དཔའ་བོའི་ལུང་བའི་སློབ་གསོ་དང་རྭ་རྒྱའི་མཐར་ཕྱིན་སློབ་མའི་རླབས་ཆེན་བྱ་བཞག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 1 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »དཔའ་བོའི་ལུང་བའི་སློབ་གསོ་དང་རྭ་རྒྱའི་མཐར་ཕྱིན་སློབ་མའི་རླབས
དཔའ་བོའི་ལུང་བའི་སློབ་གསོ་དང་རྭ་རྒྱའི་མཐར་ཕྱིན་སློབ་མའི་རླབས་ཆེན་བྱ་བཞག
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2018-07-23ལྟ་ཀློག (9201)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དཔའ་བོའི་ལུང་བའི་སློབ་གསོ་དང་ཤེས་རིག་གླིང་གི་མཐར་ཕྱིན་སློབ་མའི་རླབས་ཆེན་གྱི་བྱ་བཞག

     རྒྱུས་ལོན་བྱུང་བ་ལྟར་ན།  སྤྱི་ལོ་༢༠༡༨ལོའི་ཟླ་༧པའི་ཚེས་༢༢ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཚོ་སྔོན་ཞིང་ཆེན་དཔའ་ལུང་ས་ཆའི་ཡུལ་ཕྱོགས་གཅིག་པའི་མཐར་ཕྱིན་སློབ་མས་༢༠༡༨ལོའི་བཱ་ཡན་ས་ཁུལ་གྱི་མཐོ་རྒྱུགས་ཁྲོད་རྒྱུགས་འབྲས་ལེགས་པའི་སློབ་མ་དག་ལ་གཟེངས་བསྟོད་བྱ་འགུལ་སྤེལ་བའི་མཛད་སྒོ་ཞིག་གསེར་གཞུང་ཡུལ་ཚོ་བཀྲ་ཤིས་གཡང་ཁྱིམ་ཚང་ནས་གཟབ་རྒྱས་ངང་འཚོགས་འདུག  ཚོགས་ཐོག་ཏུ་སློབ་གྲོགས་བཅུ་ཕྲག་ལྷག་འཛོམས།  སློབ་གྲོགས་རྒན་པ་དཔའ་ལུང་བ་ཤེས་རབ་རྒྱ་མཚོས་སློབ་མ་དག་ལ་སློབ་སྦྱོང་གི་འདུ་ཤེས་དང་།   མ་འོངས་པའི་དམིགས་འདུན།  ཡུལ་སྲོལ་གོམས་གཤིས་སོགས་ལས་འཕྲོས་ཏེ་ས་གནས་སློབ་གསོ་ལ་འགན་འཁུར་དགོས་པའི་ཁ་བརྡ་གལ་ཆེན་བྱས་པར་མ་ཟད་ཚོགས་གཙོ་དཔལ་འཛིན་གྱིས་སྤྱི་ཚོགས་གནས་བབས་དང་རང་གི་མྱོང་ཚོར་བརྗོད་དེ་སློབ་མ་དག་ལ་རེ་འདུན་དང་བསྐུལ་མ་གནང་།  སློབ་གྲོགས་གཞན་དག་གིས་ཀྱང་རང་རང་གི་མྱོང་ཚོར་དང་ས་གནས་སློབ་གསོའི་སྐོར་ནས་ཁ་བརྡ་བྱས་ཤིང་།   གུང་ཟས་ལ་རོལ་རྗེས་སློབ་མ་དག་ལ་བྱ་དགའི་མཛད་སྒོ་སྤེལ་ཡོད།

     བྱ་དགའ་སྟེར་ཡུལ་གྱི་སློབ་མ་བཅུ་ལ་གཟི་བརྗིད་དཔང་ཡིག་ཅིག་དང་དམངས་སྒོར་སྟོང་གཅིག་ལྷ་དར་ཡུག་གཅིག་བཅས་བྱ་དགའ་གནང་ཞིང་། དེ་དག་ལས་སློབ་མ་མགོན་པོ་སྒྲོལ་མ་དང་འཕགས་མོ་ཚེ་རིང་གཉིས་ཀྱིས་ད་ལོའི་བཱ་ཡན་ས་ཁུལ་གྱི་མཐོ་རྒྱུགས་ཁྲོད་རིག་ཚན་དང་རྩིས་ཚན་གྱི་སྐར་གྲངས་ཆེས་མཐོ་ཤོས་ལོན་ཡོད་པས་ཁོ་གཉིས་ལ་དམིགས་བསལ་གྱིས་གཟེངས་བསྟོད་དང་རྟེན་འབྲེལ་ཞུས་འདུག

     བྱ་འགུལ་སྤེལ་རྗེས་སློབ་གྲོགས་རྣམས་མཉམ་དུ་གནས་ཀྱི་མཆོག་གྱུར་རི་བོ་དན་ཏིག་དགོན་དུ་མཆོད་མཇལ་ལ་སོང་སྟེ་མ་འོངས་པའི་བྱ་བ་མཐའ་དག་གེགས་མེད་ལྷུན་འགྲུབ་ཡོང་པར་གསོལ་འདེབས་དང་སྐྱབས་འཇུག་གནང་ཤིང་།  མཇུག་མཐར་༼ཁོར་ཡུལ་༽རྩྭ་ཐང་ནས་ནུབ་ཟས་ལ་རོལ་རྗེས་ཐེངས་འདིའི་ལས་རིམ་བྱེད་སྒོ་ཡོངས་སུ་རྫོགས་པ་བཀྲ་ཤིས་བདེ་ལེགས་ངང་མཇུག་བསྡུས་ཡོད།


ཚོགས་འདུའི་ཡུལ་དངོས།


སློབ་མ་དག་ལ་གཟེངས་བསྟོད་དང་བྱ་དགའ་གནང་བཞིན་པ།


ད་ལོའི་མཐོ་རྒྱུགས་ཁྲོད་རྒྱུགས་འབྲས་ཆེས་ལེགས་པའི་སློབ་མ་མགོན་པོ་སྒྲོལ་མ་དང་འཕགས་མོ་ཚེ་རིང་།


བྱ་དགའ་ཐོབ་མཁན་གྱི་སློབ་གྲོགས་དག་དང་མཉམ་པར།


    ཤེས་རིག་སློབ་གླིང་གི་ཡུལ་ཕྱོགས་གཅིག་པའི་མཐར་ཕྱིན་སློབ་མ་དང་རེ་བས་བརྟས་པའི་དཔའ་ལུང་གི་གཞོན་རབས་པའི་སྡེ།


ཕུལ་བྱུང་སློབ་མས་རང་གི་མྱོང་ཚོར་དང་བཀའ་དྲིན་ཤིས་ཚིག་སྒྲོག་འདོན་བྱེད་བཞིན་པ།


རྭ་རྒྱ་ཤེས་རིག་སློབ་གླིང་གི་དཔའ་བོའི་ལུང་བའི་མཐར་ཕྱིན་སློབ་མའི་དཔུང་སྡེ།


གནས་མཆོག་རི་བོ་དན་ཏིག་ཏུ་མཇལ་སྐོར་དུ་ཕྱིན་པ།


བརྩེ་འཛུམ་གྱིས་ཁེངས་པའི་མཉམ་འཛོམས་དང་འགྲུལ་བཞུད།


    ཀློག་པ་པོ་ལགས། ཁྱེད་རང་དཔའ་བོའི་ལུང་བར་ཐོན་ཚེ་གནས་མཆོག་རི་བོ་དན་ཏིག་སོགས་ལ་མཇལ་རྒྱུ་མ་བརྗེད།

ཞལ་དྲོ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། mjbp བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  དཔའ་བོའི་ལུང་བའི་སློབ་གསོ་དང་རྭ་རྒྱའི་མཐར་ཕྱིན་སློབ་མའི་རླབས་ཆེན་བྱ་བཞག   སྤེལ་མཁན།: སྟག་ཚང་དོན་འགྲུབ་རིན་ཆེན། སྤེལ་དུས:2018/7/23
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་ངའི་བཱ་ཡན་ཡུལ་ཚོའི་ས་གནས་སློབ་གསོ་ལ་ཐུགས་ཁུར་གནང་བར་བཀའ་དྲིན་ཆེ་ཞུའོ།
  དཔའ་བོའི་ལུང་བའི་སློབ་གསོ་དང་རྭ་རྒྱའི་མཐར་ཕྱིན་སློབ་མའི་རླབས་ཆེན་བྱ་བཞག   སྤེལ་མཁན།: བཀའ་དྲིན་ཆེའོ།། སྤེལ་དུས:2018/7/23
ཁྱེད་རྣམ་ཀྱི་ལྷག་སེམས་དྭངས་མ་ལ་རབ་ཏུ་བཀའ་དྲིན་ཆེ་ཞུའོ།།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
25441010
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།