དགེ་རྒན་ལྕགས་ཐར་རྒྱལ་མགོ་ལོག་ཏུ་ཕེབས་པའི་ཉིན་གཉིས་ཀྱི་ཕྱག་ལས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »དགེ་རྒན་ལྕགས་ཐར་རྒྱལ་མགོ་ལོག་ཏུ་ཕེབས་པའི་ཉིན་གཉིས་ཀྱི་ཕྱག་ལས
དགེ་རྒན་ལྕགས་ཐར་རྒྱལ་མགོ་ལོག་ཏུ་ཕེབས་པའི་ཉིན་གཉིས་ཀྱི་ཕྱག་ལས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2018-11-06ལྟ་ཀློག (5450)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དགེ་རྒན་ལྕགས་ཐར་རྒྱལ་ལགས་མགོ་ལོག་ཏུ་ཕེབས་པའི་ཉིན་གཉིས་ཀྱི་ཕྱག་ལས།

       དཔེ་ཀློག་བྱེད་པ་ནི་རླབས་ཆེན་གྱི་མི་ལ་ཁ་བརྡ་བྱས་པ་དང་མཚུངས་ཞེས་པ་ནང་བཞིན་རླབས་ཆེན་གྱི་མི་ཞིག་ལ་དངོས་སུ་མཇལ་ནས་འདི་ལྟར་འཆད་ཁྲིད་ལ་ཉན་པའི་སྐལ་བ་ལྡན་པ་ནི་ས་གནས་སློབ་གསོ་གོང་འཕེལ་དུ་གཏོང་བའི་ཐབས་དང་སྐུལ་སློང་བཟང་བོ་ཞིག་ཅི་ལ་མིན། དགེ་རྒན་ཞིག་གིས་དཀའ་ཚེགས་ལ་མ་འཛེམས་པར་ཁོམ་པའི་བར་གླགས་ཅུང་ཙམ་ཡོད་དུས་ཀྱང་མི་རིགས་ཀྱི་ཆེད་དུ་འཆད་ཁྲིད་ལ་ཕེབས་པ་ནི་བཀའ་དྲིན་གཞལ་དཀའ་བ་ཡིན་ནོ།།

       སྤྱི་ལོ༢༠༡༨ལོའི་ཟླ་༡༡པའི་ཚེས་༤ཉིན་བརྡ་སྤྲོད་སྨྲ་བའི་དབང་བོ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་ལགས་སློབ་གཙོ་བཀྲ་ཤིས་ལགས་ཀྱིས་བསྐུལ་ངོར་དགའ་བདེ་རྫོང་མི་རིགས་དམའ་འབྲིང་དུ་ཕེབས་ཤིང་སྔ་དྲོའི་དུས་ཚོད་༩ནས་དུས་ཚོད་གཉིས་ཡས་མས་ལ་ངེད་ཅག་གིས་རང་ཉིད་ངོས་ཟིན་ཡག་པོ་བྱེད་ཅེས་པའི་བརྗོད་དོན་གཞིར་བཟུང་སྟེ་དགེ་རྒན་ཞེས་པའི་མིང་དེ་ལ་ངོས་ཟིན་དགོས་ཚུལ་དང་དགེ་རྒན་ཞེས་པའི་མིང་གི་འགན་ཐེག་དགོས་ཚུལ།  དགེ་རྒན་གྱི་བསམ་བློའི་ཀུན་སྤྱོད་དང་སློབ་མའི་མིག་དཔེར་འོས་པའི་དགེ་རྒན་བྱེད་པའི་འཆད་ཁྲིད་གནང་།

     ཉིན་དེའི་ཕྱི་དྲོའི་དུས་ཚོད་གསུམ་སྟེང་ནས་དུས་ཚོད་གཅིག་ལྷག་ལ་དགེ་རྒན་དང་ཁྱིམ་བདག  སློབ་མ་བཅས་ལ་གསུང་བཤད་གྱ་ནོམ་པ་གནང་། ཁོང་གིས་བསྟན་དོན། འཛམ་གླིང་གི་ཁྲོད་ན་བོད་ཅེས་ཤེས་པ་ནི་རིག་གནས་ཀྱི་ཆ་ནས་ཤེས་པ་མ་གཏོགས་མི་གྲངས་ཀྱི་ཆ་ནས་ཤེས་པ་མ་རེད། འཛམ་བུ་གླིང་དུ་བོད་ཅེས་གླེང་གིན་ཡོད་པ་ནི་བོད་ཀྱི་རིག་གནས་ཀྱི་ཆ་ནས་གླེང་གིན་ཡོད་པ་མ་གཏོགས་བོད་དེ་ཉིད་སྟོབས་འབྱོར་མངའ་ཐང་ལྡན་པ་དང་མི་རིགས་གཞན་དང་མི་འདྲ་བར་མི་རིགས་རང་ཉིད་ལ་རང་གིས་བདག་ཡག་པོ་རྒྱག་ཐུབ་པས་མ་རེད།   རྒྱལ་ཁབ་ཀྱི་སྲིད་ཇུས་མ་བཟང་བ་མ་ཡིན་ལ། མི་རིགས་ཕན་ཚུན་བར་གྱི་གནོན་ཤུགས་ལས་བྱུང་བ་མ་ཡིན་པར།  མ་གཞི་བོད་པ་རང་གིས་རང་མགོ་མ་འཁྱོངས་པའི་རྟགས་རེད།   བོད་པ་རང་གིས་རང་མགོ་མ་འཁྱོངས་པའི་རྟགས་གཙོ་བོ་གང་ལ་ཐུག་པ་རེད་ཟེར་ན།  བོད་རང་གི་ཞིང་འབྲོག་མང་ཚོགས་ནང་ན་སློབ་གསོ་མྱོང་བའི་མི་གྲངས་ཉུང་བ་དང་སློབ་གསོ་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་མཁན་ཉུང་བས་ཡིན་སྟབས། ཕ་མས་རང་གི་བུ་ཕྲུག་ལ་རིག་གནས་སྦྱོང་དུ་འཇུག་པ་ནི་འགན་འཁྲི་ལྡོག་མེད་ཅིག་ཡིན་པ་ངོས་ཟིན་མེད་པའི་རྟགས་རེད་གསུངས།

     ཚེས་༥ཉིན་ཁོང་མགོ་ལོག་ཁུལ་རྟ་བྲག་དྭ་ཕྲུག་སློབ་གྲྭར་ཕེབས་ཤིང་དགེ་རྒན་དང་མ་ཚབ་རྣམས་ལ་བརྩེ་བ་ནི་སློབ་གསོའི་རྩ་བ་ཡིན་ཞེས་པའི་བརྗོད་གཞིའི་སྟེང་ནས་འཆད་ཁྲིད་ཟབ་རྒྱས་གནང་སྟེ།  དེ་གའི་དགེ་སློབ་ཡོངས་ལ་སློབ་གསོའི་ཐད་ཀྱི་མཛུབ་སྟོན་གང་ལེགས་བྱས།


གཟབ་ནན་གྱིས་འཆད་ཁྲིད་ལ་ཉན་བཞིན་པ།


རྟ་བྲག་དྭ་ཕྲུག་སློབ་གྲྭའི་ནང་དུ་འཆད་ཁྲིད་གནང་བཞིན་པ།

གསར་འགོད་པ། སེར་སྐོར་འཇམ་ཚེ།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xum1 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  དགེ་རྒན་ལྕགས་ཐར་རྒྱལ་མགོ་ལོག་ཏུ་ཕེབས་པའི་ཉིན་གཉིས་ཀྱི་ཕྱག་ལས།   སྤེལ་མཁན།: 齐麦嘉措 སྤེལ་དུས:2018/11/6
རྒན་ལྕགས་ཐར་རྒྱལ་ནི་བོད་མི་རིགས་ལ་དངོས་ནས་བཀའ་དྲིན་ཆེན་པོ་ལྡན།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
25440935
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།