སྣང་རའི་པདྨ་རིག་འཛིན་གྱི་སྒྱུ་རྩལ་བརྩམས་ཆོས་བདམས་བཀོད།
སྣང་རའི་པདྨ་རིག་འཛིན་ནི1982ལོའི་ཟླ3པར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་སྣང་ར་ཞང་སྒེར་སྡེ་བར་སྐྱེས། ལོ་དྲུག་གི་སྟེང་ནས་སློབ་གྲྭར་འགྲིམས། ཆུང་དུས་ནས་རི་མོ་འབྲི་བར་ཤིན་ཏུ་དགའ། 2005ལོའི་ཟླ6པར་མཚོ་སྔོན་མི་རིགས་སློབ་ཆེན་སྒྱུ་རྩལ་སྡེ་ཁག་རུ(བོད་ཀྱི་སྲོལ་རྒྱུན་རི་མོའི་ཆེད་ལས)སློབ་མཐར་ཕྱིན། 2011ལོའི་ཟླ6པར་བོད་ལྗོངས་སློབ་གྲྭ་ཆེན་མོ་སྒྱུ་རྩལ་སློབ་གླིང་དུ(བོད་ཀྱི་རི་མོའི་ལག་རྩལ་ཁ་ཕྱོགས)ཞིབ་འཇུག་སློབ་མའི་སློབ་མཐར་ཕྱིན། 2005ལོའི་ཟླ་9པ་ནས2016ལོའི་ཟླ་6པའི་བར་ཀན་ལྷོ་ཁུལ་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་མཛེས་རྩལ་དགེ་རྒན་གྱི་བྱ་བ་གཉེར་ལ། རྨ་ཆུ་རྫོང་བོད་ཀྱི་སྲོལ་རྒྱུན་རི་མོའི་སྲུང་སྤེལ་ལྟེ་གནས་སམ་མཐུན་ཚོགས་ཀྱི་བྱ་བ་ཡང་གཉེར་མྱོང་ཡོད།
ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་སྒྱུ་རྩལ་སྡེ་ཁག་ཏུ་རི་མོའི་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད་ལ།
མཚོ་སྔོན་ཞིང་ཆེན་བཟོ་རིག་མཛེས་རྩལ་མཐུན་ཚོགས་ཀྱི་ལས་ཀ་གཉེར་བཞིན་ཡོད་པ་དང་། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སྡེ་ཁག་དུ་བོད་ཀྱི་རི་མོའི་ཁ་ཕྱོགས་ཀྱི་འབུམ་རམས་ཞིབ་འཇུག་སློབ་མའི་སློབ་གཉེར་གནང་བཞིན་ཡོད།
འཚེ་མེད་ཞི་བདེའི་དཔལ།

ཚ་ཞང་འདན་མ།
བཙན་པོ།
མི་ལ་རས་པ་དང་ཕུག་རོན་དཀར་མོ།
སྐྱེ་འཆི།
སྐྱེས་ཆེན་ཞིག་བཞུད་རྗེས།
ཨ་ཕ།
རིག་འཛིན།
ལྕགས་མོ་ཐར།
ཞི་བདེ་འབོད་པ།
གསར་འགོད་པ། མཁའ་འགྲོ་རྒྱལ།
|