མཐོ་སྒང་འབྲོག་མིའི་ལག་རྩལ་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» གངས་ལྗོངས་གཅེས་ནོར། »མཐོ་སྒང་འབྲོག་མིའི་ལག་རྩལ་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེ།
མཐོ་སྒང་འབྲོག་མིའི་ལག་རྩལ་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེ།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-03-30ལྟ་ཀློག (5843)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྨ་ཆེན་རྫོང་མཐོ་སྒང་འབྲོག་མིའི་ལག་རྩལ་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེ།

        རྨ་ཆེན་རྫོང་མཐོ་སྒང་འབྲོག་མིའི་ལག་རྩལ་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེ་ནི་མགོ་ལོག་ཁུལ་རྨ་ཆེན་རྫོང་གི་རྭ་རྒྱ་གྲོང་རྡལ་དང་རྟ་བོ་གྲོང་རྡལ།   འབའ་རྫོང་གི་རྐ་འབའ་སུམ་མདོ་གྲོང་རྡལ་དང་རྨ་བྱང་ཡུལ་ཚོ།  ཞོལ་མ་ཡུལ་ཚོ་སོགས་ཉེ་འཁོར་གྱི་གྲོང་རྡལ་དང་ཡུལ་ཚོ་ལྔ་ཡི་འབྲོག་དམངས་ཀྱི་རང་འདོད་ཀྱིས་བཙུགས་པའི་དམངས་ཁྲོད་ཆེད་གཉེར་མཉམ་སྒྲུབ་ཀྱི་དཔལ་འབྱོར་རྩ་འཛུགས་ཤིག་སྟེ་རྩ་འཛུགས་དང་ཐོན་སྐྱེད།   ཞབས་ཞུ།  ལས་སྣོན།  ལས་གཉེར།  འཕེལ་རྒྱས་སོགས་ཧྲིལ་གཟུགས་གཅིག་ཏུ་བྱེད་པའི་འབྲོག་དམངས་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེ་ཞིག་ཡིན། དེ་ནི་༢༠༠༩ལོའི་ཟླ་༡༢བའི་ཚེས་༡ཉིན་ལ་དབུ་བརྙེས། མཉམ་སྒྲུབ་ཚོང་སྡེས་རང་མོས་དང་གཉིས་ ཕན། དམངས་གཙོ་འདྲ་མཉམ་གྱི་རྩ་དོན་ལ་བརྩི་སྲུང་ བྱས་ཏེ་ཁོངས་མི་ཡོངས་གྲོས་མཐུན་གྱིས་ལག་དངུལ་སྒོར་ཁྲི་༡༣༣བཏང་། ཚོང་སྡེའིཁོངས་མི་ཁྱིམ་ཚང་༡༢༦གིས་གྲུབ།   དེའི་ནང་དུ་ལས་འཛིན་ལྷན་ཚོགས་ལ་མི་ ༩དང་། ལྟ་ཞིབ་ལྷན་ཚོགས་ལ་མི་༣་བསྐོ་བཞག་བྱས་ཡོད།

        མཉམ་སྒྲུབ་ཚོང་སྡེ་ཡིས་དམངས་སྒྲུབ་དང་དམངས་ཀྱིས་དོ་དམ།   དམངས་ལ་ཁེ་ཕན་ཐོབ་པའི་རྩ་དོན་གཞིར་བཟུང་།   ཧུར་བརྩོན་ཆེན་པོའི་རྒྱ་ཆེར་ཁོངས་མི་ལ་ཐོན་སྐྱེད་རྒྱུ་ཆ་དང་ལག་རྩལ།   བརྡ་འཕྲིན།   སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་ཀྱི་བློ་འདྲི་དང་ཞབས་ཞུའི་བྱ་བ་སྒྲུབ་བཞིན་ཡོད།   ཁྲིམས་མཐུན་གྱིས་ཁོངས་མི་ཁྱིམ་ཚང་གི་འགན་གཙང་ལེན་བྱེད་པའི་མི་རིགས་ཀྱི་རྒྱན་གོས་སྣ་ཚོགས་ལ་ལས་སྣོན་དང་།   སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ་ཐོན་རྫས་དང་ཡུལ་སྐོར་དྲན་རྟེན་ཐོན་རྫས།   ཐང་ཁའི་སྒྱུ་རྩལ།   བོད་ལུགས་འཛུགས་སྐྲུན་སོགས་ཀྱི་ཚོང་རའི་ལས་གཉེར་སྤེལ་བཞིན་ཡོད།

      མཉམ་སྒྲུབ་ཚོང་སྡེས་ད་དུང་མ་དངུལ་བཏང་སྟེ་རྭ་རྒྱ་གྲོང་རྡལ་ནས་མི་རིགས་གྱོན་ཆས་འཚེམ་བཟོ་ཁང་ཞིག (འབའ་རྫོང་གི་རྨ་བྱང་ཡུལ་ཚོ་དང་ཞོལ་མ་ཡུལ་ཚོ་ནས་ཡན་ལག་ཚོང་ཁང་ཞིག་བཙུགས་ཡོད)པ་དང་སོ་ཕག་ཁོག་སྟོང་བཟོ་གྲྭ་ཞིག    ལྷ་སྤོས་དང་རྩམ་པ་ལས་སྣོན་བཟོ་གྲྭ།   ལྕགས་རིགས་ཚ་ལ་ཁང་།   མགྲོན་ཁང་།    རྡོ་བརྐོས་ཆོས་དཔེ་སོགས་བཙུགས་ཡོད་པ་དེས་མཉམ་སྒྲུབ་ཚོང་སྡེ་ཡི་དཔལ་འབྱོར་ཡོང་སྒོ་ལ་ཁ་སྣོན་དང་མཐའ་འཁོབ་ས་ཁུལ་གྱི་འབྲོག་པ་མང་ཚོགས་ལ་སྟབས་བདེ་བསྐྲུན་ཡོད།

རྨ་ཆེན་རྫོང་མཐོ་སྒང་འབྲོག་མིའི་ལག་རྩལ་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེའི་ལས་ཀའི་ནང་དོན།

      མཉམ་སྒྲུབ་ཚོང་སྡེ་འདིས་ཁོངས་མི་ཞབས་འདེགས་ཞུ་ཡུལ་བྱས་ཏེ་ཁོངས་མི་ཡོངས་ལ་མཉམ་སྒྲུབ་ཚོང་སྡེ་ལས་ གཉེར་བརྒྱུད་ནས་ཚོང་རའི་ཁེ་ཕན་ཐོབ་པ་དང་འཆམ་མཐུན་ལས་ཁུལ་འཛུགས་སྐྲུན། མཉམ་དུ་འབྱོར་ཕྱུག་གི་ ལམ་ལ་འགྲོ་བར་བསྙེག་པའི་དགོངས་དོན་གཞིར་བཟུང་ཡོད། ཁྲིམས་མཐུན་གྱིས་ཁོངས་མི་ཁྱིམ་ཚང་གི་འགན་ གཙང་ལེན་བྱེད་པའི་མི་རིགས་ཀྱི་རྒྱན་གོས་སྣ་ཚོགས་ལ་ལས་སྣོན་དང་། སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ་ཐོན་རྫས་དང་ ཡུལ་སྐོར་དྲན་རྟེན་ཐོན་རྫས། ཐང་ཁའི་སྒྱུ་རྩལ། བོད་ལུགས་འཛུགས་སྐྲུན་སོགས་དང་འབྲེལ་ཡོད་ཀྱི་ཐོན་སྐྱེད་རྒྱུ་ ཆ་དང་ལག་རྩལ། སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་ཀྱི་བློ་འདྲི་དང་ཞབས་ཞུའི་བྱ་བ་སྤེལ་བཞིན་ཡོད།

གཙོ་བོའི་ལས་ཀའི་ནང་དོན་གཤམ་ལྟར།

དང་བོ།

       ཁོངས་མི་ལ་མི་རིགས་ཀྱི་རྒྱན་གོས་སྣ་ཚོགས་ལས་སྣོན་དང་། སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ་ཐོན་རྫས་དང་ཡུལ་སྐོར་དྲན་རྟེན་ཐོན་རྫས། ཐང་ཁའི་སྒྱུ་རྩལ། བོད་ལུགས་འཛུགས་སྐྲུན། ཕྱིར་འཚོང་། ཐུམ་རྒྱག    རྟགས་སྐྲུན་པ། མ་དངུལ་རྒྱབ་སྐྱོར་སོགས་ཀྱི་ཚོང་རའི་ལས་གཉེར་བྱ་འགུལ་སྤེལ་བ།

གཉིས་པ།

         ཉོ་སྒྲུབ་རྩ་འཛུགས་བྱས་ཏེ་འབྲོག་པ་ཁོངས་མི་ལ་དགོས་མཁོ་ཡོད་པའི་ཐོན་སྐྱེད་རྒྱུ་ཆ་མཁོ་སྤྲོད་བྱེད་པ། 

གསུམ་པ།

         བསྡུ་ཉོ་རྩ་འཛུགས་བྱས་ཏེ་ཁོངས་མིས་ཐོན་སྐྱེད་བྱེད་པའི་ལས་སྣོན་ཐོན་རྫས་འཚོང་བ།

བཞི་བ།

       ཁོངས་མིའི་བར་དང་དཔལ་འབྱོར་དངོས་ཡོད་སྒྲིག་གཞི་སོ་སོའི་བར་བརྡ་འཕྲིན་བློ་འདྲི་དང་ལག་རྩལ་འདོན་སྤེལ་དང་ནང་འདྲེན། ཚོང་ར་གསོ་སྐྱོང་། ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་རྒྱ་ཆེར་སྤེལ་བ།

ལྔ་བ།

     སྙིང་རྗེ་དང་ཕན་བདེ།  ཉེན་སྲུང་ཞབས་ཞུ།   སྨན་བཅོས་དང་བདེ་ཐང་ལས་དོན་འཕེལ་རྒྱས་སུ་གཏོང་བ།

དྲུག་པ།

     ཆེད་ལས་དང་སྤྱིར་བཏང་སློབ་གསོ་འཕེལ་རྒྱས་གཏོང་བ་དང་ཁོངས་མིའི་ཕྱོགས་ཡོངས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བ། ཆ་མཐུན་སྤྱི་ཚོགས་འཛུགས་སྐྲུན་སྤེལ་བ་དང་། དེའི་མ་ཟད་གཞན་པའི་སྤྱི་ཚོགས་ཀྱི་ཞབས་ཞུའི་བྱ་བ་སྤེལ་བ།



རྩོམ་སྒྲིག་འགན་འཁུར་བ།    མགར་རྩེ་ཉི་ཟེར།   འབའ་སྣང་གྲོལ།    ཨ་བུ་འབྲོང་།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 52u8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23534142
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།