|
|
ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན། | རྩོམ་སྒྲིག་པ། ཁྰ་ཤེས་རབ་རྒྱ་མཚོ། | སྤེལ་དུས 2015-03-30 | ལྟ་ཀློག (9613) | རྩོམ་ཁུངས: ངེད་དྲ་བ། | པར་འདེབ། |
|
ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན།
ཤིང་བཟའ་སྐལ་བཟང་རྒྱ་མཚོ་ལགས་ནི། ༡༩༢༥ལོར་མཛོད་དགེ་ཨ་སྐྱིད་དུ་སྐུ་འཁྲུངས།
དགུང་ལོ་བདུན་གྱི་སྟེང་གཉན་ཐོག་རིན་པོ་ཆེ་སྐལ་བཟང་ཐབས་མཁས་རྒྱ་མཚོའི་དྲུང་ནས་རབ་ཏུ་བྱུང་ཞིང༌། མཚན་ལ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ།
དགུང་ལོ་བཅུ་གཉིས་པ་མེ་གླང་ལོར་སྟག་ཚང་ལྷ་མོ་ཉིན་དུ་ཆོས་གྲྭར་ཞུགས་ནས་བཀའ་པོད་ལྔ་ལ་གསན་སྦྱོང་གི་མགོ་བརྩམས་ཏེ་ལོ་བཅུའི་བར་དུ་སྦྱངས་བ་མཛད།
༡༩༧༣ལོར་གསང་སྟབས་ཀྱིས་སྨན་ཡིག་རྙིང་བ་འཚོལ་བསྡུ་བྱས་ནས་རྩ་ཆུའི་བརྟག་པ་དང་།
ལྕེ་དང་གདུང་ལ་བརྟག་པ་སོགས་ལྗགས་རྩོམ་མཛད།
༡༩༧༩ལོར་རྒྱལ་ཡོངས་བོད་སྨན་གསོ་རིག་ཀུན་འདུས་རྩོམ་འབྲི་བྱེད་པའི་མགོ་ཚུགས།
ཟི་ལིང་ནས་ལོ་གསུམ་ལ་མན་ངག་ཡོན་ཏན་རྒྱུད་ཀྱི་ལེའུ་བདུན་ཅུ་དོན་གསུམ་རྩོམ་འབྲི་གནང་དགོས་པའི་བགོ་སྐལ་བབས།
སྨན་དཔེ་ཤིན་ཏུ་དཀོན་པས་བླ་བྲང་དང་སྡེ་དགེ་སོགས་ནས་སྨན་ཡིག་དུ་མ་དགུ་ཅུ་རྩ་གྲངས་ཤིག་ཡོད་པར་བཤད་པ་དང༌།
དཔེ་རྒྱུན་ཤིན་ཏུ་དཀོན་པ་སུམ་ཅུ་ལྷག་ཕྱག་བྲིས་མི་གནང་ཀ་མེད་བྱུང་ནས་འཚོལ་བསྡུ་བྱས་པས་བོད་ཀྱི་གསོ་རིག་གི་ལས་དོན་ལ་མཛད་རྗེས་ཉམས་པ་མེད་པ་བཞག
གཞན་ཟི་ལིང་དང༌། སྐུ་འབུམ། བྱ་ཁྱུང༌།
གཅན་ཚ་སོགས་དང་དེ་མིན་ཁུལ་དང་རྫོང་སོགས་སུ་བོད་སྨན་སྡེ་ཁག་མི་སྣ་སྐོར་ཚན་མང་པོར་སྔ་གཞུག་ཏུ་གསོ་རིག་གི་རྩ་བའི་ཤེས་བྱ་གཞུང་ཐོག་ནས་ཁྲིད་སྦྱོང་དང་ལག་ལེན་གྱི་མཛུབ་ཁྲིད་གནང༌།
བྱ་དགའ་དང་སྲིད་འཛིན་གོ་གནས་ནི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན།
རྨ་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང༌།
མཚོ་སྔོན་ཞིང་ཆེན་བོད་སྨན་ཁང༌། རྨ་ལྷོ་སོག་རྫོང་བོད་སྨན་ཁང༌།
གཅན་ཚ་རྫོང་བོད་སྨན་ཁང་བཅས་ཀྱི་མཚན་འཛིན་ཡོན་ཀྲང་གི་འགན་བཞེས་མྱོང༌།
རྒྱལ་ཡོངས་ཀྱི་ཚན་རིག་ཤེས་བྱའི་བྱ་དགའ་ཨང་དང་པོ་ཐོབ་པ་དང༌།
རྒྱལ་ཁབ་རིམ་པའི་བོད་སྨན་ཆེད་མཁས་ཀྱི་མཚན་སྙན་གནང་ཡོད།
༡༩༩༨ལོའི་ཟླ་བཞི་བའི་ཚེས་བཅུ་དྲུག་ཉིན་ལ་དགོངས་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ། །
ད་སྐབས་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་བྱས་པའི་ཁོང་གི་གསུང་འབུམ་པོད་བརྒྱད་བཞུགས།
|
| |
སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས། གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས། དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འབའ་སྣང་གྲོལ། རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།
|
|
འདྲེན་བཀོལ: |
|
|
དཔྱད་གཏམ (
1
)ཡོད། |
|
|
|
ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན། སྤེལ་མཁན།: གཙང་སྐྱེས་ཆུ་ཐིགས།
སྤེལ་དུས:2015/8/10 |
དམ་པ་ཁོང་གི་མཛད་འཕྲིན་བསྐལ་བའི་མཐར་ཡང་ནུབ་པ་མེད།abortions in nyc site atlanta abortion clinic |
|
|
|
པར་ངོས1/1 པར་ཡོད། |
|
|
|
|
|
|
འབྲེལ་གཏུག་བྱ་ཡུལ། ཁ་པར། 15283703999 E-mail:QQ:3267109906 |
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་། |
|
|
|
|