
དགེ་རྒན་དར་རྒྱས་ནི་སི་ཁྲོན་རྔ་བའི་ཁོངས་གཏོགས་ཨ་ལྗོངས་སྡེ་བར་སྐྱེས་ཤིང་། ཆུང་དུས་ནས་རང་ཡུལ་གྱི་སློབ་ཆུང་འགྲིམས། དེ་ནས་ཚ་ཁོ་ངག་དབང་གྲགས་པས་ཕྱག་འདེབས་མཛད་པའི་ཀིརྟིའི་གདོང་རི་དགོན་དགེ་ལྡན་དམ་ཆོས་གླིང་གི་ཆོས་གྲལ་དུ་ཞུགས་ནས་གསང་བདེ་འཇིགས་གསུམ་དང་ཀུན་རིག མི་འཁྲུགས་པ་མངོན་བྱང་རབ་གནས་ཆེན་མོ།སྐྱབས་མགོན་ལམ་རིམ། དེ་མིན་དཀྱིལ་འཁོར་སོ་སོའི་ཐིག་རྩ། ལས་བཞིའི་སྤྱིན་སྲེག་སོགས་ཆད་ལྷག་མེད་པར་ཚོགས་རྒྱུགས་སུ་ཕུལ།
༢༠༠༨ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ནས་མཚན་ལྡན་བཤེས་གཉེན་དུ་མ་ཚུལ་བཞིན་བསྟེན། ༢༠༡༠ལོ་ནས་སློབ་བུ་ཚོགས་པའི་ནང་དུ་ཞུགས་ཤིང་༢༠༡༡ལོར་ཚོགས་གཙོའི་འགན་ཁུར། ལོ་དེ་དག་གི་རིང་ལ་འཇིགས་མེད་ཀུན་སྤྱོད་བྱ་དགའ་དང་གསུམ་བཟང་སློབ་མའི་བྱ་དགའ་སོགས་ཐོབ་མྱོང་། ༢༠༡༣ལོར་སློབ་མཐར་ཕྱིན།མཐར་ཕྱིན་འབྲས་རྟགས་སུ་༼ལོ་རྒྱུས་དྲིས་ལན་ངག་གི་ལྡེ་མིག་༽ཅེས་པ་བྲིས་ཏེ་བཀྲམས། ༢༠༡༣ལོའི་ཟླ་དགུ་བར་ཕྱིར་སློབ་གླིང་དུ་ཡོང་སྟེ་དགེ་རྒན་གྱི་བྱ་བ་གཉེར།
༢༠༡༥ལོ་ནས་ཤེས་རིག་སློབ་གླིང་གི་སྤྱི་གཉེར་འགོ་གཙོའི་འགན་བཞེས།
༢༠༡༦ལོར་རྨ་ཆེན་རྫོང་ཕུལ་བྱུང་དགེ་རྒན་གྱི་གྲས་སུ་བདམས།
༢༠༡༨ལོར་སློབ་གྲྭའི་བོད་ཡིག་སྡེ་ཁག་གི་ཕུལ་བྱུང་དགེ་རྒན་དུ་བདམས།
༢༠༡༩ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྤྱི་གཉེར་སློབ་གཙོ་གཞོན་པར་བསྐོས།
|