སློབ་གླིང་གསར་འགྱུར།
2021.06.19ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་དང་དགེ་ལས་པ་རཱན་ཨེ་ལགས་ཀྱི་སྣེ་ཁྲིད་འོག་མཚོ་སྔོན་ཞིང་ཆེན་དགེ་ལས་ལྷན་ཚོགས་ཀྱི་ཐོན་མི་སམ་བྷོ་ཊ་རོགས་སྐྱོར་ཐེབས་རྩ་དང་། ཆིན་ཏའོ་སྙིང་ཉེ་གྱོན་ཆས་ཚད་ཡོད་མཐུན་གཉེར་ཁང་གཉིས་མཉམ་འབྲེལ་སྒོས་རྒྱུ་སྤུས་བཟང་བའི་སྟོད་ལྭ690ལྷག་མགོ་ལོག་ཁུལ་རྒྱ་གྲམ་དམར་བོའི་ཐེབས་རྩ་ཚོགས་པ་བརྒྱུད་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མ་ཆིག་སྟོང་ལྷག་གི་ཁྲོད་ནས་སློབ་མ་690ལ་དངོས་སུ་གནང་སྦྱིན་བྱས་པ་དང་། ཐེངས་འདིའི་རོགས་སྐྱོར་བྱ་འགུལ་ཁྲོད་དགེ་རྒན་རྔ་བ་དར་རྒྱས་དང་དགེ་རྒན་རྐང་ཚ་འཕྲིན་ལས་སོགས་དགེ་རྒན་དང་ལས་བཟོ་བ་མང་བོ་ཞིག་གིས་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།
 
|