ནུབ་བྱང་མི་རིགས་སློབ་ཆེན་དུ་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་བཞི་བཅུ་ལྷན་གཅིག་ཏུ་སློབ་མཐར་ཕྱིན་པ།
གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་དགུ་བའི་མཐར་ཕྱིན་འཛིན་གྲྭ་དང་བོ་སྟེ་འཕྲུལ་ལྡེ་ཚང་གི་སློབ་གྲོགས་༣༥དང་། མཐར་ཕྱིན་འཛིན་གྲྭ་གཉིས་པ་སྟེ་བཙན་པོའི་རུ་དཔུང་ཚང་གི་སློབ་གྲོགས་༥༩བཅས་ཁྱོན་འཛིན་གྲྭ་འདི་གཉིས་ཀྱི་སློབ་གྲོགས་༨༤མ་ཡུམ་སློབ་གླིང་ནས་མཐར་ཕྱིན་རྗེས་མུ་མཐུད་དུ་ནུབ་བྱང་མི་རིགས་སློབ་ཆེན་དུ་སློབ་གཉེར་བྱས་ཤིང་། དེ་ལས་མཐར་ཕྱིན་འཛིན་གྲྭ་དང་བོར་སློབ་གྲོགས་༡༥དང་མཐར་ཕྱིན་འཛིན་གྲྭ་གཉིས་པར་གྲོགས་༢༥བཅས་ཁྱོན་སློབ་གྲོགས་༤༠ཡིས་ཆེད་སྦྱོང་བཏོན་རྗེས་སླར་ཡང་དངོས་གཞི་བཏོན་ཏེ་དེ་རིང་ཚང་མ་རྒྱལ་ཁ་དང་གཟི་བརྗིད་ཀྱི་ངང་ནས་སློབ་མཐར་ཕྱིན།
དེ་ལས་སྤྱི་ཟླ་བཞི་བའི་ཚེས་༢༧ཉིན་ནུབ་བྱང་གི་སློབ་ཁུལ་གསར་བར་སློབ་གྲོགས་བདུན་གྱིས་རང་རང་གི་མཐར་ཕྱིན་དཔྱད་རྩོམ་བརྗོད་གཞིར་བཟུང་ནས་དམ་བཅའ་བཞག ཁོ་ཚོ་ཚང་མར་སྨྲ་བརྗོད་དག་ཅིང་སྤོབས་པ་མཐོ་བས་དགེ་སློབ་ཀུན་གྱིས་བསྔགས་བརྗོད་ཀྱི་ཐལ་སྒྲ་དང་བཅས་མཇུག་བསྡུས་པར་རྟེན་འབྲེལ་དང་བཀྲ་ཤིས་བདེ་ལེགས་ཞུ།
ཐེངས་འདིའི་མཐར་ཕྱིན་དམ་བཅའ་འཇོག་མཁན་གྱི་དཔྱད་རྩོམ་ཁ་བྱང་དག་ནི་གཤམ་དུ་བཀོད་པ་ལྟར།
༡ མིང་། ཚེ་བརྟན།
ས་གནས། ཡུལ་ཤུལ་རྫོང་།
དཔྱད་རྩོམ་ཁ་བྱང་། བོད་ཀྱི་རྩོམ་རིག་གི་ཁྱད་ཆོས་དང་དེའི་ཉིང་དགོས་རགས་ཙམ་གླེང་བ།
༢མིང་། ཚེ་རིང་ལོ་བརྒྱ།
ས་གནས། སི་ཁྲོན་རྔ་བའི་སྒོ་མང།
དཔྱད་རྩོམ་ཁ་བྱང་། བོད་ཀྱི་ལོ་རྒྱུས་ཡིག་ཚང་དང་འབྲེལ་ནས་བོད་སིལ་བུར་འཐོར་བའི་འབྱུང་རྐྱེན་རོབ་ཙམ་གླེང་བ།
༣མིང་། བཀྲ་ཤིས་དབང་གྲགས།
ས་གནས། ཡུལ་ཤུལ་ནང་ཆེན།
དཔྱད་རྩོམ་ཁ་བྱང་། འུ་དུམ་བཙན་པོའི་སྐོར་རགས་ཙམ་གླེང་བ།
༤ མིང་། དམེ་གསུང་རབ།
ས་གནས། མགོ་ལོག་དགའ་བདེ་གཙང་ཞོལ།
དཔྱད་རྩོམ་ཁ་བྱང་། བོད་ཀྱི་ཚད་མ་རིག་པ་དང་དེའི་ཁྱད་ཆོས་ལ་རགས་ཙམ་དཔྱད་པ།
༥མིང་། བདེ་ལྡན།
ས་གནས། མགོ་ལོག་རྟ་བོའི་སྡོམ་ཁོག
དཔྱད་རྩོམ་ཁ་བྱང་། མགོ་ལོག་སྦྲ་ནག་ཚོ་དྲུག་གི་འདས་མཆོད་སྒྲུབ་སྟངས་དང་འདས་མཆོད་སྨོན་ལམ་ལ་དཔྱད་པ།
༦ མིང་། ཚེ་རིང་དོན་གྲུབ།
ས་གནས། རྟ་བོ་སྡོམ་ཁོག
དཔྱད་རྩོམ་ཁ་བྱང་། རིག་གནས་ཆུང་བ་ལྔའི་ཡ་གྱལ་སྙན་ངག་ཅེས་པའི་ཐ་སྙད་ཀྱི་གོ་དོན་སྐོར་རགས་ཙམ་གླེང་བ།
འཛིན་བདག་དགེ་རྒན་དང་ལྷན་དུ་སྒྲོན་པའི་མཉམ་པར།
རེ་བ་དང་ཡིད་ཆེས་ཀྱི་ཀི་སྒྲ།

དགེ་སློབ་ཡོངས་ཀྱི་མཐར་ཕྱིན་དྲན་རྟེན་མཉམ་པར།
རྒྱལ་ཁའི་མཉམ་པར།
རྒྱལ་ཁའི་མཉམ་པར།

ཤེས་བྱའི་མཁའ་ལམ་ཡངས་མོར་བརྩོན་པའི་གཤོག་ཟུང་བརྐྱངས་ཏེ། །
རིག་གཞུང་བདུད་རྩིའི་གཏེར་ལ་འཛད་མེད་ལོངས་སུ་སྤྱོད་པའི། །
ནོར་བུའི་འོད་མདངས་འདི་ཀོ་སློབ་གྲོགས་ཁྱེད་ཚོར་འཐིམ་ཡོད། །
གླིང་བཞིའི་གཙུག་གི་ཉིན་བྱེད་ཁ་བའི་ལྗོངས་ལ་བསྐྲུན་དགོས། །
གསར་འགོད་པ་ཀླུ་སྨྱོན་ཨ་ཙ་རས་༢༠༡༨/༤/༡༨ཉིན་སྤོས་ལྡན་གྲོང་ནས་བྲིས།
|