ཀྲུང་གོའི་ཚབ་མཚོན་ཁ་པར་གྱི་ལས་དབང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཀྲུང་གོའི་ཚབ་མཚོན་ཁ་པར་གྱི་ལས་དབང་།
ཀྲུང་གོའི་ཚབ་མཚོན་ཁ་པར་གྱི་ལས་དབང་།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2019-05-29ལྟ་ཀློག (4439)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཀྲུང་གོའི་ཚབ་མཚོན་ཁ་པར་གྱི་ལས་དབང་།

གསར་འགོད་པ། རྒྱལ་ཚང་ཀརྨ་ཚུལ་ཁྲིམས་རྣམ་རྒྱལ།

        དེ་རིང་གི་གསར་འགྱུར་འདི་མ་བཤད་པའི་སྔོན་དུ་ང་ཚོས་ན་ནིང་གི་གློག་འཕྲིན་དོན་རྐྱེན་ཞིག་ལ་ཕྱིར་དྲན་བྱེད། ན་ནིང་གི་ཕྱི་ཟླ་བཞི་པའི་ནང་ཀྲུང་གོའི་ཀློག་འཕྲིན་ཁྲོད་ཀྱི་ཤུགས་རྐྱེན་ཅུང་ཆེ་བའི་ཀྲུང་ཤེན(中兴)གློག་འཕྲིན་ཚང་ལ་ཨ་རི་ནས་ཆད་པ་ཆེན་པོ་བཅད་པ་མ་ཟད་ཀྲུང་ཤེན་གློག་འཕྲིན་ཁང་གིས་གཏན་དུ་ཨ་རི་ནས་ཚོང་འགྲེམ་བྱེད་མི་ཆོག་པ་བྱས། དེའི་རྗེས་སུ་ཀྲུང་ཨ་གཉིས་ཀས་རང་རང་གི་ཕྱོགས་ནས་ཚོང་ར་གཙོ་བྱས་ཕན་ཚུན་བར་རྒྱལ་ཕམ་མང་དུ་བརྩད་ཀྱང་ད་དུང་དབྱེར་མ་ཕྱེས།


        གོང་གི་གནས་ཚུལ་འདི་ཀླད་པར་ཡོད་པ་བྱས་ཏེ་དེ་རིང་གི་གསར་འགྱུར་འདིར་གཟིགས་ན་ད་གཟོད་ཧ་གོ་དགོས་པ་མང་པོ་ཞིག་ཧ་གོ་ཡོང་།

ཨ་རིའི་དུས་ཚོད་ཕྱི་ཟླ5པའི་ཚེས15ཉིན་ཨ་རི་སྲིད་གཞུང་གིས“རྒྱལ་ཡོངས་ཀྱི་ཆ་འཕྲིན་ལག་རྩལ་དང་མཁོ་སྤྲོད་ཞབས་ཞུའི་བདེ་འཇགས་གཏན་འབེབས”ཞེས་པའི་བཀའ་ཁྲིམས་བསྒྲགས་ཤིང་ཀྲུང་གོའི་གློག་འཕྲིན་གྱི་ཚབ་མཚོན་དུ་གྱུར་པའི་ཧྭ་ཝེས(华为)ཁ་པར་གྱི་མཐུན་གཉེར་ཁང་དང་ཡན་ལག་མཐུན་གཉེར་ཁང་བཅས་བདེ་འཇགས་དོགས་གཞི་ཡི་མིང་ཐོར(entity list)བཀོད།

གནས་ཚུལ་འདིས་ཧྭ་ཝེས་ཚང་ལ་གྱོང་གུད་ཧ་ཅང་ཆེན་པོ་ཐེབས་ཡོད་ཀྱང་ཧྭ་ཝེས་ཡི་ཡན་ལག་མཐུན་གཉེར་ཁང་ཧེ་སྲུ་མཐུན་གཉེར་ཁང་གིས་ཚེས17ཉིན་གྱི་ཞོགས་པར་ལས་ཁུངས་ནང་ཁུལ་གྱི་ལས་གྲོགས་དག་ལ་སྦྲིངས་པའི་འཕྲིན་ཡིག་ཏུ་གསལ་བ་ལྟར་ན་ཁོ་ཚོས་སྔ་མོ་ནས་གྲྭ་སྒྲིག་བྱས་ཟིན་པ་བསྟན།


      ཁུངས་ལྡན་གྱི་གསར་འགྱུར་ཁང་དག་གིས་བསྒྲགས་པ་ལྟར་ན་ཚེས20ཉིན་ཨ་རི་ནས་ཧྭ་ཝེས་མཐུན་གཉེར་ཁང་གི་བཟོ་གྲྭ50ལྷག་སྒོ་བརྒྱབ་ཅིང་དེ་མུར་ད་ལྟའི་བར་ཧྭ་ཝེས་མཐུན་གཉེར་ཁང་གི་མ་ལག(系统)དང་སྲོག་ལེབ་བམ་གཙོ་གདན(芯片)སོགས་མཁོ་སྤྲོད་བྱེད་མཁན་གྱི་ཨེན་ཁྲིལ(intel)དང་སྒོའོ་སྒུ(Google)ལེགས་སྦྲེལ་ལམ་ཁོལ་ལྒམ(Qualcomm) སྦོརའ་ཐའམ(Broadcom)སོགས་མཐུན་གཉེར་ཁང་དུ་མས་ཧྭ་ཝེས་དང་གན་རྒྱའི་མཚམས་བཞག


      དེ་ཙམ་གྱིས་མ་ཟད་ཚེས19ཉིན་ཨ་རིའི་ཕྱོགས་ནས་གཙོ་འཛིན་ཁྲོན་ཕུ(Trump)ལགས་ཀྱིས་ཀྲུང་གོ་རྒྱལ་ཁབ་Gལྔ་པའི་ཆ་འཕྲིན་གྱི་ལག་རྩལ་གྱི་ནང་དུ་འཛུལ་མི་ཆོག་པའི་གཏམ་བཤད་གནང་།

སྐབས་འདིར་ཀུན་གྱིས་མཁྱེན་དགོས་པ་ཞིག་ལ་ཧྭ་ཝེས་ནི་ཀྲུང་གོའི་གློག་འཕྲིན་ཆ་འཕྲིན་གྱི་ཚབ་མཚོན་ཡིན་ལ།  ད་ལྟའི་བར་རྒྱལ་ཡོངས་ནས་ཆེད་དབང་གསར་གཏོད་དཔང་ཡིག(patent,专利)ཆེས་མང་པའི་ཚན་རྩལ་མཐུན་གཉེར་ཁང་ཞིག་ཡིན། མ་ཟད་ཀྲུང་གོGལྔ་པའི་ཚན་རྩལ་དུས་རབས་སུ་སྤྱོད་དགོས་ན་ཧྭ་ཝེས་དང་ཨ་ལིས་པཱ་པཱ།(阿里巴巴)ཐིང་ཤོན(腾讯)བཅས་ལས་གཞན་པ་སུས་ཀྱང་མི་ནུས་ལ། དེ་དག་ལས་ཀྱང་ཨ་ལིས་པཱ་པཱ་ནི་མ་རྐང་མང་ཆེ་བ་འཇལ་པན་ན་ཡོད་ཅིང་ཐིང་ཤོན་ཚང་ཡང་ཆ་འཕྲིན་གྱི་ཕྱོགས་ནས་གཙོ་བོའི་ནུས་པ་འདོན་མི་ནུས་པས་ཧྭ་ཝེས་ནི་ཀྲུང་གོའིGལྔ་པའི་བགྲོད་ལམ་གཅིག་པུ་ཡིན་ཞེས་བཤད་ཀྱང་ཆོག


      དེས་ནGལྔ་པ་ཟེར་བ་དེས་ཅི་ཞིག་མཚོན་ནམ་ཟེར་ན། དེ་ནི་དྲ་བའི་མྱུར་ཚད་ཙམ་གྱི་སྟེང་ནས་འཇོག་རྒྱུ་མ་ཡིན་པར་གཙོ་བོ་དྲ་བའི་ཁྱབ་རྒྱ་ཡི་སྟེང་ནས་འཇོག་དགོས། དཔེར་ན་Gགཉིས་པའི་སྐབས་དྲ་བའི་སྟེང་ཡི་གེ་དང་སྐད་ཆ་ཙམ་ལས་འཇོག་མི་ཐུབ་ལ།  Gགསུམ་པའི་སྐབས་དངུལ་ལོ་དང་ཀློག་དཔེ་སོགས་འཇོག་ཐུབ། དེ་བཞིན་དུGབཞི་པའི་སྐབས་སྨན་ཁང་སྲིད་འཛིན་སྡེ་ཁག མི་སྒེར། ཁེ་ལས་སོགས་མང་པོ་ཞིག་བཞག་ཡོད། དེས་ན་ཚོད་དཔག་སམ་འཆར་གཞི་ལྟར་ནGལྔ་པའི་སྐབས་འཇིག་རྟེན་གྱི་བྱ་དངོས་མཐའ་དག་ཕལ་ཆེར་དྲྭ་ལམ་དུ་འཇོག་ཐུབ་སྟེ། དཔེར་ན་ཕྱུགས་ཟོག་དང་ཁང་ཁྱིམ། ད་དུང་སྣོད་ཆས་སོགས་ཀྱང་དྲྭ་ངོས་ནས་བདག་དོམ་བྱེད་ཐུབ་ཀྱི་ཡོད། དེ་བས་ཆ་འཕྲིན་གྱི་དུས་རབ་གསར་པ་འདིའི་ནང་དུ་འགྲོ་ཐུབ་མིན་གྱི་གནད་འགག་གཙོ་བོ་ཧ་ཝེས་ལ་རག་ལས་ཡོད་པས་ཨ་རི་པས་ཀྱང་ཧ་ཝེས་ཆེད་དུ་བསལ་ནས་ལས་འགུལ་འདི་འདྲ་ཞིག་སྤེལ་བ་རེད།


     དེས་ན་ཀྲུང་གོའི་གློག་འཕྲིན་ཆ་འཕྲིན་གྱི་ཚབ་མཚོན་དུ་གྱུར་པའི་ཧྭ་ཝེས་ལས་ཁུངས་ཀྱི་ལས་དབང་ནི་ཅི་འདྲ་ཞིག་ཡིན་ནམ་ཞེ་ན། ཧེ་སྲུ་མཐུན་གཉེར་ཁང་གི་ནང་ཁུལ་ཡིག་ཆ་ལྟར་ན་ཧ་ཝེས་ཡིས་ལོ་འདི་དག་གི་རིང་ཨ་སྒོར་དུང་ཕྱུར10ལྷག་བཏང་ནས་ཁ་པར་དང་ཞབས་ཞུ་ཆས(服务器)སོགས་ཀྱི་སྲོག་ལེབ་བམ་གཙོ་གདན(芯片)སོགས་བཟོས་ཡོད་པ་མ་ཟད་སྟབས་ལེགས་ན་ཟླ་འགའི་རྗེས་སུ་དང་ཡང་ན་ལོ་གཅིག་གི་རྗེས་ནས་ཧྭ་ཝེས་རང་ལ་དབང་པའི་སྲོག་ལེབ་བམ་གཙོ་གདན་ཞིག་འཇིག་རྟེན་དུ་སྤེལ་ཐུབ་པར་བཤད་འདུག།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 4 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། fc4i བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ཀྲུང་གོའི་ཚབ་མཚོན་ཁ་པར་གྱི་ལས་དབང་།   སྤེལ་མཁན།: མིག་རྣོན་པོ། སྤེལ་དུས:2019/5/29
བདེན་པ་ཟེར་བ་འདི་ཁྱི་ལབ་རྣ་མི་འགྲོ་ནི་འདི་འདྲ་བརྒྱབ་འདུག ཆབ་སྲིད་ཀྱི་མིག་སྔུན་ན་ནམ་ཡང་དྲང་བདེན་དང་ཞི་བདེ་ནམ་ཡང་མེད། ཨ་རི་བ་ཐྲིག་སེ་རེད།
  ཀྲུང་གོའི་ཚབ་མཚོན་ཁ་པར་གྱི་ལས་དབང་།   སྤེལ་མཁན།: ཆོས་རྒྱལ། སྤེལ་དུས:2019/5/29
འཇར་པན་ལ་མཚོན་ན་ཡང་华为བེད་སྦྱོད་བྱེད་མཁན་ཧ་ཅང་མང་། རྒྱུ་མཚན་华为手机ལ་辐射ཟེར་བ་མེད་ཟེར། གང་ལྟར་ཨ་རིས་ཚོད་འཛིན་དང་སྟངས་འཛིན་བྱེད་བཞིན་འདུག རྒྱལ་ཁ་དེ་སུ་ཞིག་གི་ཡིན་མིན་ཐག་གཅོད་དཀའ།
  ཀྲུང་གོའི་ཚབ་མཚོན་ཁ་པར་གྱི་ལས་དབང་།   སྤེལ་མཁན།: བདེན་པ། སྤེལ་དུས:2019/5/29
ཨ་རིས་ཀྲོང་གོ་ལ་ཐུབ་ཚོད། རྒྱུ་འབྲས་ཀྱི་ལམ་ནས་སོང་ན་བཟང་གི འཛམ་གླིང་ཞི་བདེ་དང་རང་དབང་གླེང་བའི་རྒྱལ་ཁབ་ཨ་རི་ཡིན་ཡང་རང་དོན་ལ་ཐུག་དུས་བདེན་པ་མི་བརྩི་བ་དེ་རེད། འཇིག་རྟེན་འདིར་བདེན་པ་སྲུང་མཁན་ཉུང་།
  ཀྲུང་གོའི་ཚབ་མཚོན་ཁ་པར་གྱི་ལས་དབང་།   སྤེལ་མཁན།:  སྤེལ་དུས:2019/5/29
གོང་གི་ཁུ་ཚུར་དེ་གཉིས་ཅི་རེད། ཨ་ཀྲུང་གི་ཁུ་ཚུར་མ་རེད། ཡུ་རོབ་ཀྱི་ཁུ་ཚུར་ལ་འབྲེལ་ཅི་ཡོད་པ་རེད།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
25439060
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།