​༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པའི་ལམ་སྟོན། ཁག་བདུན་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་བསྟན་རིག་གཞུང་། »​༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་
​༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པའི་ལམ་སྟོན། ཁག་བདུན་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2024-05-07ལྟ་ཀློག (575)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པའི་ལམ་སྟོན།


བཛྲ་ཚུལ་ཁྲིམས་རྒྱ་མཚོ། (བླ་བྲང)

「 དཔྱད 」གླེང་བསླངས་པའི་གཏམ། ༡

ལེའུ་དང་པོ། རྩོམ་འདི་འབྲི་བའི་ཀུན་སློང་།

「 དཔྱད 」རྩོམ་འདི་འབྲི་བའི་ཀུན་སློང་དང་པོ། ༢

「 དཔྱད 」རྩོམ་འདི་འབྲི་བའི་ཀུན་སློང་གཉིས་པ། ༣

 「 དཔྱད 」རྩོམ་འདི་འབྲི་བའི་ཀུན་སློང་གསུམ་པ།  ༤

ལེའུ་གཉིས་པ། ནང་བསྟན་གྱི་ཁྱད་ཆོས་བསྟན་པ།

 དཔྱད 」ནང་བསྟན་གྱི་ཁྱད་ཆོས། ༡ 

「 དཔྱད 」ནང་བསྟན་གྱི་ཁྱད་ཆོས། ༢ - ༣


ལེའུ་གཉིས་པ། ནང་བསྟན་གྱི་ཁྱད་ཆོས་བསྟན་པ།

༤ - ༥

བཞི་བ། རིགས་གཏན་དུ་མི་སད་ཅིང་གྲོལ་མི་རུང་བའི་སེམས་ཅན་མེད་པར་བསྟན་པ།    

རིགས་གཏན་ཆད་ཀྱི་སེམས་ཅན་མི་སྲིད་ཅིང་སེམས་ཅན་ཐམས་ཅད་འཚང་རྒྱ་རུང་དུ་སྔར་ཡང་བཤད་མོད། འོན་ཀྱང་གཞུང་ཆེན་པོ་དག་ལ་དཔྱིས་ཕྱིན་པར་མ་སྦྱངས་པར་ཚིག་ཙམ་ལ་འཁེལ་བ་འགའ་ཞིག་འདི་སྙམ་དུ། ནང་བའི་བསྟན་བཅོས་འགར་ཡང་རིགས་ཆད་པ་ཡོད་པར་གསུངས་པ་ཐོས་སོ་ཞེ་ན། སྤྱིར་རྒྱལ་བའི་བཀའ་ལའང་ཤིང་རྟ་ཆེན་པོ་དག་གིས་ཚིག་དོན་གྱི་དྲང་ངེས་གཉིས་ཕྱེས་པས། ལ་ལ་ནི་དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་ཚང་བའི་དྲང་དོན་དང༌། འགའ་ཞིག་ནི་ངེས་དོན་ཡིན་པས་ཐམས་ཅད་སྒྲས་ཟིན་སྒྲ་ཇི་བཞིན་དུ་ཁས་ལེན་མི་རུང་བའི་ཕྱིར། དེས་ན་མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པར་གསུངས་པ་དང་རིགས་ཆད་པ་ཡོད་པར་གསུངས་པ་ནི་དྲང་དོན་དང༌། མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་གསུངས་པ་དང་། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཁམས་བདེ་བར་གཤེགས་པའི་སྙིང་པོས་ཁྱབ་པར་གསུངས་པ་ནི་ངེས་དོན་དུ་ཤེས་པར་བྱའོ།། གལ་ཏེ་སེམས་ཅན་ཐམས་ཅད་འཚང་རྒྱ་རུང་མིན་ན། སེམས་ཅན་ཐམས་ཅད་ཀྱི་སེམས་རང་བཞིན་གྱིས་རྣམ་པར་དག་པ་མ་ཡིན་པར་འགྱུར། དེ་མིན་ན་ཤེས་བྱ་ལ་བདེན་པར་གྲུབ་པའི་ཆོས་སྲིད་པར་ཁས་ལེན་དགོས་པས་ཆོས་ཐམས་ཅད་བདེན་སྟོང་དུ་ཚད་མི་འགྲུབ་པའི་ཕྱིར་དོན་དམ་པའི་བདེན་པ་འཇོག་མི་ནུས་ལ། སེམས་བདེན་སྟོང་དུ་ཚད་མས་གྲུབ་ན་བདེན་འཛིན་བག་ཆགས་དང་བཅས་པའི་དྲི་མ་སེམས་ལ་འབྲལ་རུང་དུ་འགྱུར་ཏེ། དྲི་མ་གློ་བུར་བ་ཡིན་པར་རིགས་པ་དེ་ཉིད་ལ་བརྟེན་ནས་འགྲུབ་པའི་ཕྱིར། དྲི་མ་འབྲལ་རུང་དང་སེམས་ཀྱི་རང་བཞིན་ལ་མ་ཞུགས་ཤིང་དྲི་མ་འཇོམས་པའི་གཉེན་པོ་རྒྱུད་ལ་སྐྱེ་རུང་ཡིན་པའི་ཕྱིར་རོ།།

གཉེན་པོ་སྐྱེ་རུང་ཡིན་ཏེ། སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་དྲི་མ་འཇོམས་པར་བྱེད་པའི་ཐབས་ཡོད་པའི་ཕྱིར། དེར་ཐལ། བདག་མེད་རྟོགས་པའི་ཤེས་རབ་གོམས་པར་བྱས་པ་ལས་དྲི་མ་མཐའ་དག་ཟད་པར་བྱེད་ནུས་པའི་ཕྱིར། ཐབས་ཡོད་ཀྱང་ཤེས་པ་སུ་ཡང་མེད་པ་ཡང་མི་རིགས་ཏེ། སེམས་ཅན་གྱི་དོན་དུ་ཐབས་བདག་མེད་རྟོགས་པའི་ཤེས་རབ་གོམས་པ་མཐར་ཕྱིན་པའི་སྟོན་པ་ཚད་མའི་སྐྱེས་བུར་རིགས་པས་ལེགས་པར་གྲུབ་པའི་ཕྱིར། དེ་ཡོད་ཀྱང་ཐབས་ལ་དོན་གཉེར་དུས་ནམ་ཡང་སྐྱེ་བ་མི་སྲིད་པར་ཡང་འདོད་མི་རུང་སྟེ། སངས་རྒྱས་རྣམས་ཀྱིས་བསྐུལ་བ་ལ་བརྟེན་ནས་མངོན་མཐོ་ལ་དོན་གཉེར་མ་སྐྱེས་པའི་སེམས་ཅན་མི་སྲིད་པའི་ཕྱིར་དང་། ངེས་ལེགས་ལ་དོན་གཉེར་རེ་ཞིག་མ་སྐྱེས་ཀྱང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རིགས་གཉིས་དང་ལྡན་པའི་ཕྱིར་དང༌། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བཞེད་པའི་ཐུགས་རྗེ་ཉམས་པ་མི་མངའ་བས་རེ་ཞིག་གཅིག་ན་འཁོར་བའི་ཡིད་འབྱུང་བ་དང་མྱང་འདས་ལ་དོན་གཉེར་སྐྱེ་བར་འགྱུར་བའི་ཕྱིར། དེ་སྲིད་དུ་ཆུག་ཀྱང་ཐབས་དེ་སྟོན་པའི་གང་ཟག་མེད་དོ་ཞེ་ན། མི་རིགས་ཏེ། སེམས་ཅན་རང་གི་ངོས་ནས་དོན་གཉེར་སྐྱེས་པའི་ཚེ་སངས་རྒྱས་རྣམས་སེམས་ཅན་ལ་མ་བུ་གཅིག་པ་ལྟར་བརྩེ་བ་ཉམས་པ་མེད་པས་ཆོས་སྟོན་པའི་མཛད་པ་མི་འདོར་བའི་ཕྱིར། བསྟན་ཀྱང་ཐབས་དེ་ལ་ཞུགས་ནས་གོམས་པ་མི་སྲིད་པར་ཡང་འདོད་མི་རིགས་ཏེ། ནམ་ཞིག་རིགས་སད་བྱེད་ཀྱི་རྐྱེན་ཚང་ནས་རིགས་སད་པར་འགྱུར་བ་ཐེག་པ་ཆེན་པོ་རྒྱུད་བླ་མ་རྩ་འགྲེལ་སོགས་རྣམས་ལས་ལེགས་པར་སྒྲུབ་པའི་ཕྱིར།    དེས་ན་སེམས་ཅན་ཐམས་ཅད་འཚང་རྒྱ་རུང་དུ་མ་ཟད་སངས་རྒྱ་ངེས་ཡིན་པས་གཏན་ནས་གྲོལ་མི་རུང་བའི་སེམས་ཅན་མེད་པར་འདོད་ཅིང་རིགས་པས་གྲུབ་པའང་ནང་བ་སངས་རྒྱས་པ་ཁོ་ནའི་ཁྱད་ཆོས་ཡིན་པར་ཤེས་པར་བྱའོ།།

ལྔ་བ། སངས་རྒྱས་ནི་གཅིག་ཁོ་ན་ལས་མེད་པ་མ་ཡིན་ལ། མི་སུ་ཡང་རུང་འཚང་རྒྱ་རུང་བར་འདོད་པའི་ཁྱད་ཆོས།    རྒྱའི་ནང་བསྟན་གྱི་དཔེ་འགའ་ཞིག་ཏུ། སངས་རྒྱས་ཞེས་པ་ནི་ཤཱཀྱ་ཐུབ་པ་ཁོ་ན་ཡིན་ནོ་ཞེས་པ་ཤིན་ཏུ་ཁྱབ་ཆུང་ཞིང་དོན་དངོས་མིན་ལ། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས་ཞེས་པའི་དོན་རང་ཅག་ལས་དང་བོ་པ་དག་གི་བློར་ཤོང་དཀའ་ཡང༌། འཇིག་རྟེན་ན་གཞན་ལ་ཡོན་ཏན་སློབ་པའི་དགེ་རྒན་ནི་གཅིག་ཁོ་ན་མ་ཡིན་ཞིང་མང་དུ་ཡོད་པ་ལྟར་སངས་རྒྱས་ཀྱང་མང་དུ་ཡོད་ལ། ཡེ་ཤུའི་ཆོས་ལུགས་སོགས་ཀྱི་འདོད་པ་ལྟར་སངས་རྒྱས་དང་སེམས་ཅན་གཉིས་ནམ་ཡང་གཙོ་བྲན་ལས་སེམས་ཅན་སངས་རྒྱས་སུ་འགྱུར་མི་སྲིད་པ་མ་ཡིན་པར་ཐམས་ཅད་འཚང་རྒྱ་རུང་ཡིན་པ་ནི་གོང་དུ་བཤད་ཟིན་པ་ལྟར་རོ།།

--- མུ་འགོད། ---


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། fc4i བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25438271
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།