ཐོན་མིའི་སློབ་ཚོགས་ཀྱིས་གསོ་སྦྱོང་འཛིན་གྲྭ་བསྡུས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »ཐོན་མིའི་སློབ་ཚོགས་ཀྱིས་གསོ་སྦྱོང་འཛིན་གྲྭ་བསྡུས་པ།
ཐོན་མིའི་སློབ་ཚོགས་ཀྱིས་གསོ་སྦྱོང་འཛིན་གྲྭ་བསྡུས་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-10-30ལྟ་ཀློག (6941)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཐོན་མིའི་སློབ་ཚོགས་ཀྱིས་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

       2018ལོའི་སྤྱི་ཟླ10ཚེས27ནས་ཚེས་29བར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་དྲྭ་ཚིགས་གསར་འགོད་པའི་གསོ་སྦྱོང་ཚོགས་འདུ་ཟི་ལིང་གྲོང་ཁྱེར་ཚོང་དཔོན་ནོར་བཟང་ཕོ་བྲང་དུ་གཟབ་རྒྱས་ངང་འཚོགས་ཤིང་། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱིས་བོད་རང་གི་དྲ་བའི་ཁོར་ཡུག་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་། དྲ་བའི་དོ་དམ་པ་དང་དྲ་བའི་རྩོམ་སྒྲིག་པར་ཁྲིམས་ལུགས་སྐོར་གྱི་སློབ་སྦྱོང་ཡོད་པ།  དྲ་བའི་གསར་འགོད་ཀྱི་གལ་ཆེན་རང་བཞིན་ལ་ངོས་ཟིན་ཟབ་མོ་ཐོབ་པ། གསར་འགོད་པའི་གསར་འགྱུར་གདམ་གསེས་བྱེད་སྟངས་ལ་ཆེད་ལས་རང་བཞིན་གྱི་མིག་ཟུང་བེད་སྤྱོད་ཐུབ་པ། གསར་འགྱུར་འགོད་པའི་དམིགས་ཡུལ་དང་རྩ་དོན་ལ་ཆེད་ལས་རང་བཞིན་གྱི་སློབ་སྦྱོང་ཡོད་པ། གསར་འགོད་པའི་འགན་འཁྲི་དང་བྱང་ཚད་ལ་ཆེད་ལས་ཤེས་ཡོན་གྱི་རྨང་གཞི་འདིང་བ་བཅས་ལ་དམིགས་ནས་གསར་འགོད་པའི་གསོ་སྦྱོང་ཚོགས་འདུ་འདི་ཉིད་བསྒྲུབས།

      ཐེངས་འདིའི་གསོ་སྦྱོང་ཚོགས་འདུའི་སྟེང་དུ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་།  ཀྲུང་གོའི་བོད་ཀྱི་དྲྭ་ཚིགས་རྩོམ་སྒྲིག་ཁང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་རྩོམ་སྒྲིག་ཁང་། བོད་ཀྱི་ཤེས་རིག་སློོབ་གསོའི་དྲ་བའི་རྩོམ་སྒྲིག་ཁང་སོགས་གསར་འགྱུར་བརྒྱུད་ལམ་ཁག་ཆེ་ཤོས་ཀྱི་ཆེད་མཁས་པ་གདན་འདྲེན་ཞུས་ཡོད།

      དེ་ཡང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲྭ་ཚིགས་རྩོམ་སྒྲིག་པ་དང་གསར་འགོད་པ། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་གི་གསར་འགོད་པ། གངས་ལྗོངས་སྤྲི་ཆུར་བཟོ་གྲྭའི་གསར་འགོད་པ་སོགས་མི་སྣ48དངོས་སུ་ཐེངས་འདིའི་གསོ་སྦྱོང་སྟེང་དུ་ཞུགས།

     ཚེས27ཉིན་གྱི་སྔ་དྲོར་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གིས་གསོ་སྦྱོང་དང་འབྲེལ་ནས་བཀའ་སློབ་ཡིད་འཁུལ་བ་གནང་སྟེ་གསོ་སྦྱོང་དངོས་སུ་མག་ོབརྩམས། དེར་མཐུད་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་གསར་འགྱུར་ཚན་ཁག་གི་འགོ་བ་ཕྱུག་ལོ་ལགས་ཀྱིས་གསར་འགྱུར་བཅར་འབྲི་བྱ་ཐབས་དང་བཅར་འདྲི་བྱེད་སྐབས་ཀྱི་མཉམ་འཇོག་རང་བཞིན་སྐོར་འཆད་ཁྲིད་གནང་བ་དང་།

      ཉིན་དེའི་ཕྱི་དྲོར་བོད་ཀྱི་ཤེས་རིག་སློབ་གསོའི་དྲྭ་ཚིགས་ཇུས་འགོད་པ་རྣམ་རྒྱལ་ལགས་ཀྱིས་དྲྭ་ཚིགས་ཇུས་འགོད་དང་རྩོམ་སྒྲིག་བྱེད་སྟངས་སྐོར་ནས་འཆད་ཁྲིད་གནང་། ཚེས28ཉིན་གྱི་སྔ་དྲོར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་ཁང་གི་ཞུས་ཆེན་ལོ་ཙཱ་བ་ཨོ་རྒྱན་ལགས་ཀྱིས་གསར་འགྱུར་ལོ་ཙཱ་བྱེད་སྐབས་ཀྱི་མཉམ་འཇོག་རང་བཞིན་གྱི་སྐོར་འཆད་ཁྲིད་གནང་།

      ཕྱི་དྲོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲྭ་བའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་ལྡོང་དཔལ་རྡོ་ཐར་ལགས་ཀྱིས་དྲྭ་ཚིགས་དཔྱད་མཆན་འགོད་སྟངས་དང་དྲ་བར་དོ་དམ་བྱེད་ཐབས་སྐོར་འཆད་ཁྲིད་གནང་། གཞན་ཡང་འཆད་ཁྲིད་གྲོལ་རྗེས་ཐེངས་འདིའི་གསོ་སྦྱོང་སྟེང་ཞུགས་པའི་གསར་འགོད་པ་ཡོངས་ཀྱིས་དྲ་བའི་གསར་འགོད་དང་རྩོམ་སྒྲིག་ཐད་དུ་དཔྱད་གླེང་གཟབ་ནན་བྱས་པར་མ་ཟད་དྲ་བའི་གསར་འགོད་སྒྲིག་གཞི་དང་དོ་དམ་གྱི་ཕྱོགས་ལ་འཕྲི་སྣོན་གང་ལེགས་བྱས།

      ཚེས29ཉིན་གྱི་སྔ་དྲོར་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དང་ཀྲུང་གོ་བོད་ཀྱི་དྲ་བའི་སྤྱི་ཁྱབ་རྩོམ་སྒྲིག་པ་རམས་ཚེ་བྷོ་ལགས་ཀྱིས་ཆེས་ཐ་མའི་འཆད་ཁྲིད་སྟེང་དྲྭ་ཚིགས་ཀྱི་བདག་དབང་དང་ཁྲིམས་ལུགས་སྐོར་གྱི་རྒྱུན་ཤེས་འཆད་ཁྲིད་གནང་ཞིང་། མཐར་གསོ་སྦྱོང་ལ་ཞུགས་པའི་གསར་འགོད་པ་རྣམས་ལ་ཐོན་མིའི་སློབ་ཚོགས་ཀྱིས་གསོ་སྦྱང་དཔང་ཡིག་སྤྲད་དེ་རེབ་འདིའི་གསོ་སྦྱོང་ཡོངས་སུ་བདེ་བླག་ངང་མཇུག་བསྡུས།

རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་གསུང་བཤད་གནང་བ།

བོད་སྐད་རླུང་འཕྲིན་གྱི་གསར་འགྱུར་ཚན་ཁག་གི་ཀྲུའུ་རིན་ཕྱུག་ལོ་ལགས་ཀྱིས་འཆད་ཁྲིད་གནང་བ།

བོད་ཀྱི་ཤེས་རིག་སློབ་གསོའི་དྲྭ་ཚིགས་ཇུས་འགོད་པ་རྣམ་རྒྱལ་ལགས་ཀྱིས་འཆད་ཁྲིད་གནང་བ།

ཨ་མདོ་བརྙན་འཕྲིན་ཁང་གི་ཞུས་ཆེན་ལོ་ཙཱ་བ་ཨྱོན་ལགས་ཀྱིས་འཆད་ཁྲིད་གནང་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲྭ་བའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་ལྡོང་དཔལ་རྡོ་ཐར་ལགས་ཀྱིས་འཆད་ཁྲིད་གནང་བ།

མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དང་ཀྲུང་གོ་བོད་ཀྱི་དྲ་བའི་སྤྱི་ཁྱབ་རྩོམ་སྒྲིག་པ་རམས་ཚེ་བྷོ་ལགས་ཀྱིས་འཆད་ཁྲིད་གནང་བ།

དྲྭ་ཚིགས་གསར་འགོད་པའི་ཆེད་ལས་གསོ་སྦྱོང་འཛིན་གྲྭའི་ཡུལ་དངོས།


གསོ་སྦྱོང་ཚོགས་རའི་ཡུལ་དངོས།


ཚོགས་རའི་ཡུལ་དངོས།

ཚོགས་རའི་ཡུལ་དངོས།

དགེ་སློབ་ཡོངས་ཀྱི་མཉམ་པར།

གསར་འགོད་པ།   མཁའ་འགྲོ་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 7 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། kh9n བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ཐོན་མིའི་སློབ་ཚོགས་ཀྱིས་གསོ་སྦྱོང་འཛིན་གྲྭ་བསྡུས་པ།   སྤེལ་མཁན།: བྱང་སྨེ་བདུན། སྤེལ་དུས:2018/10/3
ཡག་པོ་རེད། རེ་བ་ཡོད། ཡིད་ཆེས་ཡོད། ཞལ་དྲོ།
  ཐོན་མིའི་སློབ་ཚོགས་ཀྱིས་གསོ་སྦྱོང་འཛིན་གྲྭ་བསྡུས་པ།   སྤེལ་མཁན།: རྣོ་འབིགས། སྤེལ་དུས:2018/10/3
ཁྱེད་སློབ་གྲྭའི་དགེ་རྒན་འགས་གནམ་ལས་ས་གཞི་མི་མཐོང་བར་གསོ་སྦྱོང་ཞིག་གལ། འ་ལ་ཀུ་རེ་ཡིན་བཛྲ་ས་ཏྭ
  ཐོན་མིའི་སློབ་ཚོགས་ཀྱིས་གསོ་སྦྱོང་འཛིན་གྲྭ་བསྡུས་པ།   སྤེལ་མཁན།:  སྤེལ་དུས:2018/10/3
དེ་དཀའ་རྒྱུ་མེད་ཀི གོ་སྐབས་དང་སློབ་སྦྱོང་བྱས་ན་གསར་འགོད་པའང་མི་རེད་མོ། ཚང་མ་གཅིག་ཡིན།
  ཐོན་མིའི་སློབ་ཚོགས་ཀྱིས་གསོ་སྦྱོང་འཛིན་གྲྭ་བསྡུས་པ།   སྤེལ་མཁན།: རྡོ་རྡོ། སྤེལ་དུས:2018/10/3
གསར་འགོད་པ་བཅའ་རྒྱུ་དཀའ་མོ་རེད། བོད་པ་ཚོས་ཤུ་རེ་བྱོས་དང་རེ་བ་ཡོད་ཆོག་གི
  ཐོན་མིའི་སློབ་ཚོགས་ཀྱིས་གསོ་སྦྱོང་འཛིན་གྲྭ་བསྡུས་པ།   སྤེལ་མཁན།: རྡོ་རྡོ། སྤེལ་དུས:2018/10/3
གསར་འགོད་པ་བཅའ་རྒྱུ་དཀའ་མོ་རེད། བོད་པ་ཚོས་ཤུ་རེ་བྱོས་དང་རེ་བ་ཡོད་ཆོག་གི
  ཐོན་མིའི་སློབ་ཚོགས་ཀྱིས་གསོ་སྦྱོང་འཛིན་གྲྭ་བསྡུས་པ།   སྤེལ་མཁན།: མེ་ཏོག སྤེལ་དུས:2018/10/3
ངོ་མ་ཡག་ལོ་རེད། གོ་སྐབས་འདི་འདྲ་ཡོད་ན་འགྲོ་བསམ་གི
  ཐོན་མིའི་སློབ་ཚོགས་ཀྱིས་གསོ་སྦྱོང་འཛིན་གྲྭ་བསྡུས་པ།   སྤེལ་མཁན།:  གངས སྤེལ་དུས:2018/10/3
བོད་ཀྱི་དྲྭ་ཚིགས་གསར་འགོད་པ་ཚོར་ནད་ཅིག་ཡོད་པ་དེ་བཤུ་འབྲི་ཤུགས་ཆེ་བ། རང་ཉིད་ལ་གསར་བཏོད་མེད་པ་དེ་རེད།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
25440958
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།