སློབ་གླིང་གསར་འགྱུར།
སྤྱི་ལོ་༢༠༢༠ལོའི་ཟླ་༥ཚེས་༡༤ཉིན་རང་སློབ་གླིང་གི་དགེ་སློབ་ཡོངས་གླིང་སྨད་ཀྱི་ཕྱི་རོལ་ཐང་ཆེན་དུ་ཚོགས་ཏེ་སློབ་གཙོ་དགེན་གཅོད་པ་ཚེ་རིང་ལགས་ཀྱིས་དབུ་ཁྲིད་ནས་སློབ་འགོ་བརྩམས་པའི་སློབ་ཐུན་དང་བོ་འཚོགས་པ་དང་འབྲེལ་སློབ་མའི་སློབ་སྦྱོང་དང་སྒྲིག་ལམ། བདེ་ཐང་འཕྲོད་བསྟེན་སོགས་ཀྱི་སྐོར་ནས་སློབ་གསོ་གལ་ཆེན་བཏང་།

མཇུག་ཏུ་མཚོ་སྔོན་མང་རྫོང་ཐོན་མིའི་སློབ་ཚོགས་དང་ཐོན་མིའི་ཁ་པར་ཆེད་འཚོང་ཁང་གིས་མ་ཡུམ་སློབ་གླིང་ལ་སྤུས་བཟང་ལག་ཤུབས་5000ཞལ་འདེབས་སུ་ཕུལ།
དེ་བཞིན་མཚོ་བྱང་ཁུལ་ཐོན་མིའི་སློབ་ཚོགས་ཀྱིས་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་ཐུན་མོང་གི་དཀའ་སྡུག་དང་གཟབ་ནན་གྱི་ཁྲོད་ནས་རིམས་ནད་འགོག་རྒོལ་གྱི་བྱ་བར་མཐུན་རྐྱེན་གྱི་ཕྱིར་དུ་སྒོར་དགུ་སྟོང་སུམ་བརྒྱ་བཅུ་བདུན་གྱིས་ཁ་ཐུམ་5500ཉོས་ཏེ་ཞལ་འདེབས་སུ་ཕུལ་ནས་དགེ་སློབ་ཡོངས་ཀྱི་བྱ་བར་གཞོག་འདེགས་གང་ལེགས་བྱས།
དགེ་རྒན་རྣམ་པས་སློབ་གྲོགས་ཚོར་ཁ་ཐུམ་རྙིང་བ་དུས་ལྟར་བརྗེ་རུ་འཇུག་བཞིན་པའི་རྣམ་པ།

དགེ་རྒན་རྣམ་པས་ལག་ཤུབས་བགོ་བཞིན་པ།
|