི་དང་གྲོས་མོལ་མཛད། གྲོས་མོལ་མ་བྱས་གོང་། ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མའི་ནང་མཛད་སྒོ་བསྡུས་ཏེ་མུའུ་སེ་ཝེ་ཉི་ལ་དགའ་བསུ་ཞུས།
 

        རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཝུ་ཀན་ཏའི་ཙུང་ཐུང་མུའུ་སེ་ཝེ་ཉི་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་ཝུ་ཀན་ཏའི་བར་གྱི་མཛའ་བཤེས་དང་གཉིས་ཕན་མཉམ་ལས་འབྲེལ་བར་གདེང་འཇོག་ཚད་མཐོན་པོ་མཛད་པར་མ་ཟད། མཉམ་དུ་གོ་སྐབས་དམ་འཛིན་དང་བབ་བསྟུན་མདུན་སྐྱོད་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་གྲོས་མོལ་མངོན་འགྱུར་བྱས་ཏེ། ཀྲུང་གོ་དང་ཝུ་ཀན་ཏ་གཉིས་ཀྱི་འབྲེལ་བ་དེ་འདྲ་མཉམ་དང་ཕན་ཚུན་བར་ཡིད་ཆེས། མཉམ་ལས་གཉིས་རྒྱལ་གྱི་རྣམ་པ་གསར་བའི་རྒྱལ་སྤྱིའི་གྲོགས་པོའི་འབྲེལ་བའི་མིག་དཔེར་བསྒྱུར་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ཀྱི་འབྲེལ་བ་མཉམ་དུ་འཕེལ་རྒྱས་སུ་གཏོང་རྒྱུར་འཐད་པ་བྱུང་།

    ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཝུ་ཀན་ཏ་གཉིས་བར་སྲོལ་རྒྱུན་མཛའ་བཤེས་ཟབ་མོ་ལྡན།   རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ང་གསུམ་ལོན་པའི་རིང་ལ།    རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཛའ་མཐུན་གཉིས་ཕན་མཉམ་ལས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཏེ།    རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་དངོས་བསྐྲུན། ཙུང་ཐུང་མུའུ་སེ་ཝེ་ཉི་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་བ་ཡིན་ལ།   ཀྲུང་གོ་དང་ཝུ་ཀན་ཏ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་མཁན་ཡང་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཝུ་ཀན་ཏ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས།   ཕྱོགས་གཉིས་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། གཉིས་ཕན་མཉམ་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་ཏེ།   ཀྲུང་གོ་དང་ཝུ་ཀན་ཏ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ལ་སྟོབས་ཤུགས་གསར་བ་སྣོན་འདོད་ཡོད་ཟེར།

      མུའུ་སེ་ཝེ་ཉི་ཡིས་བཤད་རྒྱུར།   ཝུ་ཀན་ཏ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་འཕེལ་རྒྱས་འཐབ་ཇུས་དང་ཕྱི་ཕྱོགས་མཉམ་ལས་སྲིད་ཇུས་ཐད་ནས་ཀྲུང་གོར་འབྲེལ་གཏུག་བཟང་བོ་བྱེད་པ་དང་།    ཨ་ཧྥེ་རི་ཁར་མ་དངུལ་གཏོང་བ་དང་ལས་བསྐྲུན་བྱེད་པའི་ཀྲུང་གོའི་ཁེ་ལས་བར་འཐབ་ཇུས་འབྲེལ་འདྲིས་བྱས་ནས།   ཆུ་གློག་དང་།    ལྕགས་ལམ་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་།   རྡོ་སྣུམ།   གཏེར་ཐོན།    གནས་སྐོར།    བཟོ་ལས་ཐོན་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།

གྲོས་མོལ་བྱས་རྗེས།   རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་དཔལ་འབྱོར་ལག་རྩལ་མཉམ་ལས་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན།     མི་སྣ་གསོ་སྦྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་ཞུགས།



རྩོམ་སྒྲིག་འགན་འཁུར་བ།    མགར་རྩེ་ཉི་ཟེར།   འབའ་སྣང་གྲོལ།    ཨ་བུ་འབྲོང་།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 30r6 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23530131
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།