༢༠༡༢ལོར་འབྲི་ཆུའི་སློབ་གྲྭ་ཞེས་པའི་ཁོར་སྲུང་བྱ་འགུལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བྱ་འགུལ་ངོ་སྤྲོད། » ༢༠༡༢ལོར་འབྲི་ཆུའི་སློབ་གྲྭ་ཞེས་པའི་ཁོར་སྲུང་བྱ་འགུལ།
༢༠༡༢ལོར་འབྲི་ཆུའི་སློབ་གྲྭ་ཞེས་པའི་ཁོར་སྲུང་བྱ་འགུལ།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-03-31ལྟ་ཀློག (14896)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སློབ་གླིང་ལྗང་སྒྱུར་ཚན་ཆུང་གིས་སྤེལ་བའི་འབྲི་ཆུའི་སློབ་གྲྭ་ཞེས་པའི་བྱ་འགུལ་བདེ་བླག་ངང་སྤེལ་བ།

        ༢༠༡༢ལོའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གླིང་ལྗང་སྒྱུར་ཚན་ཆུང་གིས་སྤེལ་བའི་འབྲི་ཆུའི་སློབ་གྲྭ་ཞེས་པའི་བྱ་འགུལ་ནི་ཚོགས་གཙོ་མཁའ་ཁྱབ་དང་ཚོགས་མི་དཀོན་མཆོག   ཤེས་རབ་ཀུན་གསལ།  སྐལ་བཟང་ངག་དབང་།  ཐུབ་བསྟན་བཤད་སྒྲུབ་དང་རྟ་མགྲིན་ཐར།  ཐོས་བསམ་རྒྱ་མཚོ།    ཀརྨ་བཅས་ཀྱིས་སེམས་ཀྱི་ཉི་ཟླའི་ཞིང་གྲོང་རྒྱུན་འཁྱོངས་ཚོགས་པའི་(香格里拉城镇可持续协会)ལས་གཞིའི་རྣམ་གྲངས་ཀྱི་རོགས་སྒྲུབ་འོག   འབྲི་ཆུའི་སློབ་གྲྭ་(长江水学校)ཞེས་པའི་ཁོར་ཡུག་སྲུང་སྐྱོབ་མཚོན་པའི་སྣུམ་ཚོན་རི་མོའི་འགྲན་སྡུར་གྱི་བྱ་འགུལ་སྤེལ།

        དེ་ཡང་༼ འབྲི་ཆུའི་སློབ་གྲྭ ༽ཞེས་པའི་ཁོར་སྲུང་བརྗོད་གཞི་བྱས་པའི་སྣུམ་ཚོན་རི་མོའི་འགྲན་བསྡུར་འདི་ནི་སེམས་ཀྱི་ཉི་ཟླ་ཞིང་གྲོང་རྒྱུན་འཁྱུངས་ཚོགས་པ་ཞེས་པས་རྒྱལ་ཡོངས་ཀྱི་འབྲི་ཆུའི་ཉེ་འཁོར་གྱི་འབྲིང་རིམ་སློབ་གྲྭ་དག་ལ་དམིགས་ནས་སྤེལ་བའི་ཁྱབ་རྒྱ་ཅན་གྱི་བྱ་འགུལ་ཞིག་ཡིན་ཞིང་།    བྱ་འགུལ་གྱི་དོན་སྙིང་ནི་སློབ་གྲོགས་སོ་སོའི་རང་གི་སེམས་ཁམས་ཀྱི་འདོད་མོས་སུ་ཡོད་པའི་དྭངས་གཙང་གི་འཇིག་རྟེན་དེ་རང་གི་པུར་རྩེ་ནས་འཛམ་གླིང་གི་མི་རིགས་གཞན་དང་རྒྱལ་ཁབ་གཞན་པའི་སློབ་གྲོགས་དག་གི་མིག་ལམ་དུ་འབུལ་རྒྱུ་དང་། དེའི་ཁྲོད་ནས་མི་རིགས་སོ་སོའི་འདུ་ཤེས་ཀྱི་ཀླུང་དུ་ཡོད་པའི་ཁོར་ཡུག་གསོན་པོ་དེ་བཞེངས་བསྐྲུན་བྱ་རྒྱུ་དེ་ཡིན། 

       རི་མོ་དག་གི་བརྗོད་བྱ་ཁོར་ཡུག་ཡིན་མོད།  གཙོ་བོ་ཆུ་གྲོན་ཆུང་བྱ་དགོས་པ་སྐོར་གྱི་ལྟ་བ་དང་ནང་དོན་མཚོན་དགོས་ཤིང་།  རང་ཉིད་ཀྱི་རེ་བ་ལྟར་ན་ཆུའི་རྣམ་པ་ཅི་འདྲ་ཞིག་ཡིན་ན་ད་གཟོད་སེམས་འཚང་ངེས་པ་དང་། ད་ལྟའི་ཆུའི་གནས་བབས་ལ་སེམས་ཁུར་དང་ལྟ་ཚུལ།  མ་འོངས་པའི་ཆུའི་རྣམ་པ་དང་གནས་བབས་ལ་རེ་བ་སོགས་མདོར་ན་ཆུའི་ཐིགས་པ་རེ་རེའང་ཚེ་སྲོག་གཅིག་གི་གྲུབ་ཆ་ཡིན་སྙམ་པའི་འདུ་ཤེས་བསྐྱེད་པར་བྱ་བ་དེའོ། །

སློབ་དཔོན་རྣམ་པས་རི་མོ་དཔྱད་འདེམས་གནང་བཞིན་པ།

ཚོགས་མི་དག་གིས་གཟེངས་རྟགས་གྲ་སྒྲིག་བྱེད་བཞིན་པ།


ཚན་ཆུང་གི་འཐུས་ཚབ་མི་སྣས་གཏམ་བཤད་གནང་བཞིན་པ།

བྱ་འགུལ་གྱི་དམིགས་ཡུལ་དང་དོན་སྙིང་གསར་བསྒྲགས་བྱེད་བཞིན་པ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་བྱ་འགུལ་གྱི་མཇུག་བསྡུས་པ།

སློབ་གླིང་ལྗང་སྒྱུར་ཚན་ཆུང་གི་ཚོགས་མི་དག་གི་མཉམ་པར།

ཚོགས་རའི་ཟུར་ཞིག

བྱ་དགའ་ཐོབ་པའི་སློབ་གྲོགས་དག་དང་དགེ་རྒན་རྣམ་པ་དང་སློབ་གླིང་ལྗང་སྒྱུར་ཚན་ཆུང་གི་ཚོགས་མི་བཅས་ཀྱི་མཉམ་པར།

ཁྲིད་སྟོན་དགེ་སྟོན།         དགེ་རྒན་གྱི་ལིང་འཇིགས་མེད།

མཛུབ་སྟོན་དགེ་རྒན།       དགེ་རྒན་གཟུངས་མོ་སྐྱིད།

རོགས་སྒྲུབ་ཚོགས་པ།      སེམས་ཀྱི་ཉི་ཟླའི་ཞིང་གྲོང་རྒྱུན་འཁྱོངས་ཚོགས་པ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། khan བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23502266
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།