སློབ་གླིང་གསར་འགྱུར། འཛམ་གླིང་དཔེ་ཀློག་ཉིན་མོ།
2021.ལོའི་སྤྱི་ཟླ་04བའི་ཚེས་23ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྟོད་ཀྱི་དཔེ་མཛོད་སྒྲ་སྒྱུར་གཙུག་ལག་གླིང་དུ་འཛམ་གླིང་དཔེ་ཀློག་གི་ཉིན་མོ་བརྩི་བསྲུངས་བྱས་ཏེ་དཔེ་ཀློག་བྱ་འགུལ་སྤེལ།
གླིང་སྟོད་སྨད་གཉིས་ཀྱི་སློབ་མ་ཡོངས་སྔ་ཕྱིར་དཔེ་ཀློག་བྱ་འགུལ་ལ་དངོས་སུ་ཞུགས་ཤིང་།
བྱ་འགུལ་ཁྲོད་རང་མོས་སྒོས་དཔེ་དེབ་སྣ་ཚོགས་བཀླགས་པ་དང་། དཔེ་དེབ་བཀླགས་པའི་གོ་རིམ་ཁྲོད་སློབ་མ་རེ་རེས་དཔེ་ཀློག་མྱོར་ཚོར་གྱི་རྩོམ་ཡིག་བྲིས། འཛིན་གྲྭ་རེ་རེའི་འཐུས་ཚབ་པ་དང་སློབ་བུ་ཚོགས་པ་བཅས་ཀྱིས་རྒྱུན་ལྡན་ལྟར་དཔེ་ཀློག་ཟིན་བྲིས་ཀྱི་རྩོམ་ཡིག་སྣ་ཚོགས་བསྡུ་ལེན་ཏེ་དཔྱད་འདེམས་གནང་མཁན་གྱི་འཐུས་ཚབ་དགེ་རྒན་དག་ལ་སྦྱན་འབུལ་བྱས། ཉིན་འགའི་རྗེས་སུ་ཕུལ་བྱུང་རྩོམ་ཡིག་དག་བདམས་ཐོན་བྱུང་བ་གསལ་བསྒྲགས་བྱ་རྒྱུ་དང་། འཛིན་གྲྭ་རེ་རེའི་འཐུས་ཚབ་རྩོམ་ཡིག་སྐོར་ཞིག་ལ་བྱ་དགའ་གནང་འཆར་ཡོད།
ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་མཚོན་ན། འཛམ་གླིང་དཔེ་ཀློག་གི་ཉིན་མོ་འདིའང་རང་རེའི་སློབ་བུ་རྣམས་ཀྱི་དཔེ་ཀློག་གི་ནུས་པ་སྐྱེད་སྲིང་བྱེད་པའི་གོ་སྐབས་ཡག་ཤོས་ཤིག་ཏུ་ངོས་འཛིན་བྱས་ཡོད་སྟབས་ཐེངས་འདིར་ཡང་དགེ་བཟོ་བ་ཡོངས་ཀྱིས་དཔེ་ཀློག་བྱ་འགུལ་གྱི་སྔ་ཕྱིར་གཟབ་ནན་སྒོས་གཟིགས་ཞིབ་གནང་སྟེ་བྱ་འགུལ་བདེ་བླག་ངང་མཇུག་བསྡུས།

གསར་འགོད་པ། བན་ཤུལ་འཁྱམ་བསེ་རུ།
|